དབུ་ཤོག
  • རིག་གནས་དངོས་མང་སྟོན་ཚོགས་རིང་བོད་ཀྱི་འགྲེམས་སྟོན་ཚོགས་པས་ཆེད་དོན་འཁྲབ་སྟོན་བྱ་རྒྱུ་ཡིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-06-07

    ཀྲུང་གོ(ཧྲེན་ཀྲེན)རྒྱལ་སྤྱིའི་རིག་གནས་ཐོན་ལས་དངོས་མང་སྟོན་ཚོགས་ཚོང་འདུས་སྐབས་བཅུ་དགུ་པ(གཤམ་དུ“རིག་རྫས་འགྲེམས་ཚོགས”ཞེས་བསྡུ་རྒྱུ)ཟླ་6ཚེས་7ཉིན་ནས་ཚེས་11ཉིན་བར་ཧྲེན་ཀྲེན་དུ་འཚོག་རྒྱུ་ཡིན་ཞིང་། ད་ཐེངས་ཀྱི་རིག་གནས་དངོས་མང་སྟོན་ཚོགས་རིང་། བོད་ཀྱི་འགྲེམས་སྟོན་ཚོགས་པས“རིག་གནས་དངོས་མང་སྟོན་ཚོགས་ས་གཞི་ཀུན་ཏུ་ཁྱབ། བརྩེ་སེམས་ཀྱིས་ཕྱུག་པའི་ས་མཐོ”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་བོད་ཀྱི་མི་རིགས་ཀྱི་ཁྱད་ལྡན་གླུ་གར་ཆེད་དོན་རིག་རྩལ་འཁྲབ་སྟོན་བྱས་ནས་བོད་ཀྱི་ལོ་རྒྱུས་རིག་གནས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་མངོན་པར་བྱས་ཏེ་ལྟད་མོ་བ་ཚོར་བོད་ཀྱི་རིག་གནས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཉམས་སུ་མྱོང་དུ་འཇུག་རྒྱུ་རེད།

    ད་ཐེངས་ཀྱི་རིག་རྩལ་འཁྲབ་སྟོན་དེ་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་དྲིལ་བསྒྲགས་པུའུ་ཡིས་གཙོ་གཉེར་བྱས་པ་དང་། ཀྲུང་གུང་ལྷ་ས་གྲོང་ཨུད་དྲིལ་བསྒྲགས་པུའུ་དང་། ཧྲེན་ཀྲེན་སློབ་ཆེན། བོད་རང་སྐྱོང་ལྗོངས་རིག་གནས་ཐོན་ལས་མཐུན་ཚོགས་བཅས་ཀྱིས་མཉམ་འབྲེལ་ཐོག་གཉེར་བ་ཞིག་རེད། གཞས་པ་ཚོས་འཁྲུག་ཆ་དོད་པའི་གླུ་གཞས་དང་འཁྲབ་སྟོན་པ་ཚོའི་ཡིད་དབང་འཕྲོག་པའི་སྟངས་སྟབས་བརྒྱུད་རིག་གནས་དངོས་མང་སྟོན་ཚོགས་ལ་ཞུགས་མཁན་སྐུ་མགྲོན་དང་། ཧྲེན་ཀྲེན་གྱི་གྲོང་མི་དང་དེ་བཞིན་སྤྱི་ཚོགས་ཀྱི་སྤྱི་དམངས་ལ་མིག་དང་རྣ་ཡི་དགའ་སྟོན་བཤམས་ཏེ་བོད་ཀྱི་རིག་གནས་ཀྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་མཉམ་སྤྱོད་ཐུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།