དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ཆབ་མདོ་གྲོང་ཁྱེར་ཆུ་བེད་ཅུས་ཀྱིས་གྲོང་གསེབ་ཀྱི་ཆུ་མཁོ་འདོན་འགན་ལེན་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-06-07

    དམངས་ལ་བྱ་བ་དངོས་སྒྲུབ་པར་སྟོབས་དང་ལྡན་ལ་ནུས་པ་ཐོན་པའི་འགན་ལེན་དང་། “དམངས་ལ་བྱ་བ་དངོས་སྒྲུབ་པ་དང་མང་ཚོགས་ཀྱི་དཀའ་གནད་སེལ་བ”ལས་དོན་དངོས་ནང་དོན་འཁྱོལ་བྱ་ཆེད། ཉེ་ཆར་ཆབ་མདོ་གྲོང་ཁྱེར་ཆུ་བེད་ཅུས་ཀྱིས་མང་ཚོགས་ཀྱིས་དོ་ཁུར་ཆེ་ཤོས་བྱེད་པའི་འཐུང་ཆུའི་བདེ་འཇགས་ལ་དམིགས་ཏེ། གྲོང་གསེབ་ཏུ་བསྐྱོད་ནས་ཆུ་མཁོ་འདོན་འགན་ལེན་དང་ཉེན་ཁའི་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་གི་ལྟ་སྐུལ་མཛུབ་ཁྲིད་ཞིབ་བཤེར་ལས་དོན་སྤེལ་བ་རེད།

    ཆབ་མདོ་གྲོང་ཁྱེར་ཆུ་བེད་ཅུས་ཀྱིས་དཔྱད་ཡིག་ལྟ་ཀློག་དང་། ཡུལ་དངོས་སུ་ཞིབ་བཤེར། བཞུགས་མོལ་ཚོགས་འདུ་འཚོགས་པ་སོགས་ཀྱི་བྱེད་ཐབས་བརྒྱུད་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱས་རྗེས་བླང་བྱ་བཏོན་དོན། “འགན་འཁྲི་གསུམ་དང་ལམ་ལུགས་གསུམ”དོན་འཁྱོལ་ནན་ཏན་བྱས་ནས་འགན་འཁྲིའི་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། ལུགས་མཐུན་གྱི་འཐུང་ཆུའི་དོ་དམ་པའི་དཔྱད་ཞིབ་ལམ་ལུགས་དུས་ཐོག་ཏུ་བཟོ་བ། གྲོང་ཚོ་རིམ་པའི་འཐུང་ཆུའི་དོ་དམ་པར་གསོ་སྦྱོང་དང་དོ་དམ་ལ་སྔར་བས་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ཐོལ་བྱུང་གནས་ཚུལ་ཐོན་སྐབས་གྲོང་གསེབ་ཀྱི་ཆུ་མཁོ་འདོན་ལས་གྲྭ་རྒྱུན་གཏན་བཞིན་འཁོར་སྐྱོད་ཐུབ་པའི་འགན་ལེན་ཏན་ཏིག་བྱེད་དགོས། དགུན་དུས་སུ་ཁྱིམ་ཚང་གི་ཆུ་སྤྱོད་དྲོད་སྲུང་བྱེད་ཐབས་ཀྱི་ཤེས་བྱ་དྲིལ་བསྒྲགས་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས། མང་ཚོགས་ལ་ཆུ་མཁོ་འདོན་སྒྲིག་ཆས་ཀྱི་དྲོད་སྲུང་ཡག་པོ་བྱེད་པ་དང་ཐབ་ཚང་ནང་བདེ་འཇགས་ཀྱིས་སྤྱད་དེ། འཐུང་ཆུའི་དཀའ་ངལ་ཐག་གཅོད་ལེགས་པོ་དང་འཐུང་ཆུ་བདེ་འཇགས་མིན་པའི་གནད་དོན་སེལ་དགོས་པའི་སློབ་གསོ་ཁྲིད་སྟོན་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།