དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བསམ་བློའི་ཁྲིད་སྟོན་འབུར་དུ་ཐོན་པ་བྱས་ཏེ་གཙོ་གནད་དང་ཟུང་འབྲེལ་ཡག་པོ་བྱས་ནས་བརྗོད་དོན་གཙོ་བོའི་སློབ་གསོའི“དམངས་འཚོའི་རྒྱུགས་ལན”ཡག་པོ་ཞིག་ཕུལ་བ།

    རང་སྐྱོང་ལྗོངས་མི་སྤྱི་ཐིང་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་དང་ཐིང་ཀྲང་། འཕྲིན་ལས་ཉི་མ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-06-09

    ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གྱི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཚུན། རང་སྐྱོང་ལྗོངས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོ་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་དང་སྐོར་སྐྱོད་མཛུབ་ཁྲིད་ཚོགས་ཆུང་ཁག་བདུན་པའི་ཤུགས་ཆེའི་མཛུབ་ཁྲིད་འོག ལྗོངས་མི་སྤྱི་ཐིང་གིས“དགོངས་དོན་སློབ་སྦྱོང་དང་། ཏང་གཤིས་ལ་ཤུགས་སྣོན། ལག་ལེན་ལ་མཐོང་ཆེན། བྱས་རྗེས་གསར་པ་འཇོག་པ”བཅས་ཀྱི་སྤྱིའི་བླང་བྱ་ཁོང་དུ་བརྟན་པོ་ཆུད་པ་བྱེད་པ་དང་། གཙོ་གནད་བྱ་ཐབས་དྲུག་ལ་གཅིག་གྱུར་ཐོག་སྐུལ་འདེད་གཏོང་བ། གཙོ་གནད་དང་ཟུང་འབྲེལ་གྱི་ལས་དོན་ཡག་པོ་སྒྲུབ་པ། བྱ་གཞག་འཕེལ་རྒྱས་དང་མི་དམངས་མང་ཚོགས་ལ་ཕན་འབྲས་གང་འདྲ་ཐོབ་མིན་གྱི་གྲུབ་འབྲས་དངོས་ལ་གཞིགས་ཏེ། བརྗོད་དོན་གཙོ་བོའི་སློབ་གསོའི་རིན་ཐང་ལ་ཚད་འཇལ་བྱས་ནས། བརྗོད་དོན་གཙོ་བོའི་སློབ་གསོའི“དམངས་འཚོའི་རྒྱུགས་ལན”ཡག་པོ་ཞིག་ཕུལ་ཡོད།

    ལག་ལེན་དང་ཟུང་འབྲེལ་གྱིས“སློབ་སྦྱོང”བྱས་ནས་ལྷག་བསམ་ཟོལ་མེད་ཀྱིས་འགན་འཁྲི་འཁུར་ཤེས་པ་བྱས་པ། དགོངས་དོན་སློབ་སྦྱོང་དང་ཏང་གཤིས་ལ་ཤུགས་སྣོན་གྱི་རྣམ་པ་བཟང་པོ་ཞིག་བཏོད་ནས། ཆབ་སྲིད་ལས་ཁུངས་ཀྱི་འདུ་ཤེས་སློབ་གསོ་དང་། ཕུགས་བསམ་དང་དད་སེམས་ཀྱི་སློབ་གསོ། ཏང་ལ་བློ་དཀར་སེམས་དཀར་གྱི་སློབ་གསོ་བཅས་སློབ་སྦྱོང་སློབ་གསོའི་ནང་དོན་གཙོ་བོར་བརྩིས་ཡོད། རིགས་པའི་གཞུང་ལུགས་ལག་ལེན་དུ་འཁྱོལ་བ་དང་ལག་ལེན་ལ་མཛུབ་ཁྲིད་བྱེད་ཤུགས་མངོན་གསལ་དོད་པོ་ཡོང་བར་བྱས་ནས། གསར་གཏོད་རང་བཞིན་གྱིས“ཉིན་རེར་ཞི་ཅིན་ཕིང་གི་གསུང་བཤད་རེ་སྦྱོང་བའི”སློབ་སྦྱོང་ཆེད་སྒྲིག་ལེ་ཚན་བཏོད་པ་དང་། མི་སྤྱིའི་ལས་དོན་སྐོར་གྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ལེགས་བཤད”ལ་རྒྱུད་རིམ་ལྡན་པའི་ངང་གསེད་བཀྲོལ་དང་། ནང་དོན་གྱི་སྙིང་བཅུད་གསལ་འགྲེལ། ལག་ལེན་གྱི་བླང་བྱ་འདོན་པ་བཅས་བྱས་ཏེ། ལས་བྱེད་ལས་བཟོ་བས“རྟོགས་ཐུབ་པ་དང་། བློ་ལ་འཇགས་པ། སྦྱོང་ཐུབ་པ། སྤྱོད་ཐུབ་པ” བཅས་བྱས་ཡོད། དཔེ་ཀློག་འཛིན་གྲྭས་བཀླག་དགོས་ངེས་ཀྱི་དཔེ་དེབ་ཚང་མར་སློབ་སྦྱོང་བྱས་པའི་རྨང་གཞིའི་ཐོག་ལས་ཞུགས་ལས་གཏོད་དང་། སྤྱི་ཚོགས་འགན་བཅོལ། ངལ་རྩོལ་འབྲེལ་བ། ཤེས་ལྡན་པའི་ལས་དོན། ལག་ཤེས་བཟོ་པའི་སློབ་གསོ་བཅས་ཀྱི་ཆེད་དོན་དཔེ་ཀློག་འཛིན་གྲྭ་5སོ་སོར་གཉེར་ཡོད།

