དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • ཀྲུང་ཧྭའི་ཤེས་དཔལ་གྱི་མངོན་གསལ་དོད་པའི་ཁྱད་ཆོས་ཁོང་དུ་གཏིང་ཟབ་ཆུད་པར་བྱེད་དགོས།

    —— སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་ཀྱི་བཞུགས་མོལ་ཚོགས་འདུར་གནང་བའི་གསུང་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུའི་སྐོར་གླེང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     རྩོམ་པ་པོ།   མི་དམངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།    |     སྤེལ་དུས།  2023-06-07

    རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་ཀྱི་བཞུགས་མོལ་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལ་གཞི་རྒྱུ་གལ་ཆེན་མང་པོ་ཡོད་པ་དེ་དག་གིས་ཐུན་མོང་ཐོག་ཀྲུང་ཧྭའི་ཤེས་དཔལ་གྱི་མངོན་གསལ་དོད་པའི་ཁྱད་ཆོས་བཏོད་ཡོད”ཅེས་གསུངས། ཀྲུང་ཧྭའི་ཤེས་དཔལ་ལ་ལྡན་པའི་མངོན་གསལ་དོད་པའི་རྒྱུན་མཐུད་ཀྱི་རང་བཞིན་དང་། གསར་གཏོད་ཀྱི་རང་བཞིན། གཅིག་གྱུར་གྱི་རང་བཞིན། བསྟུན་མཁས་ཀྱི་རང་བཞིན། ཞི་བདེའི་རང་བཞིན་བཅས་ལ་འགྲེལ་བཤད་གཏིང་ཟབ་གནང་བ་དེས་ང་ཚོས་ཀྲུང་ཧྭའི་ཤེས་དཔལ་གྱི་ལོ་རྒྱུས་ལ་ཕྱོགས་ཡོངས་ནས་ཤེས་རྟོགས་གཏིང་ཟབ་དང་རིག་གནས་ཀྱི་འགན་འཁྲི་གསར་པ་ཕྲག་ཏུ་དེ་བས་ལེགས་པར་ཁུར་ནས། ང་ཚོའི་དུས་རབས་འདིར་དབང་བའི་རིག་གནས་གསར་པ་གཏོད་པར་ཐུན་མོང་ཐོག་འབད་བརྩོན་བྱ་རྒྱུར་མཛུབ་ཁྲིད་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད།

    ཀྲུང་ཧྭ་མི་རིགས་ནི་འཛམ་གླིང་ཐོག་གི་གནའ་བོའི་རླབས་ཆེན་མི་རིགས་ཤིག་ཡིན་པ་དང་ལོ་ངོ་5000ལྷག་ཙམ་གྱི་ཤེས་དཔལ་ལོ་རྒྱུས་ཡུན་རིང་ལྡན་ཞིང་། འཛམ་གླིང་ཐོག་གི་གནའ་བོའི་དུས་ནས་ད་བར་རྒྱུན་ཆད་མྱོང་མེད་པའི་ཤེས་དཔལ་འབའ་ཞིག་དེ་ཡིན་པ་དང་། དམིགས་བསལ་གྱི་ཁྱད་ཆོས་ལྡན་པ་དང་གཏིང་ཟབ་པའི་རིན་ཐང་གི་འདུ་ཤེས་དང་ཤེས་དཔལ་གྱི་མ་ལག་ཅིག་གྲུབ་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“གལ་ཏེ་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་རྒྱུན་མཐུད་རང་བཞིན་གྱི་ཐོག་ནས་ཀྲུང་གོར་ཤེས་རྟོགས་མ་བྱས་ཚེ། གནའ་རབས་ཀྱི་ཀྲུང་གོར་རྒྱུས་ལོན་མི་ཐུབ་པ་དང་དེང་རབས་ཀྱི་ཀྲུང་གོར་རྒྱུས་ལོན་མི་ཐུབ་ལ། འབྱུང་འགྱུར་གྱི་ཀྲུང་གོར་དེ་བས་ཀྱང་རྒྱུས་ལོན་མི་ཐུབ”ཅེས་ནན་བཤད་གནང་བ་རེད། ལོ་རྒྱུས་དང་ལག་ལེན་ལས་ར་འཕྲོད་གང་ལེགས་བྱུང་བར། ཀྲུང་ཧྭའི་ཤེས་དཔལ་ལ་རྒྱུན་མཐུད་ཀྱི་རང་བཞིན་མངོན་གསལ་དོད་པོ་ཡོད་པ་དེས་རྩ་བའི་ཐོག་ནས་ཀྲུང་ཧྭ་མི་རིགས་ཀྱིས་རང་ཉིད་ཀྱི་ལམ་བུར་བསྐྱོད་ངེས་ཡིན་པ་གཏན་འཁེལ་བྱས་ཡོད།

