གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་ལོ་རྒྱུས་མེ་ལོང་དུ་བཟུང་ནས་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་དང་ཏན་ཏིག་སྤེལ་བར་སྐུལ་འདེད་བཏང་བ།
བོད་ལྗོངས་འཛུགས་སྐྲུན་ཨར་ལས་རྒྱུ་ཆ་ཚོགས་པ་ཚད་ཡོད་ཀུང་སིའི་ཏང་ཨུད་ཀྱི་ཧྲུའུ་ཅི་དང་ཏུང་ཧྲི་ཀྲང་། ཀྲོང་ཚུན་ཝུའེ།
ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱིས་བརྗོད་དོན་གཙོ་བོའི་སློབ་གསོའི་ལས་དོན་ཚོགས་འདུ་འཚོགས་རྗེས། བོད་ལྗོངས་འཛུགས་སྐྲུན་ཨར་ལས་རྒྱུ་ཆ་ཚོགས་པ་ཚད་ཡོད་ཀུང་སིའི་ཏང་ཨུད་ཀྱིས་འཕྲལ་དུ་བཀའ་དང་ལེན་དང་སྔོན་ལ་ཤུགས་སྣོན་བརྒྱབ་སྟེ། གནད་དོན་ཐག་གཅོད་དང་ཕན་འབྲས་བརྩོན་ལེན་ཁྲིད་སྟོན་དུ་བཟུང་བ་དང་། “ལྟ་བཤེར་གལ་ཆེན་དང་གྱོད་གཞི་གལ་ཆེན”དང“ཉེན་ཁ་ཆེན་པོ་དང་མངོན་མེད་རྐྱེན་ངན་ཆེན་པོ”“གཙོ་གནད་ཁུལ་དང་གཙོ་གནད་ལྷུ་ཚིགས”ལ་དམིགས་ཏེ། རིགས་པའི་གཞུང་ལུགས་སློབ་སྦྱོང་དང་། བརྟག་དཔྱད་ཞིབ་འཇུག འཕེལ་རྒྱས་ལ་སྐུལ་འདེད་སོགས་ཀྱི་ལྷུ་ཚིགས་ལ་གཞི་གཅིག་ཏུ་སྐུལ་འདེད་བཏང་བ་དང་ཆབས་ཅིག མྱུར་བཤེར་མྱུར་བཅོས་དང་། འཕྲལ་རྟོགས་འཕྲལ་བཅོས། སྒྱུར་བཅོས་ཐུབ་རིགས་ཚང་མ་སྒྱུར་བཅོས་བཅས་མཐའ་འཁྱོངས་བྱས་ནས། བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་དང་ཏན་ཏིག་སྤེལ་བར་སྐུལ་འདེད་བཏང་ཡོད།
ལྟ་བཤེར་གལ་ཆེན་དང་གྱོད་གཞི་གལ་ཆེན་ལ་དམིགས་པ། ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོགས་ཆུང་གིས་ཆབ་མདོའི་མཐོ་བརྩོན་གཏེར་རིའི་སྔོག་འདོན་ཞིབ་ཚགས་པོ་མེད་པ་དང་གཏེར་རིའི་བཅོས་སྐྱོང་གི་ཚད་གཞི་མ་ལོན་པའི་གནད་དོན་མིང་འདོན་བྱས་པ་རེད། ཚོགས་པའི་ཏང་ཨུད་ཀྱིས་གནད་དོན་དེ་གསལ་ཐོར་བཅུག་པ་དང་ཆབས་ཅིག ལྡོག་ཕྱོགས་ཀྱི་དཔེ་མཚོན་གྱོད་དཔེར་བརྩིས་ནས་གནད་དོན་ལ་དབྱེ་ཞིབ་ཁ་གསལ་བྱས་པ་དང་། གྱོད་དཔེ་དེའི་ཞིབ་ཕྲའི་གནད་དོན་ཕྱོགས་གསུམ་ལ་དམིགས་ནས་ཞིབ་ཕྲའི་ལས་ཀའི་བྱེད་ཐབས་དང་གཞན་སྒྱུར་བྱེད་ཆོག་པའི་གྲུབ་འབྲས་ཁག་9རགས་ཙམ་གྲུབ་ཡོད། དེ་དང་ཆབས་ཅིག་མ་དངུལ་སྒོར་དུང་ཕྱུར་1.12བཏང་ནས། གཞུང་ལམ་བཟོ་སྐྲུན་དང་། རི