དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཇུས་འགོད་སྔ་ཙམ་དང་། སློབ་སྦྱོང་གཏིང་ཟབ། ལས་སྒྲུབ་ཏན་ཏིག

    རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་དྲུང་ཆེ་གཞོན་པ་དང་། རིག་གནས་ལོ་རྒྱུས་དང་སློབ་སྦྱོང་ཨུ་ལྷན་གྱི་ཀྲུའུ་རེན། ཝང་ཤིན་ཧུའེ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-06-09

    བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཚུན། ཏང་ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་གཞིར་བཟུང་། ལྗོངས་ཏང་ཨུད་སྐོར་སྐྱོད་མཛུབ་ཁྲིད་ཚོགས་ཆུང་དང་པོའི་མཛུབ་ཁྲིད་ཞིབ་ཚགས་འོག རང་སྐྱོང་ལྗོངས་སྲིད་གྲོས་གཞུང་དོན་ཐིང་གིས་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་སྤེལ་བ་དང་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་སྲིད་གྲོས་ཀྱི་ལས་དོན་ལ་བཏོན་པའི“བླང་བྱ་ཁག་ལྔ”ཡི་ལག་བསྟར་དོན་འཁྱོལ་ཕན་ཚུན་ཟུང་འབྲེལ་དམ་ཟབ་བྱས་ནས། “སྔོན་ཆུད”ལ་སྣང་ཆེན་དང་། “ཁྱད་ཆོས”འབུར་ཐོན། “དབྱེ་འབྱེད་ངོས་འཛིན”ལ་སྟངས་འཛིན་བཅས་བྱས་ཁར། ཇུས་འགོད་སྔ་ཙམ་དང་། སློབ་སྦྱོང་གཏིང་ཟབ། ལས་སྒྲུབ་ཏན་ཏིག་བཅས་ལ་ཤུགས་སྣོན་བརྒྱབ་སྟེ། བརྗོད་དོན་གཙོ་བོའི་སློབ་གསོར་རྒྱུན་ཆད་མེད་པར་ཕན་འབྲས་གསར་པ་ཐོན་པར་སྐུལ་འདེད་བཏང་ཡོད།

    གོང་གིས་འོག་ལ་སྣེ་ཁྲིད་དེ་གནས་ཚད་མཐོ་པོ་དང་འགོ་འཛུཌ་ས་མཐོ་པོ་ནས་བཀོད་སྒྲིག་དང་སྐུལ་འདེད་བཏང་བ། ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་ལས་དོན་ཚོགས་འདུ་འཚོགས་རྗེས། རང་སྐྱོང་ལྗོངས་སྲིད་གྲོས་ཀྱིས་ལམ་སེང་བརྒྱུད་བསྒྲགས་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་བྱས་ཏེ། “ཚད་མཐོའི་མཐོང་ཆེན་དང་། ཚད་གཞི་དང་ཡང་ཡང་བསྡུར་བ། གནད་དོན་ལ་ཐད་ཀར་དམིགས་པ། དམ་འཛིན་ཏན་ཏིག སྤུས་ལེགས་ནུས་ཆེ་བཅས་ཏན་ཏིག་ཐུབ་པར་བྱས་ནས་བརྗོད་དོན་གཙོ་བོའི་སློབ་གསོ་ལྗོངས་ཡོངས་ཀྱི་མདུན་གྲལ་དུ་སླེབས་པའི”དམིགས་ཚད་བླང་བྱ་ཁ་གསལ་བཏོན་ཡོད། བརྗོད་དོན་གཙོ་བོའི་སློབ་གསོའི་ལག་བསྟར་ཇུས་གཞི་དུས་ཐོག་ཏུ་ཞིབ་འཇུག་བྱས་ནས་བཟོས་པ་དང་། རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའུ་དང་། དེ་བཞིན་ལས་ཁུངས་ཀྱི་ཏང་ཙུའུ་དང་ཆེད་དོན་ཨུ་ལྷན་ཁག་གི་ཡན་ལག་ཏང་ཙུའུ་ཡི“ལས་ཀའི་ཇུས་གཞི”9ཞིབ་འཇུག་བྱས་ནས་བཟོས་ཏེ། བརྗོད་དོན་གཙོ་བོའི་སློབ་གསོའི་ལས་འགན་གྱི་གསལ་ཐོ་ཞིབ་ཚགས་སུ་བཏང་ཞིང་། “དུས་ཚོད་རེའུ་མིག”དང་། “ལས་འགན་ཡི་གེ” “ལས་རིམ་པར་རིས”བཅས་བཟོས་པ་དང་། རིམ་པ་གཅིག་གིས་རིམ་པ་གཅིག་ལ་དམ་འཛིན་དང་རིམ་པ་རེ་རེ་བཞིན་དོན་འཁྱོལ་བྱས་ཏེ་སྔ་ཙམ་སྐུལ་སློང་དང་། སྔ་ཙམ་བཀོད་སྒྲིག སྔ་ཙམ་ལག་བསྟར་བཅས་བྱས་ནས་བརྗོད་དོན་གཙོ་བོའི་སློབ་གསོར་མགྱོགས་མྱུར་ཚ་རླབས་འཕྱུར་བར་བྱས་ཡོད།

