དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • རྫ་ཡུལ་རྫོང་གིས་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་གཏོང་བར་བྱ་ཐབས་སྣ་མང་བཏོན་པ།

    རྣམ་གྲངས་194སྲིད་འཛིན་གྲོང་ཚོ་ཚང་མར་ཁྱབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-06-09

    ཉེ་བའི་ལོ་ཤས་རིང་། རྫ་ཡུལ་རྫོང་གིས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེར་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་ལེན་བསྟར་བའི“གནད་འགག”ཏུ་བརྩིས་ནས་དམ་འཛིན་བྱས་ཏེ“གྲོང་སྦྲེལ་མཉམ་སྐྲུན་དང་། བསྐྱར་དུ་བོཌ་མར་གཏོང་བ་དང་འགན་གཙང་སྤྲོད་པ། མ་རྐང་ལ་ཞུགས་ནས་བགོ་འགྲེམས་རྒྱག་པ། ས་སྒྲོལ་དཔུང་སྒྲིལ”བཅས་ཀྱི་བྱེད་སྟངས་བཞི་སྤྱད་ནས“མཐོང་ཐུབ་པ་དང་། ཕན་འབྲས་ལེགས་པ། རྒྱུན་མཐུད་ཐུབ་པ། ཕྱུག་འགྱུར་སྣེ་ཁྲིད་ཐུབ་པ”བཅས་ཀྱི་མཉམ་སྡེབ་དཔལ་འབྱོར་གྱི་རྣམ་གྲངས་194ཇུས་འགོད་ཞིབ་ཚགས་བྱས་ཏེ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་100%ཁྱབ་ཐུབ་པར་བྱས་པ་རེད།

    “གྲོང་སྦྲེལ་མཉམ་སྐྲུན”བྱེད་སྟངས་ལས“སྟོབས་ཆེན་གྱིས་ཉམས་ཞན་ལ་སྣེ་ཁྲིད་བྱེད་རྒྱུ”མངོན་གསལ་དོད་པོ་བྱུང་བ། རྫ་ཡུལ་རྫོང་གིས་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་འགྲིམ་འགྲུལ་སྟབས་བདེ་བའི་གྲོང་ཚོ་དང་བར་ཐག་ཅུང་ཉེ་བ་དང་། ཐོན་ཁུངས་ཅུང་ཉུང་བ། འཕེལ་རྒྱས་ཀྱི་བསམ་ཕྱོགས་གསལ་པོ་མེད་པ་བཅས་ཀྱི་གྲོང་ཚོ་ཕན་ཚུན་་“ཆ་སྒྲིག”ནས་ལུགས་མཐུན་གྱི་ཁེ་ཕན་སྦྲེལ་མཐུད་ལམ་སྲོལ་བཙུགས་ཏེ་གྲོང་སྦྲེལ་མཉམ་སྐྲུན་དང་། སྟོབས་ཆེན་གྱིས་ཉམས་ཞན་སྣེ་ཁྲིད། ལེགས་ཆ་གསབ་རེས་བཅས་ཐུབ་པ་རེད། དཔེར་ན། འགྲོ་བ་དགོན་གྲོང་རྡལ་དགྲ་ལྷ་གྲོང་ཚོས་ཉེ་འགྲམ་གྱི་འཕེལ་རྒྱས་ཅུང་ཞན་པའི་གྲོང་ཚོ་བསྡུ་སྒྲིལ་བྱས་ནས་རྫོང་ཁོངས་ཀྱི་གྲོང་སྦྲེལ་མཉམ་སྐྲུན་གྱི་མཉམ་ལས་ཁང་བཙུགས་ཤིང་། “ཏང་ཀྲི་པུའུ་དང་། མཉམ་ལས་ཁང་། ཐད་ཚོང་ཁང་བཅས་ཟུང་དུ་འབྲེལ་བའི”བྱེད་ཐབས་བརྒྱུད། “མངགས་ཐོ་རྣམ་པའི”ཐོན་ལས་འཕེལ་རྒྱས་བཏང་སྟེ་ཐོན་ཁུངས་མཉམ་སྤྱོད་དང་། ལེགས་ཆ་གསབ་རེས། དཔུང་སྒྲིལ་འཕེལ་རྒྱས་བཅས་ལ་སྐུལ་འདེད་བཏང་བ་རེད། ན་ནིངཞིང་ས་གཤིན་པོ་མཉམ་ལས་ཁང་གི་ལོའི་གཉེར་སྐྱོང་རང་བཞིན་གྱི་ཡོང་འབབ་སྒོར་ཁྲི་200ལྷག་ཙམ་ཟིན་ནས། མང་ཚོགས་ལ་འབབ་འཕར་སྒོར་ཁྲི་30ལྷག་ཙམ་ཡོང་བར་སྐུལ་ཁྲིད་བྱས་ཡོད།

