དབུ་ཤོག>གསར་འགྱུར།>མི་རིགས་མཐུན་སྒྲིལ།
  • ཆབ་མདོ་གྲོང་ཁྱེར་སྟེང་ཆེན་རྫོང་གིས།

    མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་རྫོང་འཛུགས་གཏོད་ཀྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-06-07

    འདི་ལོ་ཚུན་དུ། ཆབ་མདོ་གྲོང་ཁྱེར་སྟེང་ཆེན་རྫོང་གིས་རང་སྐྱོང་ལྗོངས་རིམ་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་རྫོང་གྲུབ་འབྲས་ཐོབ་པའི་ངང་འཛུགས་གཏོད་བྱས་པ་གོ་སྐབས་ལ་བརྩིས་ནས། བྱ་ཐབས་སྣ་ཚོགས་སྤྱད་དེ་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་རྫོང་འཛུགས་གཏོད་བྱེད་པའི་གྲུབ་འབྲས་མུ་མཐུད་སྲ་བརྟན་རྒྱ་སྐྱེད་བཏང་ཡོད་པ་རེད།

    སྟེང་ཆེན་རྫོང་གིས་ཐོག་མཐའ་བར་གསུམ་དུ“མི་རིགས་ཁག་ཚང་མ་ཁྱིམ་ཚང་གཅིག་ཡིན་པས། ཁྱིམ་མི་ཚང་མ་འཚོ་བ་ཡག་པོ་སྐྱེལ་ཐུབ་པ་བྱེད་དགོས་པའི”འདུ་ཤེས་ལག་ལེན་བསྟར་ཏེ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་གཏོང་བ་དང་གྲོང་གསེབ་དར་རྒྱས་གཏོང་རྒྱུ་འབྲེལ་མཐུད་ནུས་ལྡན་གྱིས་ཡུལ་བབ་དང་བསྟུན་ནས་མི་རིགས་གྲོང་ཚོ་དང་སྡེ་ཁུལ་གྱི་སྤྱི་ཡོངས་ཀྱི་འཕེལ་རྒྱས་འཆར་འགོད་ཡག་པོ་བྱས་ཏེ། མི་རིགས་ཀྱི་རིག་གནས་དང་ཐོན་ལས་འཕེལ་རྒྱས་དང་། ཡུལ་སྐོར་ཐོན་ཁུངས་གསར་སྤེལ་དང་ཁོར་ཡུག་སྤུས་ཚད་མཐོར་གཏོང་གི་ལས་དོན་ཧུར་ཐག་བསྒྲུབས་ཡོད།

    དེ་དང་ཆབས་ཅིག་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི“གཤམ་སྤེལ་དགུའི”འཛུགས་གཏོད་བྱེད་སྒོ་མུ་མཐུད་གཏིང་ཟབ་སྤེལ་ནས“འགྲན་སློབ་སྙེག་བརྒལ”བྱེད་རིང་ལས་ཀའི་ཕན་འབྲས་ཟམ་མི་ཆད་པར་ཆེ་རུ་བཏང་ཡོད་པ་རེད།

    ཏང་གི་མི་རིགས་རིགས་པའི་གཞུང་ལུགས་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་འཆར་གཞི་དང་། ཏང་ཨུད(ཏང་ཙུའུ)ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་གཅིག་བསྡུས་སློབ་སྦྱོང་ནང་དོན་ལ་འཇུག་རྒྱུ་མཐའ་འཁྱོངས་བྱས་ཏེ། མི་རིགས་ཁག་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱེད་པའི་ལོ་རྒྱུས་རིག་གནས་སྔོག་འདོན་གཏིང་ཟབ་དང་།“དར་དམར་ལྷབ་ལྷུབ་ཏུ་གཡོ་བའི”འདུ་འགོད་ལག་བསྟར།“ཁ་འབྲལ་ཐབས་མེད་པ་གསུམ”གྱི་བསམ་བློ་སྔར་བས་ཟབ་ཏུ་གཏོང་བ།“མོས་སེམས་ལྔ”ཟབ་ཏུ་གཏོང་བ་བཅས་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་བཏང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།