    སློབ་སྦྱོང་རྨང་གཞིར་བཟུང་ནས་རིགས་པའི་གཞུང་ལུགས་ཀྱི་སྙིང་བཅུད་ཟབ་སྦྱོང་མཐིལ་རྟོགས་བྱས་པ། “དགོངས་པ་སློབ་སྦྱོང་དང་ཏང་གཤིས་བརྟན་གཏོང”མཐའ་འཁྱོངས་བྱས་ཁར། མ་རྩོམ་ལྟ་བ་དང་། མ་ཡིག་སྦྱོང་བ། མ་དོན་རྟོགས་པ་བཅས་བྱས་ཡོད། འགོ་ཁྲིད་ཀྱིས་སྣེ་ཁྲིད་དེ་སློབ་སྦྱོང་དང་། མི་སྒེར་གྱིས་རང་སྦྱོང་། ཀྲི་པུའུ་ཡིས་མཉམ་སྦྱོང་། རིམ་པ་ཕྱེ་ནས་ཞིབ་འཇུག་དང་སློབ་སྦྱོང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ཚོགས་ཆུང་8ཀྱིས་སློབ་སྦྱོང་ལ་སྣེ་ཁྲིད་དང་། “སྲིད་གྲོས་སློབ་ཁང”གིས་སློབ་སྦྱོང་ལ་ཁྲིད་སྟོན། “དཔེ་ཆ་བའི་སྲིད་གྲོས”ཀྱིས་མཉམ་དུ་སློབ་སྦྱོང་། “དཔེ་ཀློག་འཛིན་གྲྭས”གཅིག་སྡུད་རང་སྦྱོང་བཅས“སྦྱོང་སྟངས་བརྒྱད་མཉམ་སྒུལ”གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་བ་དང་། འབྲེལ་ཡོད་སློབ་སྦྱོང་དང་དྲིལ་བསྒྲགས་ཀྱི་ལས་སྟེགས་ཡག་པོ་སྤྱད་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཏང་གི་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ཡག་པོ་སྒྲུབ་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་དང་། མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན། བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་བཅས་དང་དེ་བཞིན་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་དགོངས་དོན་གྱི་ངོ་བོ་དང་། དོན་སྙིང་གཙོ་བོ། ལག་ལེན་གྱི་བླང་བྱ་བཅས་གཙོ་གནད་སློབ་སྦྱོང་དང་ཁོང་དུ་ཆུད་པར་བྱས་ཡོད།

