དབུ་ཤོག>གསར་འགྱུར།>མི་རིགས་མཐུན་སྒྲིལ།
  • མངའ་རིས་ས་ཁུལ་སྒར་རྫོང་གིས།

    མི་རིགས་མཐུན་སྒྲིལ་གྱི་བུམ་པ་དང་ལས་བཟོའི་ལུས་རྩལ་འགྲན་ཚོགས་སྐབས་གཉིས་པ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-06-07

    མི་རིགས་ཁག་གི་མང་ཚོགས་ཀྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་བཏང་ནས་རིག་གནས་དང་ལུས་རྩལ་གྱི་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་བ་དང་ལས་བྱེད་པ་དང་ལས་བཟོའི་གཟུགས་པོ་ཐང་པོ་ཡོང་བ་བྱ་ཆེད། ཉེ་ཆར་མངའ་རིས་ས་ཁུལ་སྒར་རྫོང་སྤྱི་ཁྱབ་བཟོ་ཚོགས་དང་། རྫོང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའུ། སྡེ་ཚོགས་རྫོང་ཨུད་བཅས་ཀྱིས་མཉམ་དུ་སྒར་རྫོང་གི་མི་རིགས་མཐུན་སྒྲིལ་གྱི་བུམ་པ་དང་ལས་བཟོའི་ལུས་རྩལ་འགྲན་ཚོགས་སྐབས་གཉིས་པ་འཚོགས་པ་དང་། རྫོང་ཡོངས་ཀྱི་ཤང་དང་གྲོང་རྡལ་ཁག་དང་རྫོང་ཐད་གཏོགས་ཚན་པ་ཁག་གི་འཐུས་མི་རུ་ཁག་23འགྲན་བསྡུར་ལ་ཞུགས་ཡོད་པ་རེད།

    ད་རེས་ཀྱི་ལུས་རྩལ་འགྲན་ཚོགས་ཉིན་20འཚོག་རྒྱུ་ཡིན་པ་དང་། རྐང་རྩེད་སྤོ་ལོ་དང་། ལན་ཆིའུ་སྤོ་ལོ། ཐག་འཐེན། རྒྱུག་ཤར། ཐག་མཆོང་སོགས་འགྲན་བསྡུར་རྣམ་གྲངས་8ཡོད་པ་དེར་རྫོང་ཡོངས་ཀྱི་ལས་བྱེད་པ་དང་ལས་བཟོས་མིང་ཐོ་ཧུར་ཐག་བཀོད་ནས་དེར་ཧུར་ཐག་ཞུགས་ཡོད།

    ད་རེས་ཀྱི་ལུས་རྩལ་འགྲན་ཚོགས་ལས་རྫོང་ཡོངས་ཀྱི་ལས་བྱེད་པ་དང་ལས་བཟོའི་མཐུན་སྒྲིལ་ཡར་བརྩོན་གྱི་བསམ་པའི་ཉམས་འགྱུར་གང་ལེགས་མངོན་པ་དང་། ལས་བྱེད་པ་དང་ལས་བཟོའི་དབར་གྱི་འབྲེལ་གཏུག་སྤེལ་རེས་ལ་ཤུགས་སྣོན་ཐེབས་པ། གོང་བུ་སྒྲིལ་ཤུགས་དང་བློ་ཁ་ཕྱོགས་ཤུགས་སྔར་བས་ཆེ་རུ་ཕྱིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།