དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོ།

    རིགས་པའི་གཞུང་ལུགས་སྤྱོད་པར“མཁས་པོ་ལྔ”ཐུབ་པར་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-06-07

    ཏང་གི་ཚོགས་ཆེན་ཉི་ཤུ་པར་བཏོན་པའི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པའི་ཁྲོད་དུ་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་དག་སྤྱོད་དགོས།

    ▲ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་དུས་རབས་ལ་ལྟ་ཞིབ་དང་། དུས་རབས་ལ་སྟངས་འཛིན། དུས་རབས་ལ་སྣེ་ཁྲིད་བཅས་བྱེད་མཁས་པོ་བྱས་ཏེ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་འཐབ་ཇུས་ཀྱི་སྤྱི་ཡོངས་དང་འཛམ་གླིང་ལ་ལོ་བརྒྱར་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོར་སྔར་བས་སྤྱི་འདོམས་ཡག་པོ་བྱས་ནས་དུས་ཚོད་དང་དུས་བབ་དང་། ཉེན་ཁ་དང་གོ་སྐབས་མཐིལ་རྟོགས་གཏིང་ཟབ་བྱས་ཏེ་འགྱུར་ལྡོག་ལ་ངོས་འཛིན་དང་། འགྱུར་ལྡོག་ལ་བསྟུན་པ། འགྱུར་ལྡོག་ཡོང་ཐབས་བཅས་ཧུར་ཐག་བྱེད་དགོས།

    ▲དགོངས་པ་འདིར་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་འཕེལ་རིམ་གསར་པ་དང་ཚད་བརྒལ་གསར་པ་ཡོང་བར་སྐུལ་འདེད་གཏོང་མཁས་པོ་བྱས་ནས། ཆབ་སྲིད་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། འཐབ་ཇུས་ཀྱི་འདེགས་སྐྱོར་ཕུན་སུམ་ཚོགས་སུ་གཏོང་བ། ལག་ལེན་གྱི་ཐབས་ལམ་རྒྱ་ཆེར་གཏོང་བ། འཕེལ་རྒྱས་ཀྱི་དཀའ་གནད་སེལ་བ། སྒུལ་ཤུགས་དང་གསོན་ཤུགས་འཕེལ་བ་བཅས་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཀྲུང་གོའི་ཁྱད་ཆོས་སྔར་བས་མངོན་གསལ་དོད་པ་དང་། ལེགས་ཆ་སྔར་བས་མངོན་པ། མདུན་ལམ་སྔར་བས་འོད་ཟེར་ལྡན་པ་བཅས་ཡོང་བར་བྱེད་དགོས།

    ▲དགོངས་པ་འདིར་བརྟེན་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་ཀྱི་འགལ་བ་དང་གནད་དོན་སྣ་ཚོགས་ཐག་གཅོད་བྱེད་མཁས་པོ་བྱས་ཏེ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གང་མགྱོགས་གཏོད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཐུན་མོང་འབྱོར་ཕྱུག་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས།

    ▲དགོངས་པ་འདིར་བརྟེན་ནས་ཉེན་ཁ་ཆེན་པོར་འགོག་ཟོན་དང་སེལ་མཁས་པོ་བྱས་ཏེ། སེམས་ཁྲལ་གྱི་འདུ་ཤེས་ཆེ་རུ་གཏོང་བ་དང་། མཐའ་ཚད་ཀྱི་བསམ་བློ་མཐའ་འཁྱོངས། བདེ་སྡོད་ཉེན་བསམ་དང་མ་བྱུང་སྔོན་འགོག དུས་དང་རྣམ་པ་ཀུན་ཏུ་གྲ་སྒྲིག་ཨང་བསར་གྱི་ཉམས་འགྱུར་རྒྱུན་འཁྱོངས། སྔོན་ཇུས་ཡག་པོ་འདིང་བ་དང་རང་འགུལ་དམག་འཐབ་ཡག་པོ་རྒྱག་པ། ཉེན་ཁ་སྣ་ཚོགས་མ་ཐོན་སྔོན་འགོག་བཅས་བྱས་ནས། ཉེན་ཁ་སྣ་ཚོགས་ཚོད་འཛིན་མི་ཐུབ་པར་ཇེ་ཆེར་འགྲོ་བར་མཐའ་གཅིག་ཏུ་སྔོན་འགོག་དང་བརྒྱུད་རིམ་རང་བཞིན་གྱི་ཉེན་ཁར་མཐའ་གཅིག་ཏུ་འགོག་ཟོན་བྱེད་དགོས།

    ▲དགོངས་པ་འདིར་བརྟེན་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏོང་མཁས་པོ་བྱས་ཏེ། དུས་དང་རྣམ་པ་ཀུན་ཏུ་ཏང་ཆེན་པོ་ཁོ་ནར་ཡོད་པའི་དཀའ་གནད་ཐག་གཅོད་ཀྱི་རིག་པ་དྭངས་གསལ་དང་བློ་བརྟན་འགྱུར་མེད་རྒྱུན་འཁྱོངས་ཀྱིས་གསར་དུ་ཐོན་པའི་གནད་དོན་ཐག་གཅོད་ལ་མཐོང་ཆེན་བྱེད་དགོས་ལ། གནས་པའི་གཏིང་རིམ་གྱི་གནད་དོན་ཐག་གཅོད་ལ་ཡང་མཐོང་ཆེན་བྱས་ཏེ། ཏང་གི་ངོ་བོ་མི་འགྱུར་བ་དང་། ཁ་དོག་མི་འགྱུར་བ། བྲོ་བ་མི་འགྱུར་བ་བཅས་ཀྱི་འགན་ལེན་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།