དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཤུགས་སྣོན་བཞི་མཐའ་འཁྱོངས་བྱས་ནས་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་སྤེལ་བར་སྐུལ་འདེད་བཏང་བ།

    བོད་ལྗོངས་སློབ་ཆེན་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། ཧུའུ་ཀྲི་གོ

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-06-09

    བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཚུན། བོད་ལྗོངས་སློབ་ཆེན་གྱིས་ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། བརྗོད་དོན་གཙོ་བོའི་སློབ་གསོ་དེ་ཐོག་མཐའ་བར་གསུམ་དུ་བླ་སྲོག་གཏོད་པའི་འདུ་འགོད་དང་། སྟོབས་ཤུགས་གཅིག་སྒྲིལ་གྱི་འདུ་འགོད། རྩ་བ་བརྟན་ཚུགས་ཀྱི་འདུ་འགོད། དམངས་སེམས་ཀྱི་འདུ་འགོད་བཅས་ལ་བརྩིས་ཏེ། “ཤུགས་སྣོན་བཞིར”བརྟེན་ནས་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་དང་ཏན་ཏིག་ཡོང་རྒྱུར་སྐུལ་འདེད་བཏང་ཡོད།

    འགན་འཁྲི་དོན་འཁྱོལ་བྱེད་ཤུགས་ཆེ་རུ་བཏང་ནས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་པ། བརྗོད་དོན་གཙོ་བོའི་སློབ་གསོའི་སྤྱིའི་བླང་བྱར་དམིགས་པ་དང་སློབ་གྲྭའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། བརྗོད་དོན་གཙོ་བོའི་སློབ་གསོའི་སྤྱིའི་ཇུས་གཞི་དང་ལེ་ལག་ཚང་བའི་ལག་བསྟར་ཇུས་གཞི་འགའ་བཟོས་པས། “1+N”ཡི་ཇུས་གཞིའི་མ་ལག་གྲུབ་ཡོད། སློབ་གྲྭ་དང་སློབ་གླིང་ཏང་ཨུད་ཀྱི་བྱེད་པོའི་འགན་འཁྲི་དང་ཧྲུའུ་ཅིའི“འགན་འཁྲི་དང་པོ”ནན་དུ་བཏང་བ་དང་། “འགན་གཙང་དང་འབྲེལ་གཏུག་མཐུན་སྦྱོར”གྱི་ལམ་སྲོལ་བཙུགས་ནས་འགན་གཙང་དང་འབྲེལ་གཏུག་མཐུན་སྦྱོར་གྱི་ལས་དོན་ཚོགས་ཆུང་ཁག་4བཙུགས་ཏེ། ཁྲུའུ་རིམ་པའི་ཚན་པ་31ཏུ་འགན་གཙང་འབྲེལ་གཏུག་ཁྱོན་ཡོངས་ལ་ཁྱབ་པར་བྱས་ཡོད། “ཚོགས་པའི་རྟ་རྒྱུག”གི་དཔྱད་བསྡུར་ལམ་སྲོལ་འཛུགས་པ་དང་། བརྗོད་དོན་གཙོ་བོའི་སློབ་གསོའི་གཙོ་གནད་བྱེད་ཐབས་དྲུག་དཔེ་བསྡུར་བྱས་ཏེ། ཁྲུའུ་རིམ་པའི་ཚན་པའི་གཏན་འབེབས་བྱ་སྤྱོད་སྤེལ་ཚུལ་དང་། རང་འདེམས་བྱ་སྤྱོད་གསར་གཏོད་བྱས་ཚུལ། ལྟེ་བའི་ལས་དོན་ལ་སྐུལ་འདེད་བཏང་ཚུལ་བཅས་ཀྱི་དཔྱད་འདེམས་མ་ལག་རིགས་གསུམ་བཟོས་ཡོད།