    གནའ་སྔ་མོ་ནས་བཟུང་། ཀྲུང་ཧྭའི་ཤེས་དཔལ་དེ་རྒྱུན་འཛིན་དང་གསར་གཏོད་ཁྲོད་ཟམ་མི་ཆད་པར་འཕེལ་རྒྱས་འགྲོ་བ་དང་དུས་བབ་ཀྱི་འགྱུར་ལྡོག་ལ་ཁ་གཏད་འཇལ་བའི་ཁྲོད་ལེགས་སུ་འགྲོ་བཞིན་ཡོད།

    དེས་ན། ཀྲུང་ཧྭ་མི་རིགས་ཀྱི་ཆེས་ཟབ་པའི་བསམ་པའི་དོན་གཉེར་བྱས་པ་འདུས་ཡོད་པ་དེ་ནི་ཀྲུང་ཧྭ་མི་རིགས་མི་རབས་ནས་མི་རབས་བར་ཉམས་པ་མེད་པར་འཕེལ་རྒྱས་དང་སྟོབས་ཆེར་འགྲོ་བའི་འཚོ་བཅུད་བཟང་པོ་ཞིག་རེད། ལོ་ངོ་སྟོང་ཕྲག་མང་པོའི་ལོ་རྒྱུས་ལ་བལྟས་ན་སྒྱུར་བཅོས་དང་སྒོ་དབྱེ་ནི་སྤྱིའི་ཆ་ནས་ཀྲུང་གོའི་ལོ་རྒྱུས་ཀྱི་རྒྱུན་རྣམ་ཞིག་རེད། ལོ་རྒྱུས་དང་ལག་ལེན་ལས་ར་འཕྲོད་གང་ལེགས་བྱུང་བར། ཀྲུང་ཧྭའི་ཤེས་དཔལ་ལ་མངོན་གསལ་དོད་པའི་གསར་གཏོད་རང་བཞིན་ལྡན་པ་དེས་ཀྲུང་ཧྭ་མི་རིགས་ཀྱིས་དྲང་གཞག་སྲུང་བ་དང་རྙིང་ཞེན་དོར་བ་དང་། གནའ་བོའི་རིག་གནས་ལ་བརྩི་འཇོག་བྱེད་པ་ལས་གནའ་བོའི་རིག་གནས་འདྲ་བཟོ་མི་བྱེད་པའི་ཡར་བརྩོན་གྱི་སྙིང་སྟོབས་རྩ་བའི་ཐོག་ནས་གཏན་འཁེལ་བྱས་ཡོད་པ་དང་། ཀྲུང་ཧྭ་མི་རིགས་ཀྱིས་འགྲན་སློང་གསར་པར་མི་སྐྲག་པ་དང་བྱ་དངོས་གསར་པ་དང་ལེན་བྱེད་ཕོད་པའི་ཞུམ་མེད་ཀྱི་གཤིས་རྒྱུད་གཏན་འཁེལ་བྱས་ཡོད།