    གནད་དོན་དང་ཟུང་འབྲེལ་བྱས་ནས“དག་ཐེར”བྱས་ཏེ་བྱ་གཞག་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་བ། གནད་དོན་གྱི་སྟོན་ཕྱོགས་དང་དམིགས་ཚད་སྟོན་ཕྱོགས་མངོན་གསལ་དོད་པོ་ཡོང་བར་བྱས་པ། “གནད་དོན་ལ་དག་ཐེར་ཡོ་བསྲང་བྱེད་པའི་གསལ་ཐོའི་མཛོད”བཙུགས་ཏེ། ལྷག་བསྡད་པའི་གནད་དོན་འཚོལ་བཤེར་བྱས་ནས“མཛོད་དུ་འཇུག་པ”ནས་དག་ཐེར་ཡོ་བསྲང་ལེགས་གྲུབ་བྱུང་རྗེས“མཛོད་ནས་འདོན་པའི”བརྒྱུད་རིམ་ཧྲིལ་པོར་རྗེས་འདེད་བྱས་ཡོད། མིག་སྔར“མཛོད་དུ་བཅུག་པའི”གནད་དོན་ཁག་13ཡོད་པའི་ཁྲོད་ནས་ཁག་2དག་ཐེར་བྱས་ཟིན་པ་དང་། “སྤྱི་ཚོགས་འགན་བཅོལ་གྱི་ཐོབ་ཐང་ལེན་པའི་ཐོབ་ཐང་གི་བདེན་དཔང་ར་སྤྲོད་བྱེད་སྟངས་སྟབས་བསྟུན་དེ་ཙམ་མེད་པའི”གནད་དོན་ལ་དམིགས་ནས། ཐོབ་ཐང་རང་འགུལ་ངང་བདེན་དཔང་ར་སྤྲོད་བྱེད་ནུས་ཀྱི་མ་ལག་ཁག་ཆ་འཕྲིན་ལག་རྩལ་ལས་སྟེགས་ཆེན་པོ་ཁག་ཏུ་བཀོད་སྒྲིག་བྱས་ཡོད་པས། རྒན་ཡོལ་ཞུ་མཁན་གྱིས་དྲ་ཐོག་ནས་ཆུ་ཚོད་24ཡི་རིང་རང་འགུལ་ངང་བདེན་དཔང་ར་སྤྲོད་བྱས་ཆོག “ཚོང་གཉེར་གྱི་ཁོར་ཡུག་མུ་མཐུད་ལེགས་སུ་གཏོང་བ་དང་། ཁེ་ལས་ལ་རོགས་སྐྱོར་དང་ལས་གནས་བརྟན་གཏོང་གི་སྲིད་ཇུས་ད་དུང་ལེགས་སུ་གཏོང་དགོས་པའི”གནད་དོན་ལ་དམིགས་ཏེ། ང་ཚོས་ནོར་སྲིད་དང་ཁྲལ་དོན་སྡེ་ཚན་དང་མཉམ་དུ་རིན་པ་གཅོག་པའི་སྲིད་ཇུས་འཕྲལ་དུ་ཞིབ་འཇུག་བྱས་ནས་བཏོན་པ་དང་འབྲེལ། མི་སྤྱི་ཁྱབ་ཁོངས་ཀྱི་ཚོང་གཉེར་གྱི་ཁོར་ཡུག་ལེགས་སུ་གཏོང་བའི་སྲིད་ཇུས་བྱ་ཐབས་ཁག་15བཏོན་ཡོད། ལྟེ་བའི་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་དང་། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་སྣོན་བརྒྱབ་ནས། ལས་ཞུགས་བོད་སྐྱོར་གྱི་བཅར་ལན་འབྲེལ་མཐུད་ལས་དོན་སྤེལ་ཞིང་། ལྗོངས་ཕྱིར་ལས་ཞུགས་ལས་གནས་ཁྲི་2.2འབྲེལ་མཐུད་བྱས་ནས། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཡོང་བར་མུ་མཐུད་སྐུལ་འདེད་བཏང་བ་དང་། ཁྲོན་བོད་ལྕགས་ལམ་སོགས་རྨང་གཞིའི་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་ལ་ཉེ་བར་མཁོ་བའི་ལས་རིགས་ཀྱི་མི་4780གསོ་སྦྱོང་བྱས་ཡོད།