་ལྡེབས་གཙང་སེལ། སྔོ་ཁེབས་སླར་གསོ། བདེ་འཇགས་ལྟ་ཞིབ་ཚད་ལེན་སོགས་ཀྱི་ཞིབ་ཕྲའི་བྱ་ཐབས་དོན་འཁྱོལ་བྱས་པར། མིག་སྔའི་བར་གཏེར་རིར་བཅོས་སྐྱོང་གི་ལས་གྲྭ་ཚང་མ་ལེགས་གྲུབ་ཟིན་པ་མ་ཟད། སྔོན་དཔག་ལྟར་ན། ཟླ་6ཚེས་30ཉིན་གྱི་གོང་དུ་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཀྱི་དག་ཐེར་ལེགས་སྒྲུབ་བྱ་རྒྱུ་དང་། རྗེས་མཐུད་གཏེར་རིའི་སྐྱེ་ཁམས་བཅོས་སྐྱོང་ལ་རྒྱུན་རྣམ་ཅན་གྱི་དོ་དམ་དང་ཚོད་འཛིན་བྱ་རྒྱུ་དང་འབྲེལ། ཆབ་མདོའི་གྲོང་ཁྱེར་རིམ་པའི་བདེ་འཇགས་སྐྱེ་ཁམས་ཤེས་དཔལ་སློབ་གསོའི་རྟེན་གཞིར་འཛུགས་གཏོད་བྱེད་པའི་རེ་ཞུ་ཧུར་ཐག་འབུལ་རྒྱུ་ཡིན། “གྱོད་གཞིར་བརྟེན་ནས་དག་ཐེར་ལ་སྐུལ་འདེད་གཏོང་བ”མཐའ་འཁྱོངས་ཀྱིས་ཆབ་མདོའི་མཐོ་བརྩོན་གྱི་དེ་སྔའི་འགན་འཁུར་བ་གཙོ་བོ་སོགས་བློ་མཐུན་4ལ་ཆད་པ་གཅོད་རྒྱུའི་གཏན་འབེབས་དང་། གླ་ཆ་དང་ལས་རྗེས་གླ་ཆ་འཐེན་རྒྱུའི་གཏན་འབེབས་དོན་འཁྱོལ་ནན་པོ་བྱས་ཏེ། 2022ལོའི་ཟླ་4པ་ནས་བཟུང་ལོ་གཉིས་བསྟུད་མར་ལས་རྗེས་གླ་ཆ་20%འཐེན་རྒྱུ་བྱས་པ་ཡིན།
གཙོ་གནད་ཁུལ་དང་གཙོ་གནད་ལྷུ་ཚིགས་འབུར་དུ་ཐོན་པར་བྱས་པ། སྐོར་སྐྱོད་མཛུབ་ཁྲིད་ཚོགས་ཆུང་ཁག་བཅུ་གཉིས་པས་གནད་འགག་དམ་འཛིན་བྱས་པ་བརྒྱུད། ཚོགས་པའི་སྡེ་ཚན་བཀོད་སྒྲིག་དང་འགན་ནུས་ཁ་གསལ་མེད་པའི་གནད་དོན་དེ་འགུལ་རྣམ་གསར་སྒྱུར་གྱི་གནད་དོན་དུ་བརྩིས་ནས། གནད་དོན་གཏན་འཁེལ་དང་དག་ཐེར་བྱ་ཐབས་ཞིབ་ཕྲ་བཟོས་པ་དང་འབྲེལ། མཚམས་ཚིགས་དབྱེ་ནས་དག་ཐེར་གྱི་དམིགས་ཚད་བཏོན་ཡོད། ཟླ་6པའི་ཟླ་མཇུག་གོང་ཚོགས་པ་དེའི་ནང་ཁུལ་དུ་ལས་ཁུངས་ལེགས་སྒྲིག་བྱེད་པའི་བརྟག་ཞིབ་ལེགས་སྒྲུབ་བྱས་ནས་ལས་ཁུངས་ལེགས་སྒྲིག་གི་ཐོག་མའི་ཇུས་གཞི་གྲུབ་པར་བྱ་རྒྱུ་དང་། ཟླ་8པའི་ཟླ་མཇུག་གོང་དངོས་གཞིའི་ཇུས་གཞི་གྲུབ་པར་བྱས་ཏེ། ལས་གནས་དང་སྒྲིག་ཁོངས་གཏན་འཁེལ་དང་འགན་ནུས་གསེད་བཀྲོལ་བྱས་ནས། རིམ་བཞིན་མི་སྣ་བཀོད་སྒྲིག་བྱེད་པ་དང་། སྡེ་ཚན་གྱི་གྲངས་འབོར་དང་རིམ་པ་ཉུང་དུ་གཏོང་བ། ཐབས་ཇུས་ཀྱི་ལས་ཕྱོད་ཆེ་རུ་གཏོང་རྒྱུ་ཡིན། ཚོགས་པའི་ཏང་ཨུད་ཀྱིས་ཡན་ལག་ཁེ་ལས་གཉེར་སྐྱོང་གི་ལས་རྗེས་ལ་དཔྱད་