དབུ་ཤོག>གསར་འགྱུར།>མི་རིགས་མཐུན་སྒྲིལ།
  • རྒྱལ་གཅེས་ཀྱི་མི་སྣ་གསར་པ་གསོ་སྐྱོང་བྱེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-06-07

    སློབ་གྲྭའི་ཀུན་སྤྱོད་སློབ་གསོ་ཁང་གིས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་མི་རིགས་མཐུན་སྒྲིལ་གྱི་སློབ་གསོར་ཤུགས་སྣོན་རྒྱག་པའི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱ་ཆེད། བོད་ཀྱི་ས་གནས་ཁག་གི་སློབ་གྲྭ་འབྲིང་ཆུང་གིས་ཀུན་སྤྱོད་སློབ་གསོ་ཁང་སྤྱད་ནས་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་སྤེལ་བ་དང་། བརྙན་ཐུང་དང་། པར་རིས། རེའུ་མིག དཔེ་དབྱིབས་བཅས་འགྲེམས་སྟོན་བྱས་པ་བརྒྱུད། བོད་ལྗོངས་གསར་པའི་འཕེལ་རྒྱས་གསར་པ་དང་། འགྱུར་ལྡོག་གསར་པ། འཚོ་བ་གསར་པ་བཅས་ལ་བརྟེན་ནས་གཞོན་ནུ་ལོ་ཆུང་ཚོར་ཕུགས་བསམ་དང་དད་སེམས་བརྟན་དུ་བཏང་སྟེ“མོས་སེམས་ལྔ”ཟབ་ཏུ་གཏོང་དགོས་པའི་སློབ་གསོ་ཁྲིད་སྟོན་བྱས་ཡོད།

    འདི་ནི་རྣམ་གླིང་རྫོང་སློབ་འབྲིང་གཉིས་པའི་སློབ་མས་སློབ་གྲྭའི་ཀུན་སྤྱོད་སློབ་གསོ་ཁང་དུ་ལྟ་སྐོར་སློབ་སྦྱོང་བྱེད་བཞིན་པ།

    འདི་ནི་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་མང་ཚོགས་ལ་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་བརྗོད་བཞིན་པ།

    ཉེ་ཆར། གཞིས་རྩེ་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་གམ་པ་མཐའ་མཚམས་མངགས་གཏོང་ཁང་གིས་མཐའ་འཁོར་གྱི་མང་ཚོགས་རོག་མོ་གྲོང་གསར་གྱི་རྒྱལ་གཅེས་རིང་ལུགས་ཀྱི་བར་ཁྱམས་སུ་ལྟ་སྐོར་སློབ་སྦྱོང་བྱེད་པར་སྒྲིག་འཛུགས་བྱས་ནས་མང་ཚོགས་ཀྱི་ཏང་ལ་དགའ་ཞེན་དང་། རྒྱལ་ཁབ་ལ་དགའ་ཞེན། ཕ་ཡུལ་ལ་དགའ་ཞེན་བཅས་ཀྱི་བརྩེ་སེམས་འཕེལ་བར་བྱས་ནས་མང་ཚོགས་ཀྱི་མི་རིགས་མཐུན་སྒྲིལ་གྱི་འདུ་ཤེས་ཟབ་ཏུ་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།