    ཀྲུང་གོའི་ལོ་རྒྱུས་ནི་མི་རིགས་ཁག་མཉམ་འདྲེས་ཀྱིས་སྣ་མང་གཞི་གཅིག་གི་ཀྲུང་ཧྭ་མི་རིགས་གྲུབ་པའི་ལོ་རྒྱུས་ཤིག་དང་མི་རིགས་ཁག་གིས་ཐུན་མོང་ཐོག་རླབས་ཆེན་མེས་རྒྱལ་གཏོད་པ་དང་། འཕེལ་རྒྱས་གཏོང་བ། གོང་བུ་གཅིག་གྱུར་སྲ་བརྟན་གཏོང་བ་བཅས་ཀྱི་ལོ་རྒྱུས་ཤིག་རེད། མི་རིགས་ཁག་མཐུན་སྒྲིལ་མཉམ་འདྲེས་ཐུབ་པ་དང་སྣ་མང་གཞི་གཅིག་ཏུ་གྱུར་ཐུབ་པ་དེ་ནི་མི་རིགས་ཁག་གི་རིག་གནས་ཐད་མཉམ་ལེན་མཉམ་གསོག་དང་། དཔལ་འབྱོར་ཐད་གཅིག་ལ་གཅིག་བརྟེན། བརྩེ་སེམས་ཐད་ཕན་ཚུན་ཉེ་པོ་བྱེད་པ་བཅས་ལས་བྱུང་བ་དང་ཀྲུང་ཧྭ་མི་རིགས་ཀྱིས་མཐུན་སྒྲིལ་གཅིག་གྱུར་དོན་གཉེར་བྱེད་པའི་ནང་སྐྱེས་སྒུལ་ཤུགས་ལས་བྱུང་བ་ཞིག་རེད། ལོ་རྒྱུས་དང་ལག་ལེན་ལས་ར་འཕྲོད་གང་ལེགས་བྱུང་བར། ཀྲུང་ཧྭའི་ཤེས་དཔལ་ལ་མངོན་གསལ་དོད་པའི་གཅིག་གྱུར་རང་བཞིན་ལྡན་པ་དེས་ཀྲུང་ཧྭ་མི་རིགས་ཀྱི་མི་རིགས་ཁག་གི་རིག་གནས་གཞི་གཅིག་ཏུ་འདུས་པ་དང་འགོག་རྐྱེན་ཆེན་པོ་འཕྲད་ཀྱང་བརྟན་པོའི་ངང་གོང་བུ་གཅིག་ཏུ་འགྲིལ་ཐུབ་པ་རྩ་བའི་ཐོག་ནས་གཏན་འཁེལ་བྱས་པ་དང་། རྒྱལ་ཁབ་ཀྱི་ས་ཆ་ཁ་མི་འབྲལ་བ་དང་། རྒྱལ་ཁབ་ཟང་ཟིང་དུ་མི་འགྱུར་བ། མི་རིགས་ཁ་འཐོར་དུ་མི་འགྲོ་བ། ཤེས་དཔལ་གྱི་རྒྱུན་མི་ཆད་པ་བཅས་ཀྱི་ཐུན་མོང་གི་དད་སེམས་གཏན་འཁེལ་བྱས་པ། རྒྱལ་ཁབ་གཅིག་གྱུར་ནི་དུས་ནམ་ཡང་ཀྲུང་གོའི་ལྟེ་བའི་ཁེ་ཕན་གྱི་ལྟེ་བ་ཡིན་པ་གཏན་འཁེལ་བྱས་པ། འགྱུར་མེད་སྟོབས་ལྡན་དང་གཅིག་གྱུར་གྱི་རྒྱལ་ཁབ་ཅིག་ནི་མི་རིགས་ཁག་གི་མི་དམངས་ཀྱི་ལས་དབང་དང་དམ་པོར་སྦྲེལ་བ་གཏན་འཁེལ་བྱས་ཡོད།

