ཟབ་སྦྱོང་མཐིལ་རྟོགས་དང་ལས་དོན་ཏན་ཏིག་བསྒྲུབས་ཏེ་ཚད་གཞི་དང་སྤུས་ཚད་མཐོ་པོས་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བ།
རང་སྐྱོང་ལྗོངས་ནོར་སྲིད་ཐིང་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་ཐིང་ཀྲང་། དབྱིན་ལི་ཕུང་།
བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བ་ནས་བཟུང་། ཏང་ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་གཞིར་བཟུང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་གཞུང་དོན་ཁང་དང་སྐོར་སྐྱོད་མཛུབ་ཁྲིད་ཚོགས་ཆུང་དྲུག་པའི་མཛུབ་ཁྲིད་ཞིབ་ཚགས་འོག རང་སྐྱོང་ལྗོངས་ནོར་སྲིད་ཐིང་གིས་ཚད་གཞི་དང་སྤུས་ཚད་མཐོ་པོས་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཏེ་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་དང་ཏན་ཏིག་སྤེལ་བར་སྐུལ་འདེད་ཟམ་མི་ཆད་པར་བཏང་ཡོད།
འགན་འཁྲི་ནན་དུ་བཏང་བ་དང་རྩ་འཛུགས་ཀྱི་འགན་ལེན་ལ་ཤུགས་སྣོན་བརྒྱབ་པ། ལྗོངས་ནོར་སྲིད་ཐིང་གིས་རྩ་འཛུགས་ཀྱི་འགན་ལེན་ལ་ཤུགས་སྣོན་བརྒྱབ་ནས་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བ་ཐིང་ཡོངས་ཀྱི་མངོན་གསལ་དོད་ཤོས་ཀྱི་གནས་བབ་ཏུ་བཞག་ནས་འཆར་འགོད་དང་དོན་འཁྱོལ་ལ་སྐུལ་འདེད་བཏང་ཡོད། གཅིག་ནས་བྱེད་པོའི་འགན་འཁྲི་མཐའ་གཅིག་ཏུ་བསྒྲུབས་ཤིང་། འགོ་ཁྲིད་ཚོགས་ཆུང་བཙུགས་ནས་ལག་བསྟར་ཇུས་གཞི་བཟོས་ཏེ་གཙོ་གནད་ལས་འགན་ཁག་31ཁག་བགོས་ཞིབ་ཚགས་བྱས་ཏེ་འཆར་འགོད་བཟོས་ནས་ལས་དོན་སྒྲུབ་པ་དང་སྐུལ་འདེད་ཤུགས་ཆེན་བཏང་ཡོད། གཉིས་ནས་ཕྱོགས་གཉིས་ཀྱི་ནུས་པ་ཡག་པོ་བཏོན་ཅིང་། གཞི་རིམ་རྩ་འཛུགས་ལ་དམ་འཛིན་ནན་པོ་བྱས་ཏེ། “ཁྲུའུ་དང་ཁང་དུ་ཀྲི་པུའུ་བསྐྲུན་པ་དང་། ཁྲུའུ་དང་ཁང་རེ་ལ་ཀྲི་པུའུ་རེ་ཡོད་པའི”རྩ་དོན་གཞིགས་བཟུང་ཏང་ཀྲི་པུའུ་ཡང་བསྐྱར་བཀོད་སྒྲིག་བྱས་ཏེ་བརྗོད་དོན་གཙོ་བོའི་སློབ་གསོ་དང་། ཀྲི་པུའུ་ཡི་ཏང་འཛུགས་སྐྱོང་། ཁྲུའུ་དང་ཁང་གི་ལས་སྒོ་བཅས་ལ་མཉམ་དུ་སྐུལ་འདེད་གཏོང་བ་དང་དཔྱད་ཞིབ་ཐུབ་པར་བྱས་ཡོད། གསུམ་ནས་འབྲེལ་མཐུད་མཉམ་འདྲེས་ལ་སྐུལ་འདེད་ཤུགས་ཆེན་བཏང་ཞིང་། བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བ་ཏང་འཛུགས་སྐྱོང་ལ་དམ་འཛིན་དང་། ལས་སྒོར་དམ་འཛིན། སྤྱོད་ཚུལ་ལ་དམ་འཛིན། ནང་ཁུལ་ཚོད་འཛིན་ལ་དམ་འཛིན་སོགས་ཀྱི་ལས་སྒོ་གཙོ་བོ་དང་ཟུང་འབྲེལ་ནུས་ལྡན་བྱས་ཁར། ལྔ་བཞི་གཞོན་