    རྩ་བ་གསོ་ཞིང་བློ་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས། བསམ་བློར་བཀྲག་མདངས་གསར་པ་འཚེར་བར་བྱས་པ། ཀུན་སྤྱོད་ལ་བརྟེན་ནས་མི་སྐྱོང་བའི་རྩ་བའི་ལས་འགན་ལ་དམིགས་ཏེ། རིགས་པའི་གཞུང་ལུགས་སློབ་སྦྱོང་བྱ་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱེད་པ་དང་། རྒྱུན་སྲིང་ལྷོད་མེད་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ལས་དོན་ལ་སྤྱི་འདོམས་དང་བློ་སྒྲིལ་སེམས་སྐྱེད་ཡོང་བ་བྱས་ཡོད། རིམ་པ་དང་རིགས་དབྱེ་བའི་སྐུལ་འདེད་ལམ་སྲོལ་བཙུགས་ནས། “4+4”ཡི་སློབ་སྦྱོང་ལ་དམ་འཛིན་ཡག་པོ་བྱེད་པའི་རྨང་གཞིའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་སློབ་ཆེན་དང་བོད་ལྗོངས་མི་རིགས་སློབ་ཆེན་ལ་སྤྲིངས་གནང་བའི་འཕྲིན་ལན་དང་རྟེན་འབྲེལ་འཕྲིན་ཡིག་གི་དགོངས་དོན་གལ་ཆེན་གཙོ་གནད་དུ་བཟུང་ནས་སློབ་སྦྱོང་བྱེད་པ་དང་། རང་རྩོམ་བྱས་པའི་སློབ་གསོའི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་། འགོ་ཁྲིད་ལས་བྱེད་པའི་བློ་སྦྱོང་སྐོར་གླེང་བ། རེ་བཅོལ་དགེ་རྒན་དང་གཞོན་སྐྱེས་སློབ་མ་སོགས་ཀྱི་ཆེད་དོན་ཀློག་དེབ་བེད་སྤྱོད་ཡག་པོ་བྱེད་པ། ལས་བྱེད་པ་དང་། དགེ་རྒན། སློབ་མ་བཅས་གཙོ་གནད་དུ་ཕྱེ་ནས། “ལས་ཀ་གང་ཞིག་བྱས་ཚེ་དེ་གཙོ་བོར་བྱས་ནས་སྦྱོང་ཐུབ་པ”བཅས་བྱས་ཏེ། ལས་བྱེད་པ་ཡག་པོ་དང་། དགེ་རྒན་ཡག་པོ། གཞོན་ནུ་ཡག་པོ་བཅས་བྱེད་པའི་བསམ་བློའི་རྨང་གཞི་བརྟན་དུ་བཏང་ཡོད། སློབ་སྦྱོང་དང་སློབ་ཁྲིད་ཟུང་དུ་འབྲེལ་བའི་ལམ་སྲོལ་བཙུགས་ནས། “ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་རགས་བཤད”ཀྱི་སློབ་ཚན་ཡག་པོ་འཚོག་པ་དང་། “སློབ་ཚན་དངོས་མ་འཚོགས་གོང་དུ་བསམ་བློ་དང་ཆབ་སྲིད་ཀྱི་སློབ་ཚན་སྐར་མ་ལྔ་འཚོག་པ”སོགས་བསམ་བློ་དང་ཆབ་སྲིད་ཀྱི་སློབ་གསོའི་ཐབས་ལམ་ཡག་པོ་སྤྱོད་པ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི“སྐྱོད་པ་ལྔའི”ལས་དོན་མུ་མཐུད་གཏིང་ཟབ་ཏུ་བཏང་ཡོད། འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་ལམ་སྲོལ་གཏིང་ཟབ་ཏུ་བཏང་ནས། “འབྲེལ་གསུམ་སྐྱོད་གསུམ་དང་འགྲོགས་འདྲིས་གཅིག”སོགས་ཀྱི་སྤུས་རྟགས་བྱེད་སྒོར་བརྗོད་དོན་གཙོ་བོའི་སློབ་གསོའི་ནང་དོན་གསར་པ་བསྣན་ནས། སློབ་སྦྱོང་དང་། བསམ་བློ། ལག་བསྟར། གོ་རྟོགས་བཅས་ཀྱི་ཁྲོད་དུ་རིགས་པའི་གཞུང་ལུགས་ཀྱི་སློབ་སྦྱོང་གི་དམིགས་སའི་རང་བཞིན་དང་ནུས་པ་ཆེ་རུ་བཏང་ཡོད།