    ཤེས་དཔལ་ནི་སྣ་མང་ཡིན་པས་སྤེལ་རེས་བྱེད་དགོས་པ་དང་། སྤེལ་རེས་བྱས་པས་ཕན་ཚུན་དཔྱད་གཞིར་འཛིན་པ། ཕན་ཚུན་དཔྱད་གཞིར་འཛིན་པའི་དབང་གིས་འཕེལ་རྒྱས་བྱུང་བ་ཞིག་རེད། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་ནི་ཀྲུང་ཧྭའི་རིག་གནས་ཀྱི“གནམ་འོག་སྤྱི་མཐུན”གྱི་འདུ་ཤེས་ལས་བྱུང་བ་དང་དེས་རྒྱལ་ཁབ་མི་འདྲ་བའི་དབར་གྱི་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུར་གཞོལ་གྱི་ཡོད། ལོ་རྒྱུས་དང་ལག་ལེན་ལས་ར་འཕྲོད་གང་ལེགས་བྱུང་བར། ཀྲུང་ཧྭའི་ཤེས་དཔལ་ལ་མངོན་གསལ་དོད་པའི་བསྟུན་མཁས་རང་བཞིན་ལྡན་པ་དེས་ཀྲུང་ཧྭ་མི་རིགས་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱེད་པའི་ལོ་རྒྱུས་ཀྱི་ཁ་ཕྱོགས་རྩ་བའི་ཐོག་ནས་གཏན་འཁེལ་བྱས་པ་དང་། ཀྲུང་གོའི་ཆོས་ལུགས་ཁག་གི་དད་མོས་སྣ་མང་མཉམ་གནས་ཀྱི་ཞི་མཐུན་རྣམ་པ་གཏན་འཁེལ་བྱས་པ། ཀྲུང་ཧྭའི་རིག་གནས་ཀྱིས་འཛམ་གླིང་གི་ཤེས་དཔལ་མཉམ་བསྡུ་མཉམ་གསོག་གི་ཁོང་ཡངས་གཏན་འཁེལ་བྱས་ཡོད།

    ཞི་བདེ་དང་། འཆམ་མཐུན། ཞི་མཐུན་བཅས་དོན་གཉེར་བྱེད་པ་དེ་ཀྲུང་ཧྭ་མི་རིགས་ཀྱི་བསམ་པའི་འཇིག་རྟེན་ཁྲོད་རྩ་བ་བརྟན་པོ་ཚུགས་པ་དང་ཀྲུང་གོའི་མི་དམངས་ཀྱི་ཁྲག་རྒྱུན་ཁྲོད་ཟབ་མོ་འདྲེས་ཡོད། ལོ་ངོ་600ལྷག་ཙམ་གོང་ཀྲེང་ཧོ་ནུབ་གླིང་དུ་སྐྱོད་སྐབས། སྐབས་དེ་དུས་ཀྱི་འཛམ་གླིང་གི་དམག་གྲུའི་རུ་ཁག་ཆེ་ཤོས་ཀྱི་སྣེ་ཁྲིད་ནས་དར་གོས་དང་། ཇ་ལོ། རྫ་ཆས་བཅས་ཁྱེར་ཕྱིན་པ་ལས་དམག་འཁྲུག་བསླང་མེད་ལ་ལམ་བར་དུ་ས་ཆ་སྦར་མཐིལ་ཙམ་ཡང་བཟུང་མེད། ལོ་རྒྱུས་དང་ལག་ལེན་ལས་ར་འཕྲོད་གང་ལེགས་བྱུང་བར། ཀྲུང་ཧྭའི་ཤེས་དཔལ་ལ་མངོན་གསལ་དོད་པའི་ཞི་བདེའི་རང་བཞིན་ལྡན་པ་དེས་ཀྲུང་གོ་ནི་ཐོག་མཐའ་བར་གསུམ་དུ་འཛམ་གླིང་ཞི་བདེ་འཛུགས་སྐྲུན་པ་དང་། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་མཁན། རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོང་མཁན་བཅས་ཡིན་པ་རྩ་བའི་ཐོག་ནས་གཏན་འཁེལ་བྱས་པ་དང་། ཀྲུང་གོས་ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུ་ཟམ་མི་ཆད་པར་དོན་གཉེར་བྱེད་པ་ལས་རིག་གནས་བཙན་དབང་མི་བྱེད་པ་གཏན་འཁེལ་བྱས་པ། ཀྲུང་གོས་རང་ཉིད་ཀྱི་རིན་ཐང་ལྟ་བ་དང་ཆབ་སྲིད་སྒྲིག་སྲོལ་གཞན་ལ་བཙན་འགེལ་མི་བྱེད་པ་གཏན་འཁེལ་བྱས་པ། ཀྲུང་གོས་མཉམ་ལས་མཐའ་འཁྱོངས་བྱེད་པ་དང་ཁ་གཏད་དུ་མི་ལངས་བ་དང“ཤོག་ཁག་མི་སྒྲིག་པ”གཏན་འཁེལ་བྱས་ཡོད།

