ལྷ་ས་ནས་ཉིང་ཁྲི་བར་འགྲོ་འོང་བྱེད་མཁན་ཚོས་ཡིན་གཅིག་གཟིགས་དང་།
ཟླ་6ཚེས་6ཉིན་གྱི་ཆུ་ཚོད་9པ་ཡོལ་ཙམ་ལ། ལྷ་ཉིང་ལྕགས་ལམ་གྱི་བྱ་གྲུ་ནས་ཁང་གསར་བར་གྱི་གངས་ལྷ་རི་བོའི་ཕུག་ལམ་གྱི་ལྕགས་ལམ་རྩིག་རྨང་བབས་ཅིང་། འགྲུལ་སྐྱེལ་མེ་འཁོར་གྱི་བདེ་འཇགས་འགན་ལེན་བྱ་ཆེད། ལྕགས་ལམ་སྡེ་ཚན་གྱིས་འཕྲལ་མར་འཕྲལ་སྡོམ་སྔོན་ཇུས་ལག་བསྟར་བྱས་ནས་ལམ་ཐིག་དེ་བཀག་སྡོམ་བྱས་ཏེ་ཁྱོན་ཡོངས་ནས་གྲལ་བཤེར་བྱས་པ་རེད། ཟླ་6ཚེས་6ཉིན་ཉིང་ཁྲི་ནས་ལྷ་ས་བར་གྱི་མེ་འཁོར་ཨང་རྟགས་Z9807དང་Z980གཏོང་མཚམས་འཇོག་རྒྱུ་དང་མེ་འཁོར་གྱི་སྤ་སེ་ཉོས་ཟིན་པའི་འགྲུལ་པས་རིན་པ་མི་དགོས་པར་སྤ་སེ་ཕྱིར་སློག་བྱས་ན་འགྲིག
འགྲུལ་པ་ཚོའི་འགྲོ་སྐྱོད་སྟབས་བདེ་ཡོང་ཆེད། ཟླ་6ཚེས་8ནས་ཚེས་12ཉིན་བར་ལྷ་ས་ནས་སྣང་རྫོང་བར་འགྲུལ་སྐྱེལ་མེ་འཁོར་ཨང་རྟགས་Z9811དང་Z981མང་དུ་གཏོང་རྒྱུ་ཡིན་པ་དང་། འབྲེལ་ཡོད་གནས་ཚུལ་ཐད་ལྷ་ས་མེ་འཁོར་བབས་ཚུགས་ཀྱི་གཞུང་ཕྱོགས་དཔོད་ཆུང་དང་མེ་འཁོར་འབབ་ཚུགས་ཀྱི་སྤྱི་བསྒྲགས་ལ་དོ་སྣང་གནང་རོགས།
དེར་བརྟེན་རྒྱ་ཆེའི་འགྲུལ་པ་ཚོའི་འགྲོ་སྐྱོད་ལ་སྟབས་མི་བདེ་བ་བཟོ་སྲིད་པས་དགོངས་བཞེས་ཡོད་པ་ཞུ།