    དོན་དངོས་དང་ཟུང་འབྲེལ་གྱིས་ལས་དོན་སྒྲུབ་པ་དང་དམངས་ཀྱི་ཆེད་དུ་ལས་དོན་སྒྲུབ་པའི་རྩ་དོན་རྒྱུན་འཁྱོངས་བྱས་པ། བརྗོད་དོན་གཙོ་བོའི་སློབ་གསོར་དམིགས་ནས། “དམངས་འཚོའི་བྱ་བ་དངོས་ཁག་བཅུ”ཡག་པོ་སྒྲུབ་རྩིས་ཡོད་པར། མིག་སྔར་དམངས་འཚོའི་བྱ་བ་དངོས་ཁག་6བསྒྲུབས་ཏེ། ལྗོངས་ཡོངས་ཀྱི་ལོ་འདི་གའི་མཐོ་སློབ་སློབ་ཐོན་སློབ་མར་ལས་ཞུགས་ལས་གནས་ཁྲི་7.5གནད་སྨིན་འོས་སྦྱོར་བྱས་པ་དང་། ལས་ཞུགས་ལྟ་སྦྱོང་ལས་གནས་5000ལྷག་ཙམ་གསར་དུ་མཁོ་འདོན་བྱས་པ། “ལྷ་སའི་ཇ་ཁང”སོགས་རང་སྐྱོང་ལྗོངས་རིམ་པའི་ངལ་ནུས་སྤུས་རྟགས་11བཏོད་པ། ཞིང་འབྲོག་མང་ཚོགས་ཀྱི་ལས་ཞུགས་གཞན་སྒྱུར་རྟེན་གཞིར་ཞིང་འབྲོག་མང་ཚོགས་ཁྲི་1ལྷག་ཙམ་གསར་དུ་ལས་ཞུགས་བརྟན་པོ་བྱུང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོའི་དངུལ་གྱི་ཚད་གཞི་མི་རེར་ཟླ་རེར་སླར་ཡང་སྒོར་10མང་དུ་བཏང་བ། སྤྱི་ཚོགས་འགན་བཅོལ་གྱི་ལས་སྒོ་ལས་50%ཡན“ཐག་ཉེ་སར་གཉེར་བ”དང་། “ས་ཆ་གཞན་དུ་གཉེར་བ”“ཞིང་ཆེན་སྒྲོལ་ནས་གཉེར” ཆོག་པ། སི་ཁྲོན་དང་ཁྲུང་ཆིང་མི་སྤྱི་སྡེ་ཚན་དང་མཉམ་འབྲེལ་གྱིས“སི་ཁྲོན་དང་བོད་ལྗོངས་དང་། སི་ཁྲོན་དང་ཁྲུང་ཆིང་དབར་གཱ་གཅིག་ཀུན་འཐུས”སྤྱོད་པའི་ལས་སྒོ་གཉེར་བར། བོད་ཀྱི་སྤྱི་ཚོགས་འགན་བཅོལ་གཱ་དེ་སི་ཁྲོན་དང་ཁྲུང་ཆིང་དུ“གཱ་གཅིག་ཀུན་འཐུས” ཐུབ་རྒྱུ་རེད། མང་ཚོགས་ཀྱི་ཁྲོད་དུ་ཟབ་ཞུགས་བྱས་ཏེ་བྱ་བ་དངོས་སྒྲུབ་པ་དང་དཀའ་གནད་སེལ་རྒྱུ་མཐའ་འཁྱོངས་བྱས་ཤིང་། བརྟག་དཔྱད་ཞིབ་འཇུག་གི་བརྒྱུད་རིམ་དེ་གཞི་རིམ་གྱི་དཀའ་གནད་སེལ་བའི་བརྒྱུད་རིམ་དུ་བསྒྱུར་ནས། བརྟག་ཞིབ་བྱེད་རིང་ལྷ་ས་གོང་དཀར་གནམ་ཐང་གི་གསར་སྐྲུན་རྣམ་གྲངས་ཀྱི་ས་ཆ་གཞུང་བསྡུ་བྱ་ཡུལ་གྱི་ཞིང་འབྲོག་པའི་རྒན་གསོ་འགན་བཅོལ་གྱི་ཁ་གསབ་མ་དངུལ་དོན་འཁྱོལ་སོགས་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་གྱི་གནད་དོན་ཁག་25ཐག་གཅོད་བྱས་ཏེ། བརྗོད་དོན་གཙོ་བོའི་སློབ་གསོའི་ཁྲོད་དུ་མི་སྤྱི་སྡེ་ཚན་གྱི་དམངས་འཚོའི་འགན་འཁྲི་འཁུར་སེམས་གང་ལེགས་མངོན་པར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།