    རིག་གནས་དར་ན་རྒྱལ་ཁབ་དར་བ་དང་རིག་གནས་སྟོབས་ཆེར་ཕྱིན་ན་མི་རིགས་སྟོབས་ཆེར་འགྲོ་ངེས་རེད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ནི་ཕྱོགས་ཡོངས་ནས་འཕེལ་རྒྱས་དང་ཕྱོགས་ཡོངས་ནས་ཡར་ཐོན་ཡོང་བའི་བྱ་གཞག་རླབས་པོ་ཆེ་ཞིག་ཡིན་པས། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་དར་རྒྱས་གོང་འཕེལ་མ་བྱུང་ན་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་ཡོང་མི་སྲིད། ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་གོམ་སྟབས་གཉིས་ལ་དབྱེ་བའི་འཐབ་ཇུས་བཀོད་སྒྲིག་ལ་གཞི་ཆེའི་རྒྱང་ལྟ་བྱས་ཏེ། 2035ལོར་རིག་གནས་སྟོབས་ཆེའི་རྒྱལ་ཁབ་སྐྲུན་པ་དང་རྒྱལ་ཁབ་ཀྱི་རིག་གནས་ཀྱི་འཇམ་ཤུགས་མངོན་གསལ་དོད་པོས་ཆེ་རུ་འགྲོ་བའི་འཕེལ་རྒྱས་ཀྱི་དམིགས་ཚད་ཁ་གསལ་བཟོས་ཡོད།

    བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཐོག་མཐའ་བར་གསུམ་དུ་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་ལག་ལེན་ལ་གཞི་ཚུགས་པ་དང་། ཀྲུང་ཧྭའི་ཤེས་དཔལ་ཁྲོད་ནས་བློ་གྲོས་བསྡུ་ལེན་བྱེད་པ། མི་རིགས་ཡོངས་ཀྱི་རིག་གནས་གསར་གཏོད་ཀྱི་གསོན་ཤུགས་རྒྱུན་ཆད་མེད་པར་འཕེལ་བར་བྱེད་པ། ལག་ལེན་གསར་གཏོད་ཁྲོད་རིག་གནས་གསར་གཏོད་བྱེད་པ། ལོ་རྒྱུས་ཡར་ཐོན་ཁྲོད་རིག་གནས་ཡར་ཐོན་ཡོང་བ་བཅས་བྱས་ཚེ། ང་ཚོས་ལོ་རྒྱུས་རིག་གནས་ཀྱི་རྩ་བ་རྒྱུན་འཛིན་དང་དེང་རབས་ཀྱི་ངོ་མཚར་ཆེ་བའི་ལེའུ་བརྩམས་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བའི་བསམ་པའི་སྟོབས་ཤུགས་ཆེ་རུ་གཏོང་ཐུབ་ངེས་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།