    དོན་དངོས་གཙོ་བོར་བཟུང་སྟེ་སྦྱངས་པ་གོ་ཆོད་དང་ཤེས་སྦྱོར་གཅིག་མཐུན་ཡོང་བར་བྱས་པ། གཅིག་ནི་སེམས་ཤུགས་གཅིག་སྒྲིལ་གྱིས་གྲོས་མོལ་ལ་དམ་འཛིན་བྱས་ཤིང་། ལོ་འཁོར་གྱི་གྲོས་མོལ་འཆར་གཞི་དང《རང་སྐྱོང་ལྗོངས་ཏང་ཨུད་ཀྱི“བླང་བྱ་ཁག་ལྔ”དོན་འཁྱོལ་ནན་ཏན་བྱས་ཏེ་སྲིད་གྲོས་ཀྱི་ལས་དོན་ཐད“མཐོར་གཏོང་གསར་པ་ལྔ”མངོན་འགྱུར་ཧུར་ཐག་བྱེད་རྒྱུའི་སྐོར་གྱི་ལག་བསྟར་ཇུས་གཞི》བཟོས་ནས་ལག་ལེན་བསྟར་བ་དང་། ཞིང་འབྲོག་ཁུལ་དང་། སྡེ་ཁུལ། ཁེ་ལས། སྨན་ཁང་། སློབ་གྲྭ།“གསར་གཉིས”རྩ་འཛུགས་སོགས་ལ་བརྟག་ཞིབ་ཐེངས་21བྱས་པ་དང་། ས་ཁུལ་དང་གྲོང་ཁྱེར་དང་ལྗོངས་ཐད་གཏོགས་སྡེ་ཚན་དུ་བཞུགས་མོལ་སྤེལ་རེས་ཐེངས་18བྱས་ཏེ། ཉམས་མྱོང་དང་བྱ་ཐབས་ཁག70ལྷག་ཙམ་དང་། བསམ་འཆར་དང་གྲོས་འགོ་ཁག་120ལྷག་ཙམ་བཏོན་ལ། ཞིང་ཆེན་རིམ་པའི་འགོ་ཁྲིད་ཀྱིས་སྣེ་ཁྲིད་དེ་དག་ཐེར་དང་བཅོས་སྒྲིག་བྱས་པའི་གནད་དོན་གྱི་གསལ་ཐོ་9དང་བརྟག་ཞིབ་སྙན་སེང་8བྲིས་ཡོད། གཉིས་ནི་མིག་མཐོང་ལག་ཟིན་ཐུབ་པའི་གཏམ་རྒྱུད་བཤད་ཅིང་། ཨུ་ཡོན་གྱིས་ལས་རིགས་ཁག་གི་མང་ཚོགས་དང་འབྲེལ་གཏུག་གི་བྱ་ཐབས་ལ་བཟོ་བཅོས་བརྒྱབ་པ་དང་། 《ལྗོངས་ཡོངས་ཀྱི་སྲིད་གྲོས་ཀྱི་ཨུ་ཡོན་ལ“ཨུ་ཡོན་གྱི་གཏམ་རྒྱུད”དང“བོད་ཀྱི་གཏམ་རྒྱུད”ཡག་པོ་ཤོད་པའི་ལས་དོན་ཇུས་གཞི》བཟོས་ལ། ཨུ་ཡོན་ལ《“གཅིག་བྱས་པ་བཞིའི”བྱེད་སྒོ་སྤེལ་རྒྱུའི་སྐོར་གྱི་བརྡ་ཐོ》བཏང་སྟེ་སྲིད་གྲོས་ཨུ་ཡོན་མི་རེ་ངོ་རེས་ཉུང་མཐར་ཡང་གྲོས་གཞི་1དང་། སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་བསམ་འདུན་མཚོན་པའི་ཆ་འཕྲིན་1 ཨུ་ཡོན་གྱི་གཏམ་རྒྱུད་1 སློབ་སྦྱོང་གི་མྱོང་ཚོར་1བཅས་འབྲི་དགོས་པ་ཁ་གསལ་བཏོན་ཡོད། གསུམ་ནི་བློ་གཅིག་སེམས་གཅིག་གིས་གྲོགས་པོ་བསྒྲིགས་ཤིང་། རྒྱུན་དུ་འདྲི་རྟོཌ་བྱེད་པ་དང་། འཚམས་འདྲི་ཡང་ཡང་བྱེད་པ། འབྲེལ་གཏུག་ཐེངས་མང་བྱེད་པ་བཅས་ཀྱི་བྱ་ཐབས་སྤྱད་དེ། “འབྲེལ་གཏུག་བཞིའི”ལམ་སྲོལ་གསར་གཏོད་བྱས་ནས་ཏང་ཡོན་ཨུ་ཡོན་དང་ཏང་ཕྱིའི་ཨུ་ཡོན་དང་། སྲིད་གྲོས་ལས་བྱེད་པ་དང་སྲིད་གྲོས་ཨུ་ཡོན། ཨུ་ཡོན་དང་ཨུ་ཡོན། ཨུ་ཡོན་དང་ལས་རིགས་ཁག་གི་མང་ཚོགས་བཅས་འབྲེལ་གཏུག་བྱེད་པའི་ཆ་སྒྲིག་1800ལྷག་ཙམ་བྱས་ཡོད། བཞི་ནི་སེམས་ནུས་ཡོད་རྒུ་བཏོན་ནས་བྱ་བ་དངོས་བསྒྲུབས་ཤིང་། བློ་གཅིག་སེམས་གཅིག་གིས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པ་དང་། ཨུ་ཡོན་ལ་བྱ་བ་དངོས་སྒྲུབ་པ། ལས་བྱེད་པར་བྱ་བ་དངོས་སྒྲུབ་པ་བཅས་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།