དབུ་ཤོག>གསར་འགྱུར།>མི་རིགས་མཐུན་སྒྲིལ།
  • ལྷོ་ཁ་གྲོང་ཁྱེར་གྱིས།

    མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་ལས་དོན་ལ་སྤུས་ཚད་མཐོ་པོས་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-06-07

    ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་གྱིས་ཐབས་མང་མཉམ་སྤྱོད་ཀྱིས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་གྲོང་ཁྱེར་གཏོད་པར་སྤུས་ཚད་མཐོ་པོས་སྐུལ་འདེད་བཏང་ཞིང་། མིག་སྔའི་བར་སྔ་རྗེས་སུ་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཚན་པ་7དང་སློབ་གསོའི་རྟེན་གཞི་1དང་། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་མཉམ་སྡེབ་13དང་དཔེ་བཟང་མི་སྒེར་21ཐོན་པ་དང་། རང་སྐྱོང་ལྗོངས་རིམ་པའི་དཔེ་བཟང་ཚན་པ་30དང་དཔེ་བཟང་མཉམ་སྡེབ་139 དཔེ་བཟང་མི་སྒེར་230བཅས་ཐོན་ཡོད་པ་རེད།

    ལྷོ་ཁ་གྲོང་ཁྱེར་གྱིས“སྟོད་གོས་དམར་པོའི”དྲིལ་བསྒྲགས་རུ་ཁག་དང་། “ཚོན་མདོག་སྣ་བདུན་གྱི་དང་བླངས་ཞབས་ཞུའི”བུད་མེད་དྲིལ་བསྒྲགས་རུ་ཁག “མི་རིགས་མཐུན་སྒྲིལ་གྱི་དཔེ་བཟང་འཐུས་མིའི”དྲིལ་བསྒྲགས་རུ་ཁག སྡེ་ཁུལ་གྱི་མི་རིགས་མཐུན་སྒྲིལ་དྲིལ་བསྒྲགས་ཡན་ལག་རུ་ཁག་བཅས་བཙུགས་ནས་རྒྱ་ཆེའི་ཞིང་འབྲོག་ཁུལ་གྱི་མང་ཚོགས་དང་། སྡེ་ཁུལ་གྱི་གྲོང་མི། ཁེ་ལས་ཀྱི་ལས་བཟོ། ཚོང་གཉེར་ལས་གཉེར་མི་སྣ་བཅས་ལ་ཕྱོགས་པའི་མི་རིགས་མཐུན་སྒྲིལ་གྱི་ཤེས་བྱ་སྒྲོག་འགྲེལ་བྱས་ཏེ་རྒྱལ་གཅེས་རིང་ལུགས་དང་། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད། སྤྱི་ཚོགས་ཁྲིམས་སྐྱོང་། མི་རིགས་ཆོས་ལུགས་སྲིད་ཇུས། མི་རིགས་མཐུན་སྒྲིལ་ཡར་ཐོན་སོགས་ཀྱི་སློབ་གསོ་གཏིང་ཟབ་སྤེལ་བ་དང་མི་རིགས་ཁག་གི་མང་ཚོགས་ལ་ཁྲིད་སྟོན་གྱིས“ཁ་འབྲལ་ཐབས་མེད་པ་གསུམ”གྱི་བསམ་བློ་བརྟན་པོ་བཙུགས་ནས“མོས་སེམས་ལྔ”རྒྱུན་ཆད་མེད་པར་ཟབ་ཏུ་བཏང་ཡོད། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་ཆེད། ལོ་ལྟར་གཞི་རིམ་ལས་བྱེད་པ་དང་། འཐབ་ཕྱོགས་གཅིག་གྱུར་གྱི་རྒྱལ་གཅེས་མི་སྣ། གཞོན་ནུ་ལོ་ཆུང་སློབ་མ། ཞིང་འབྲོག་མང་ཚོགས་སོགས་ཁག་ཐེངས་མང་པོ་སྒྲིག་འཛུགས་བྱས་ཏེ་སྤུན་ཟླའི་ཞིང་ཆེན་དང་གྲོང་ཁྱེར་དུ་སློབ་སྦྱོང་དང་། ལྟ་སྐོར། གསོ་སྦྱོང་སོགས་ཕན་ཚུན་སྤེལ་རེས་བྱེད་པར་བསྐྱོད་ཅིང་། མིག་སྔའི་བར་གྲོང་ཁྱེར་ཡོངས་སུ་མི་རིགས་མི་འདྲ་བའི་དབར་གཉེན་སྒྲིག་བྱས་པའི་ཁྱིམ་ཚང་2189ཡོད་པ་དང་ལྗོངས་ཕྱིར་སློབ་སྦྱོང་བྱེད་བཞིན་པའི་ཐེམ་ཁུམས་ལྷོ་ཁ་ནས་ཡིན་པའི་སློབ་གྲྭ་ཆེ་མོ་བ་8800ལྷག་ཙམ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།