    གྲོང་ཚོའི་ཏང་ཀྲི་པུས་སྣེ་ཁྲིད་པའི“བསྐྱར་དུ་བོགས་མར་བཏང་ནས་འགན་གཙང་སྤྲོད་པའི”བྱེད་སྟངས་ཀྱིས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ཐོན་ལས་འཕེལ་རྒྱས་ཁྲོད་ཀྱི་བདག་སྐྱོང་དཀའ་བ་དང་། གཞི་ཁྱོན་ཆུང་བ། ཕྱིར་ཚོང་དཀའ་བ་སོགས་ཀྱི་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་ཡོད། གྲོང་ཚོའི་ཏང་ཀྲི་པུས་གྲོང་མིར་རང་མོས་ངང་ས་ཞིང་གྲོང་ཚོ་མཉམ་སྡེབ་ལ་བརྒྱུད་བཤུག་གཏོང་བར་ཁྲིད་སྟོན་བྱས་པ་དང་། རྫ་ཡུལ་རྫོང་མི་དམངས་སྲིད་གཞུང་གིས་ཐོན་ལས་འཕེལ་རྒྱས་ཀྱི་བཀོད་པ་དང་ཁྲོམ་རའི་དགོས་མཁོ་དང་ཟུང་འབྲེལ་བྱས་ནས་གཅིག་གྱུར་འཆར་འགོད་བྱས་པ་དང་། སྤྲེལ་ཁམ་དང་ཇ་ལོ་གཙོ་བོར་བྱས་པའི་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ཐོན་ལས་ལ་མ་དངུལ་བཏང་ནས་རྒྱས་སྐྲུན་བྱས་པ་དང་། བསྐྲུན་ཟིན་རྗེས་ཐོན་ལས་ཀྱི་སྤྱོད་དབང་གཉེར་སྐྱོང་བྱེད་པོར་འགན་གཙང་སྤྲོད་རྒྱུ་རེད། རྫ་ཡུལ་རོང་སྟོད་གྲོང་རྡལ་སོག་བརླིང་གྲོང་ཚོའི་འཕེལ་རིམ་ལས“བསྐྱར་དུ་བོགས་མར་བཏང་ནས་འགན་གཙང་སྤྲོད་པའི”བྱེད་སྟངས་ཀྱི་ཕན་ནུས་རང་བཞིན་མངོན་པ་སྟེ། སོག་བརླིང་གྲོང་ཚོས་ཇ་ལོ་མུའུ་742.7བཏབ་པས་མང་ཚོགས་ལ་ས་ཞིང་བརྒྱུད་བཤུག་བཏང་བ་ལས་ལོ་རེར་ཡོང་འབབ་སྒོར་ཁྲི་29.7བྱུང་བ་མ་ཟད། ས་གནས་དེ་གའི་མང་ཚོགས་28ཐག་ཉེ་ས་དང་སྟབས་བདེ་སར་ལས་ཞུགས་ཐུབ་ཡོད།

    གྲོང་ཚོ་དང་ཁེ་ལས་མཉམ་སྐྲུན་གྱི“མ་རྐང་ལ་ཞུགས་ནས་བགོ་འགྲེམས་རྒྱག་པའི”བྱེད་སྟངས་ནི་བརྟག་དཔྱད་ཞིབ་འཇུག་ནན་ཏན་བྱས་པའི་རྨང་གཞིའི་ཐོག་སྲིད་གཞུང་གི་རོགས་སྐྱོར་མ་དངུལ་དང་གྲོང་ཚོའི་མཉམ་སྡེབ་ཀྱི་མ་དངུལ་ལུགས་མཐུན་སྤྱད་དེ་ཁེ་ལས་ཀྱི་མ་རྐང་ལ་ཞུགས་ནས། “མ་རྩ་འགན་ལེན་གྱིས་བགོ་འགྲེམས་རྒྱག་པའི”བྱེད་སྟངས་སྤྱད་པས་གྲོང་ཚོའི་མཉམ་སྡེབ་མ་དངུལ་དང་ཐོན་ཁུངས་ཕན་སྒྱུར་ནུས་ལྡན་ཐུབ་ནས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་མང་དུ་ཕྱིན་ཡོད། རྫ་ཡུལ་རོང་སྨད་གྲོང་རྡལ་པོ་སྤ་གྲོང་ཚོས་ཀྲུང་དབྱང་ནོར་སྲིད་ཀྱིས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ལ་འདེགས་སྐྱོར་བྱེད་པའི་མ་དངུལ་སྒོར་ཁྲི་50རེ་ཞུ་བྱས་ནས་བོད་ལྗོངས་ཉིང་ཁྲི་རྫ་ཡུལ་སྤ་པོ་སྐྱིད་ས་ཞིང་འདེབས་འཛུགས་ཆེད་ལས་མཉམ་ལས་ཁང་གི་མ་རྐང་ལ་ཞུགས་པས། ལོར་བགོ་འགྲེམས་སྒོར་ཁྲི་3བྱུང་བ་དང་། གན་རྒྱའི་དུས་ཚད་ཐིམ་རྗེས་མ་རྐང་ལ་ཞུགས་པའི་མ་དངུལ་གྲངས་ཚང་ངང་ཕྱིར་བསློགས་པའམ་ཡང་ན་ཐོ་འགོད་མ་རྩ་ཆ་ཚང་བཏང་ནས་ཁེ་ལས་མིང་འོག་གི་རྐང་དབང་3%ཐོབ་ཀྱི་ཡོད་པ་རེད།