ཞིབ་བྱ་རྒྱུ་དེ་གཉེར་སྐྱོང་དོ་དམ་བྱེད་སྒོའི་འགག་རྩའི་ལྷུ་ཚིགས་ལ་བརྩིས་ནས། དཔྱད་ཞིབ་ཀྱི་ཚད་གཞི་བཟོས་པ་ཚན་རིག་དང་མི་མཐུན་པ་དང་། རྒྱུན་མཐུད་གཉེར་སྐྱོང་ནུས་པར་མཐོང་ཆེན་འདང་ངེས་མེད་པ། ལས་རྗེས་དཔྱད་ཞིབ་ལག་བསྟར་བྱས་པ་དུས་ཐོག་མིན་པ་སོགས་ཀྱི་གནད་དོན་ལ་དམིགས་ཏེ། 2023ལོའི་ཡན་ལག་ཁེ་ལས་ཀྱི་གཉེར་སྐྱོང་ཚད་གཞིའི་དམིགས་ཚད་གྲངས་གཞི་བསྐྱར་དུ་ལེགས་སྒྲིག་བྱས་ནས། དཔྱད་བསྡུར་ལྕག་སྐུལ་ལམ་ལུགས་དང་བྱ་ཐབས་ལ་བཟོ་བཅོས་ཀྱིས་འཐུས་སྒོ་ཚང་དུ་བཏང་ཡོད།
བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བའི་བརྒྱུད་རིམ་ཁྲོད་དུ། ཚོགས་པའི་ཏང་ཨུད་ཀྱིས་རང་ལྗོངས་ཀྱི་གནས་ཚུལ་དང་ཁེ་ལས་ཀྱི་ལོ་རྒྱུས་ལ་གཞི་ཚུཌ་ནས། བསམ་བློ་གསར་པ་དང“དགོངས་པ་རྩ་ཆེན”གྱི་ཁྲོད་ནས་ཏང་གཤིས་ཀྱི་སྟོབས་ཤུགས་བསྡུ་ལེན་དང་། དངོས་ཡོད་དང་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ནས་འགོ་བཙུགས་ཏེ་བསམ་བློ་གསར་པ་ལག་བསྟར་དང་དུས་རབས་གསར་པར་བྱས་རྗེས་བཞག་ནས། ཏང་ཀྲུང་དབྱང་གིས་བོད་ལྗོངས་ཀྱི་གཞུང་ཁོངས་ཁེ་ལས་ལ་ཐུགས་ཁུར་གནང་ལུགས་སྔར་བས་ཚོར་ཐུབ་པ་བྱས་པ་དང་། གཞུང་ཁོངས་ཁེ་ལས་ཀྱི་འགན་འཁྲི་དང་ལས་འགན་ལ་སྔར་བས་རྒྱུས་ལོན། ཚོགས་པའི་དཀའ་གནད་སེལ་བའི་ཆོད་སེམས་དང་ཡིད་ཆེས་སྔར་བས་བརྟན་དུ་ཕྱིན་ནས། “དགོངས་པ་སློབ་སྦྱོང་དང་ཏང་གཤིས་བརྟན་གཏོང”བྱ་ཆེད་གསོན་ཉམས་དོད་པའི་མིག་དཔེ་དང་ཚུགས་གནས་ཁ་གསལ་འཚོལ་ཞིབ་བྱས་ཏེ། ཐོན་སྐྱེད་གཉེར་སྐྱོང་གི་གྱོང་གུན་ཉུང་གཏོང་དང་ཁེ་སྤོགས་མང་གཏོང་གི་རྣམ་པ་ཞིག་རགས་ཙམ་ཆགས་ཡོད། ཚོགས་པའི་ལས་སྒོ་གཙོ་བོའི་གྲས་ཤིག་ཡིན་པའི་མཐོ་བརྩོན་ཨར་འདམ་ལ་ཆ་བཞག་ན། སྲེག་དོང་མ་ལག་གཉིས་པས་ཉིན་208བསྟུད་མར་འཁོར་རྒྱུག་ཐུབ་པའི་ཟིན་ཐོ་གསར་པ་བཏོད་པ་དང་། དབྱང་རླུང་མང་བའི་འབར་སྲེག་མ་ལག་ཞིབ་འཇུག་གསར་སྤེལ་བྱས་ནས་སྤྱད་པར། ལོ་རེར་ཆ་སྙོམས་བྱས་ན་ཐད་ཀའི་ཡོང་འབབ་སྒོར་ཁྲི་4500ཙམ་ཟིན་གྱི་ཡོད། 2023ལོའི་ཟླ་5པའི་བར། ཨར་འདམ་ཐོན་སྐྱེད་དང་། ཕྱིར་འཚོང་། ཐོན་རྫས་ཀྱི་རིན་ཐང་བསྡོམས་འབོར་ཚང་མ་དུས་མཚུངས་ལས་20%ཡན་འཕར་ཡོད།