ནུའི་བཞུགས་མོལ་ཚོགས་འདུ་དང་། “5·23”བོད་ཞི་བས་བཅིངས་འགྲོལ་བཏང་བའི་བརྗོད་དོན་གཙོ་བོའི་སྒྲོག་འགྲེལ། “དྲུག་གཅིག་ནོར་སྲིད་ནོར་ནོར·གསར་བརྗེའི་ཁྲག་རྒྱུན་རྒྱུན་མཐུད”སོགས་ཀྱི་རྣམ་པ་བརྒྱུད་བརྗོད་དོན་གཙོ་བོའི་སློབ་གསོ་དུས་ཆེན་གལ་ཆེན་དང་མཚམས་ཚིགས་གལ་ཆེན་གྱི་བྱེད་སྒོ་ཁག་དང་མཉམ་འདྲེས་བྱས་ཡོད།
ཟབ་སྦྱོང་མཐིལ་རྟོགས་བྱས་ནས་རིགས་པའི་གཞུང་ལུགས་སློབ་སྦྱོང་ལ་ཤུགས་སྣོན་བརྒྱབ་པ། ལྗོངས་ནོར་སྲིད་ཐིང་གིས“བྱེད་ཐབས་བཞིའི”སློབ་སྦྱོང་དང་དམ་འཛིན་བྱེད་སར་བྱས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་གཏིང་ཟབ་དང་ཏན་ཏིག་ཡོང་བར་སྐུལ་འདེད་བཏང་ཡོད། གཅིག་ནས“ཁྲིད་སྟོན་རྣམ་པའི”སློབ་སྦྱོང་བྱས་ཤིང་། ཀྲུའུ་ཞི་གཞོན་པ་ལང་ཧྥུ་ཁོན་གྱིས་ཆེད་དོན་ཟུར་ཁྲིད་སྙན་ཞུ་གནང་བ་དང་། ཐིང་གི་འགོ་ཁྲིད་གཙོ་བོས་ཉིན་ལྟར་སྐད་འཕྲིན་ཚོགས་པར《ཞི་ཅིན་ཕིང་གི་གསུང་རྩོམ་བདམས་བསྒྲིགས་ཀློག་དེབ》སོགས་ཚད་ལྡན་ཡིག་ཆ་སྣེ་ཁྲིད་ནས་སློབ་སྦྱོང་མཐའ་འཁྱོངས་བྱས་ཡོད། གཉིས་ནས“དབྱིངས་ལ་ཚུད་པའི་རྣམ་པའི”སློབ་སྦྱོང་བྱས་ཤིང་། གཟའ་འཁོར་གཉིས་རེར“རང་སྦྱོང་བྱས་ནས་ཤེས་ཡོན་འཕེལ་བའི”བྱེད་སྒོ་སྤེལ་བ་དང་། ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་གྱིས་གཅིག་སྡུད་སློབ་སྦྱོང་བྱས་ནས་སློབ་སྦྱོང་གི་རྣམ་པ་ཟབ་མོ་བཏོད་ཡོད། གསུམ་ནས“ཚད་གཞིར་ལྟ་སྡུར་རྣམ་པའི”སློབ་སྦྱོང་བྱས་ཤིང་། “4+4+2+N”ཡི་གཙོ་གནད་སློབ་སྦྱོང་ནང་དོན་བཟོས་ནས་ངེས་སྦྱོང་དཔེ་དེབ་དང་འདེམས་སྦྱོང་དཔེ་དེབ་ཀྱི་རྨང་གཞིའི་ཐོག་བོད་ཀྱི་ལས་དོན་དང་ནོར་སྲིད་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་ལེགས་སྒྲིག་དང་། ཀྲི་པུའུ་ཁག་གིས་ཁ་གཏད་ཁྱབ་ཁོངས་གཞིར་བཟུང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་རྣམ་བཤད་གལ་ཆེན་གསེད་བཀྲོལ་དང་སློབ་སྦྱོང་བྱེད་པའི་སྒྲིག་འཛུགས་བྱས་ནས། ཚད་གཞིར་ལྟ་སྡུར་གྱིས་སློབ་སྦྱོང་དང་ལས་དོན་སྒྲུབ་སྟངས་ལེགས་སུ་བཏང་ཡོད།
སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་བཏང་ཞིང་། ལྗོངས་ནོར་སྲིད་ཐིང་གིས་རང་སྐྱོང་ལྗོངས་ཀྱི་བྱ་གཞག་གི་སྤྱི་ཡོངས་དང་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་བཏོན་གནང་བའི“དངུལ་རག་ཐབས་བྱེད་པ་དང་། དངུལ་ཡག་པོ་སྤྱོད་པ། དངུལ་ལ་དོ་དམ་ཡག་པོ་བྱེད་པ”བཅས་ཀྱི་ལས་ཀའི་བླང་བྱར་དམ་པོར་དམིཌ་ནས་འགན