    “གྲོང་སྦྲེལ་མཉམ་སྐྲུན”གྱི་བྱེད་སྟངས་དང་བསྡུར་ཚེ“ས་སྒྲོལ་དཔུང་སྒྲིལ”གྱི་བྱེད་སྟངས་ནི་ས་ཁོངས་ལས་བསྒྲལ་ཡོད། “ས་སྒྲོལ་དཔུང་སྒྲིལ”གྱི་འཕེལ་རྒྱས་གཏོང་སྟངས་གསར་གཏོད་ལག་བསྟར་བྱས་པ་དེས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་འཕེལ་རྒྱས་རྗེས་སུ་ལུས་པ་དང་། འགོ་ཚུགས་དཀའ་བ། ཐོན་ཁུངས་སྣ་ཚོགས་བལྟོས་བཅས་ཀྱིས་དཀོན་པ་བཅས་ཀྱི་གྲོང་ཚོ་དང་འཕེལ་རྒྱས་ཀྱི་རྒྱུ་རྐྱེན་གཙོ་བོ་འཛོམས་ལ་ཐོན་ཁུངས་ཕུན་སུམ་ཚོགས་པའི་གྲོང་ཚོ་ཕན་ཚུན་དབར“ས་སྒྲོལ་དཔུང་སྒྲིལ”བྱས་ནས། རྫོང་ཁོངས་ཀྱི་གྲོང་ཚོ་དང་གྲོང་ཚོའི་དབར་གྱི་ཆ་རྐྱེན་དོ་སྙོམས་མེད་པ་དང་ཐོན་ལས་འཕེལ་རྒྱས་མཐུན་སྦྱོར་མེད་པ་སོགས་ཀྱི་མིག་སྔའི་གནད་དོན་ནུས་ཤུགས་ཡོད་རྒུས་བསལ་ཡོད། རྫ་ཡུལ་རོང་སྟོད་གྲོང་རྡལ་གྱི་ཚོང་འདུས་ལྟེ་གནས་སུ་འཛུགས་སྐྲུན་ལག་བསྟར་བྱས་པའི“རྫ་ཡུལ་རྫོང་མགོ་ཡུལ་ཤང་གི་གྲོང་ཚོ་བདུན་དང་མཉམ་སྡེབ་དཔལ་འབྱོར་གྱི་ས་སྒྲོལ་ཡུལ་སྐོར་ཐོན་ལས་རྣམ་གྲངས”ཀྱིས་མགོ་ཡུལ་ཤང་གི་དཔལ་འབྱོར་འཕེལ་རྒྱས་རྗེས་ལུས་དང་ཐོན་ཁུངས་བལྟོས་བཅས་ཀྱིས་དཀོན་པའི་གྲོང་ཚོ་བདུན་དང་རྫ་ཡུལ་རོང་སྟོད་གྲོང་རྡལ་གྱི་གྲོང་ཚོ་བདུན“ཚོགས་སྒྲིག”འཕེལ་རྒྱས་བཏང་བ་རེད། རྣམ་གྲངས་དེས་སྔོན་དཔག་ལྟར་ན། མགོ་ཡུལ་ཤང་གི་གྲོང་ཚོ་7ལ་གྲོང་ཚོ་རེར་ཆ་སྙོམས་འབབ་འཕར་སྒོར་ཁྲི་3ལྷག་ཙམ་ཡོང་རྒྱུ་རེད།

    གནས་ཚུལ་མི་འདྲ་བར་དམིགས་ནས་འཕེལ་རྒྱས་གཏོང་སྟངས་མི་འདྲ་བ་སྤྱད་པས། རྫ་ཡུལ་རྫོང་དུ“བྱེད་སྟངས་བཞིའི”སྐུལ་ཁྲིད་ནུས་ལྡན་འོག་རྫོང་ཁོངས་ཀྱི་གྲོང་ཚོ་ཁག་གི་མཉམ་སྡེབ་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བའི་རྣམ་པ་བཟང་པོ་མངོན་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།