དབུ་ཤོག
  • 【དོ་སྣང】དངུལ་འདི་འཇལ་བའི་དུས་ཚོད་འགྱངས་འདུག

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།    |     སྤེལ་དུས།  2023-06-08

    “ལྷ་སའི་སྨན་བཅོས་འགན་བཅོལ”གྱི་ཆ་འཕྲིན་གསར་ཤོས་ལ་གཞིགས་ན། 2023ལོའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་གཞི་རྩའི་སྨན་བཅོས་འགན་བཅོལ་ལ་ཞུགས་པའི་འགན་བཅོལ་དངུལ་འཇལ་བའི་དུས་ཚོད་2023ལོའི་ཟླ་6ཚེས་30ཉིན་བར་རིང་དུ་གཏོང་རྒྱུ་ཡིན་པ་དང་། ཞིབ་ཕྲ་གཤམ་གསལ།

    གཅིག ཐོ་འགོད་དང་འགན་བཅོལ་དངུལ་འཇལ་བའི་དུས་ཚོད་རིང་དུ་གཏོང་རྒྱུ།

    2023ལོའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་གཞི་རྩའི་སྨན་བཅོས་འགན་བཅོལ་ལ་ཞུགས་པའི་འགན་བཅོལ་དངུལ་འཇལ་བའི་དུས་ཚོད་དེ་2023ལོའི་ཟླ་6ཚེས་30ཉིན་བར་རིང་དུ་གཏོང་རྒྱུ་ཡིན་པས། རྒྱ་ཆེའི་གྲོང་མི་ཚོས་གནས་ཚུལ་དེར་མཐོང་ཆེན་བྱས་ནས། གཅིག་སྡུད་ཐོག་འགན་བཅོལ་དངུལ་འཇལ་རིང་། འགན་བཅོལ་ལ་ཞུགས་མེད་མཁན་ནམ་ཡང་ན་འགན་བཅོལ་ཐོ་འགོད་བྱས་ཀྱང་འགན་བཅོལ་དངུལ་འཇལ་མེད་མཁན་གྱིས་ངེས་པར་དུ་ཁོངས་གཏོགས་ཁུལ་གྱི་སྨན་བཅོས་འགན་བཅོལ་སྒྲུབ་གཉེར་སྡེ་ཚན་དུ་འགན་བཅོལ་ལ་ཞུགས་པའི་ཐོ་བཀོད་པར་འགྲོ་དགོས་པ་དང་འབྲེལ་དུས་ཐོག་ཏུ་འགན་བཅོལ་དངུལ་འཇལ་དགོས།

    གཉིས། འགན་བཅོལ་ལ་ཞུགས་པའི་ཁྱབ་རྒྱ་ཆེ་རུ་གཏོང་རྒྱུ།

    ཐེམ་ཁུངས་ལྷ་ས་ནས་ཡིན་པ་མ་ཟད། ལས་བཟོའི་གཞི་རྩའི་སྨན་བཅོས་འགན་བཅོལ་ལ་ཞུགས་མེད་མཁན་ཚོས་ཐེམ་ཐོ་ཡོད་སའི་སྨན་བཅོས་འགན་བཅོལ་སྒྲུབ་གཉེར་སྡེ་ཚན་དུ་འགན་བཅོལ་ལ་ཞུགས་པའི་ཐོ་བཀོད་དགོས།

    རང་གྲོང་ཁྱེར་གྱི་སྲིད་འཛིན་ས་ཁོངས་སུ་སློབ་གྲྭ་འགྲིམ་བཞིན་པའི་ཐེམ་ཁུངས་གྲོང་ཁྱེར་གཞན་ནས་ཡིན་པའི་ཉིན་གང་ལམ་ལུགས་ཀྱི་སློབ་ཆེན་དང་འབྲིང་རིམ་ཆེད་ལས་སློབ་གྲྭ་ཁག་ལ་འགྲོ་མུས་ཀྱི་སློབ་མས་རང་མོས་ཀྱི་རྩ་དོན་ལྟར་སློབ་གྲྭ་གནས་སའི་སྨན་བཅོས་འགན་བཅོལ་སྒྲུབ་གཉེར་སྡེ་ཚན་ལ་ཐོ་བཀོད་ནས་འགན་བཅོལ་ལ་ཞུགས་དགོས།

    གྲོང་ཁྱེར་འདི་གའི་གནས་སྡོད་ལག་ཁྱེར་ཡོད་པ་མ་ཟད། གཞི་རྩའི་སྨན་བཅོས་འགན་བཅོལ་ལ་ཞུགས་མེད་པའི་ཐེམ་ཁུངས་གྲོང་ཁྱེར་གཞན་ནས་ཡིན་མཁན་དང་། དེ་བཞིན《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་རྒྱལ་བ་ཡུན་རིང་གནས་སྡོད་ཀྱི་ཐོབ་ཐང་ལག་ཁྱེར》ཡོད་པ་མ་ཟད། གཞི་རྩའི་སྨན་བཅོས་འགན་བཅོལ་ལ་ཞུགས་མེད་པའི་ཐེམ་ཁུངས་ཕྱི་རྒྱལ་ནས་ཡིན་མཁན་གྱིས་གནས་སྡོད་བྱེད་ཡུལ་གྱི་སྨན་བཅོས་འགན་བཅོལ་སྡེ་ཚན་དུ་འགན་བཅོལ་ལ་ཞུགས་པའི་ཐོ་བཀོད་དགོས།

    རང་གྲོང་ཁྱེར་གྱི་སྲིད་འཛིན་ས་ཁོངས་སུ་ཁྲིམས་ལྟར་ཐོ་བཀོད་བྱས་པའི་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གྱི་སྒྲིག་ཁོངས་སུ་ཚུད་པའི་ཆོས་ལུགས་ལས་དོན་མི་སྣས་དགོན་སྡེ་གནས་ཡུལ་གྱི་སྨན་བཅོས་འགན་བཅོལ་སྒྲུབ་གཉེར་སྡེ་ཚན་དུ་འགན་བཅོལ་ལ་ཞུགས་པའི་ཐོ་བཀོད་དགོས།

    རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་ཁྱབ་ཁོངས་སུ་ཚུད་པའི་ཆ་རྐྱེན་འཛོམས་པའི་མི་གཞན་གཏན་འབེབས་ལྟར་སྨན་བཅོས་འགན་བཅོལ་ལ་ཞུགས་དགོས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།