    གནད་དོན་གྱི་སྟོན་ཕྱོགས་ལ་ཤུགས་སྣོན་བརྒྱབ་ནས་དཀའ་གནད་ཧུར་ཐག་ངང་བསལ་བ། མི་དམངས་གོང་དུ་བཀུར་བ་དང་དགེ་སློབ་གཙོ་བོར་འཛིན་པའི་འདུ་ཤེས་བརྟན་པོ་བཙུགས་ནས། སློབ་སྦྱོང་བྱེད་ཞོར་དུ་དག་ཐེར་དང་ཞིབ་བཤེར་བྱེད་ཞོར་དུ་དག་ཐེར་བྱ་རྒྱུ་མཐའ་འཁྱོངས་བྱས་ཡོད། བརྟག་དཔྱད་ཞིབ་འཇུག་ཏན་ཏིག་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་ཀྱི་ས་མཐོའི་སློབ་ཆེན་རྩེ་གྲ་འཛུགས་སྐྱོང་དང་སྤུས་ཚད་མཐོ་བའི་ནང་རྒྱས་ཀྱི་གོང་འཕེལ་གཏོང་བ་སོགས་ཀྱི་ཁྱབ་ཁོངས་ལ་དམིགས་པ། ཏང་འཛུགས་སྐྱོང་དང་། བསམ་བློ་ཆབ་སྲིད་ཀྱི་ལས་དོན། རིག་ཚན་འཕེལ་རྒྱས་སོགས་ཀྱི་བརྗོད་དོན་གཙོ་བོར་གཞིགས་ནས། ཁྲུའུ་རིམ་པ་ཡན་གྱི་ལས་བྱེད་པའི་བརྟག་དཔྱད་ཞིབ་འཇུག་བྱ་གཞི་135གནད་སྨིན་ངང་གཏན་འཁེལ་བྱས་ཡོད། གནད་དོན་དག་ཐེར་ཏན་ཏིག་བྱེད་པར་སྐུལ་འདེད་བཏང་ཞིང་། བརྟག་དཔྱད་ཞིབ་འཇུག་བྱས་པ་བརྒྱུད་གནད་དོན་46འཚོལ་ཞིབ་བྱས་པ་དང་། ཐབས་ཇུས་དང་བྱེད་ཐབས་128བཟོས་པ། མིག་སྔར་གནད་དོན་32དག་ཐེར་དང་ཐག་གཅོད་བྱས་པ་མ་ཟད། དུས་ཡུན་རིང་པོའི་ནང་སློབ་གྲྭའི་འཕེལ་རྒྱས་ལ་འགོག་རྐྱེན་བཟོ་བའི་འཇུར་མིག་རང་བཞིན་གྱི་གནད་དོན་ཐག་གཅོད་བྱ་རྒྱུ་གཙོ་གནད་དུ་བཟུང་ནས། རྒྱལ་ཁབ་ཀྱི་ས་མཐོའི་སློབ་ཆེན་རྩེ་གྲའི“འཐབ་ཇུས་ཞབས་ཞུ་དྲུག”དང“འགག་རྩའི་འགྲན་ལམ་བཞི”འཛུགས་སྐྲུན་ཐབས་ལམ་ཁ་གསལ་བཟོས་ཏེ། ཏང་འཛུགས་སྐྱོང་གི་ལས་དོན“141”ཡི་མ་ལག་སོགས་ཡུན་རིང་གི་ལམ་སྲོལ་བཟང་པོ་རབ་དང་རིམ་པ་གྲུབ་ཡོད། དགེ་སློབ་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ལ་གཞིགས་ཏེ། ཆ་འཕྲིན་ཅན་འཛུགས་སྐྱོང་དང་སློབ་ཐོན་སློབ་མའི་ལས་ཞུགས་རོགས་སྐྱོར་སོགས་བརྗོད་དོན་གཙོ་བོའི་སློབ་གསོའི“ལག་ལེན་ལ་སྣང་ཆེན”བྱེད་པའི་དམངས་འཚོའི་འདུ་འགོད་ལ་བརྩིས་ནས་སྟོབས་ཤུགས་གཅིག་སྡུད་ཀྱིས་བྱ་བ་དངོས་211བསྒྲུབས་ཡོད།

    འཐབ་ཇུས་ཀྱི་ཞབས་ཞུར་ཤུགས་སྣོན་བརྒྱབ་ནས་འགག་སྒྲོལ་གྱི་གྲུབ་འབྲས་བརྟན་དུ་བཏང་བ། “བྱས་རྗེས་གསར་པ་འཇོག་པའི”བླང་བྱ་དང་རང་འགུལ་ངང་དཔེ་བསྡུར་བྱས་ཏེ། ནུས་ཤུགས་ཡོད་རྒུས“དོན་ ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོའི་ཐད་ཀྱི་བོད་ལྗོངས་སློབ་ཆེན་གྱི་རྒྱུགས་ལན་ཡག་པོ་ཞིག་ཕུལ་ཡོད། འདེགས་སྐྱོར་རང་བཞིན་དང་སྣེ་ཁྲིད་རང་བཞིན་གྱི་ལས་སྟེགས་གལ་ཆེན་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ། རྒྱལ་ཁབ་ཀྱི་པུའུ་ཨུད་བཞིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པའི་ཞིབ་འཇུག་རྟེན་གཞི་དང་། ཀྲུང་གོ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུང་གོའི་རིག་རྩལ་དཔྱད་བརྗོད་རྟེན་གཞི་འཛུགས་རྒྱུའི་སྙན་ཞུར་ཆོག་མཆན་ཐོབ་པ་དང་། “པེ་ཅིང་སློབ་ཆེན—བོད་ལྗོངས་སློབ་ཆེན་གྱི་གསོ་རིག་སློབ་གསོའི་གླེང་སྟེགས” གཉེར་བ། “མཚོ་བོད་ས་མཐོའི་སྐྱེ་དངོས་སྣ་མང་རང་བཞིན་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་སློབ་གསོ་པུའི་གཙོ་གནད་ཚོད་ལྟ་ཁང”དང་། “ས་མཐོའི་སྐྱེ་ཁམས་ཁོར་ཡུག་དང་བདེ་ཐང་ཡོན་ཧྲིའི་རིགས་གཅིག་མཁས་ཅན་གྱི་ལས་དོན་ས་ཚིགས”སྐྲུན་མགྱོགས་སུ་གཏོང་བ་སོགས་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།