་འཁུར་དངོས་སྒྲུབ་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད། གཅིག་ནས“དངུལ་རག་ཐབས་བྱེད་པའི”ཐད་ལ་འབད་བརྩོན་བྱས་ནས་ཕན་འབྲས་དངོས་ཐོན་པར་བྱས་ཤིང་། ནོར་སྲིད་པུའུ་ལ་གོང་ཞུ་འབྲེལ་མཐུད་ཧུར་ཐག་བྱས་ནས་འགྱིག་བལ་གྲོང་ཁྱེར་གྱི་ཚོད་ལྟའི་ཐོབ་ཐང་དང་། མཐའ་མཚམས་ཀྱི་སྤོ་སྒྱུར་གཏོང་སྤྲོད་དང་རིམས་ནད་ཀྱི་ཁ་གསབ་མ་དངུལ་སོགས་ཀྱི་ཐད་ནས་གཟིགས་སྐྱོང་དང་རྒྱབ་སྐྱོར་འཐོབ་ཐབས་བྱས་ཡོད། གཉིས་ནས“དངུལ་བེད་སྤྱོད་ཡག་པོ་བྱེད་པའི”ཐད་འབད་བརྩོན་བྱས་ནས་ཕན་འབྲས་དངོས་ཐོན་པར་བྱས་ཤིང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ། ནོར་སྲིད་ཀྱི་ཐབས་ལམ་སྣ་ཚོགས་དང་ནོར་སྲིད་དང་དངུལ་རྩ་མཐུན་སྦྱོར་སོགས་ཀྱི་ཐད་ནོར་སྲིད་ཀྱིས་ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་རབ་དང་རིམ་པ་ཞིབ་འཇུག་བྱས་ནས་བཏོན་ཡོད། མི་དམངས་མང་ཚོགས་ཀྱི“འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག”བཅས་ཀྱི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས་ཡོད་དེ། དཔེར་ན་དམངས་འཚོའི་དོན་དངོས་21ལ་མ་དངུལ་སྒོར་དུང་ཕྱུར་128བཀོད་སྒྲིག་བྱས་ཏེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོ་འགན་བཅོལ་སོགས་དམངས་འཚོའི་ཚད་གཞི་12མཐོ་རུ་བཏང་ཡོད། ཟླ་དང་པོ་ནས་བཞི་པའི་བར་ལྗོངས་ཡོངས་ཀྱི་ནོར་སྲིད་ཡོང་འབབ་དུས་མཚུངས་ལས་30%འཕར་བ་དང་གཏོང་སྒོ་དུས་མཚུངས་ལས་15.3%འཕར་ནས་ལོ་ཧྲིལ་པོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྨང་གཞི་བཟང་པོ་བཏིང་ཡོད། གསུམ་ནས“དངུལ་ལ་དོ་དམ་ཡག་པོ་བྱེད་པའི”ཐད་འབད་བརྩོན་བྱས་ནས་ཕན་འབྲས་དངོས་ཐོན་པར་བྱས་ཤིང་། ལས་རྗེས་སྔོན་རྩིས་དང་། ཀླད་གོར་རྨང་གཞིའི་སྔོན་རྩིས། སྔོན་རྩིས་བཅས་གཞི་གཅིག་ཅན་གྱི“2+1”ནོར་སྲིད་དོ་དམ་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་བོད་ཀྱི་ཁྱད་ཆོས་ལྡན་པའི་དེང་རབས་ཀྱི་ནོར་སྲིད་དོ་དམ་མ་ལག་གང་མགྱོགས་བཙུགས་ཡོད། ནོར་སྲིད་ཀྱི་ཉེན་ཁ་འགོག་ཟོན་དང་སེལ་ཐབས་ཧུར་ཐག་བྱས་པས་ལྗོངས་ཡོངས་སུ“འགན་ལེན་གསུམ”གྱི་ཉེན་ཁའི་དོན་རྐྱེན་གཅིག་ཀྱང་ཐོན་མེད། ཏང་ཀྲུང་དབྱང་གི་ནོར་དོན་རྩིས་གཉེར་གྱི་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པའི་བསམ་འཆར་ལག་བསྟར་བྱས་ཏེ། ནོར་དོན་རྩིས་གཉེར་གྱི་ལྟ་སྐུལ་ཆེད་དོན་བྱ་སྤྱོད་ལ་སྐུལ་འདེད་ཏན་ཏིག་བཏང་ཡོད།