ཡིག་རྒྱུགས་སྐོར་གྱི་ཛ་དྲག་ཆེ་བའི་སྤྱི་བསྒྲགས།
ལྷ་ས་གྲོང་ཁྱེར་གྱི་ཁེ་ལས་དང་། ཚོང་དུད། ཨར་སྐྲུན་ཚན་པ་བཅས་ཁག་དང་། རྒྱ་ཆེའི་གྲོང་མི་དང་གྲོགས་པོ་ཚོས་དོ་སྣང་བྱེད་དགོས་པ་ཞིག་ལ། 2023ལོའི་མཐོ་རྒྱུགས་དང་། ཆུང་རྒྱུགས། འབྲིང་རྒྱུགས་སོགས་གཏོང་གྲབས་ཡོད་པས་འཛེར་སྒྲའི་སྦགས་བཙོག་འགོག་བཅོས་བྱས་ཏེ་རྒྱ་ཆེའི་རྒྱུགས་སྤྲོད་སློབ་མར་ལྷིང་འཇགས་ཀྱི་སློབ་སྦྱོང་དང་། ཡིག་རྒྱུགས། ངལ་གསོ་བཅས་ཀྱི་ཁོར་ཡུག་ཞིག་གཏོད་ཆེད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཛེར་སྒྲའི་སྦགས་བཙོག་འགོག་བཅོས་བཅའ་ཁྲིམས》དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས》 དེ་བཞིན་བོད་རང་སྐྱོང་ལྗོངས་དང་ལྷ་ས་གྲོང་ཁྱེར་གྱི་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་ལ་གཞིགས་ནས། ད་ལྟ“ཡིག་རྒྱུགས་ཆེན་པོ་བཞི”གཏོང་རིང་གི་འཛེར་སྒྲའི་སྦགས་བཙོག་འགོག་བཅོས་ཀྱི་འབྲེལ་ཡོད་དོན་ཚན་སྤྱི་བསྒྲགས་གཤམ་གསལ།
“ཡིག་རྒྱུགས་ཆེན་པོ་བཞི”གཏོང་རིང(མཐོ་རྒྱུགས། 2023ལོའི་ཟླ་6ཚེས་7ཉིན་ནས་ཟླ་6ཚེས་9ཉིན་བར། ཁ་གཏད་ཀྱི་མཐོ་རིམ་ལས་རིགས་ཡིག་རྒྱུགས། 2023ལོའི་ཟླ་6ཚེས་12ནས་13ཉིན་བར། ཆུང་རྒྱུགས། 2023ལོའི་ཟླ་6ཚེས་16ཉིན་ནས་ཟླ་6ཚེས་17ཉིན་བར། དམའ་རིམ་སློབ་འབྲིང་གི་སློབ་སྦྱོང་གི་ཡོན་ཚད་དང་རིག་གནས་ཡིག་རྒྱུགས། 2023ལོའི་ཟླ་7ཚེས་2ཉིན་ནས་ཟླ་7ཚེས་5ཉིན་བར)
གཅིག ཡིག་རྒྱུགས་གཏོང་སའི་མཐའ་འཁོར་གྱི་སྨི་300ཡི་ནང་ཚུན་དུ་ཉིན་གང་ལས་འཛུགས་རྟེན་འབྲེལ་མཛད་སྒོ་འཚོགས་ནས་ཤོག་སྦག་སྤོར་བ་དང་ཕྱི་རོལ་དུ་འཁྲབ་སྟོན་བྱེད་པ་སོགས་འཛེར་སྒྲ་ཡོད་པའི་སྤྱི་ཚོགས་ཀྱི་བྱེད་སྒོ་སྤེལ་མི་ཆོག
གཉིས། ཡིག་རྒྱུགས་གཏོང་སའི་མཐའ་འཁོར་གྱི་སྨི་300ཡི་ནང་ཚུན་དུ་ཚོང་ཁང་དང་། གསོལ་མགྲོན་ཁང་། རོལ་རྩེད་ར་བ་སོགས་ཀྱིས་ཉིན་གང་གླུ་གཞས་གཏོང་བ་སོགས་འཛེར་སྒྲ་ཡོད་པའི་བྱེད་སྒོ་སྤེལ་མི་ཆོག
གསུམ། ཡིག་རྒྱུགས་གཏོང་སའི་མཐའ་འཁོར་གྱི་སྨི་300ཡི་ནང་ཚུན་གྱི་བཟོ་སྐྲུན་ཨར་སྐྲུན་ལས་ཡུལ་དུ་ཉིན་གང་ཨར་སྐྲུན་བྱེད་མི་ཆོག
བཞི། ཡིག་རྒྱུགས་གཏོང་སའི་མཐའ་འཁོར་གྱི་སྨི་300ཡི་ནང་ཚུན་དུ་ཉེན་རྟོག་པའི་རླངས་འཁོར་དང་། མེ་ཟོན་རླངས་འཁོར། མྱུར་སྐྱོབ་རླངས་འཁོར། ཨར་སྐྲུན་ཉེན་སྐྱོབ་རླངས་འཁོར་སོགས་དམིགས་བསལ་འཁོར་རིགས་ཀྱིས་དགོས་པ་མེད་ན་རྡུང་བརྡ་སྒྲོག་མི་རུང་བ་དང་ཉེན་བརྡ་གཏོང་མི་རུང་། འཕྲུལ་སྒུལ་འཁོར་རིགས་གཞན་དག་གིས་ཉིན་གང་དུང་བརྡ་སྒྲོག་མི་ཆོག
ལྔ། ཡིག་རྒྱུགས་གཏོང་སའི་མཐའ་འཁོར་གྱི་སྨི་300ཡི་ནང་ཚུན་དུ་ཡོད་པའི་བཟོ་ལས་ཁེ་ལས་ཀྱིས་འཛེར་སྒྲ་དེ་རྒྱལ་ཁབ་ཀྱི་ཚད་གཞིའི་ཁྱབ་ཁོངས་ནང་ཚོད་འཛིན་ནན་པོ་བྱེད་དགོས།
ལྷ་ས་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱིས་ཚང་མར་འབོད་སྐུལ་བྱས་དོན། འབྲེལ་ཡོད་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་རང་འགུལ་ངང་སྲུང་བརྩི་ཞུས་ནས་འཛེར་སྒྲ་ཚད་ལས་བརྒལ་བའི་བྱེད་སྒོ་སྤེལ་ཉུང་དུ་གཏོང་དགོས། གལ་ཏེ་རྒྱུགས་སྤྲོད་སློབ་མའི་སློབ་སྦྱོང་དང་། ངལ་གསོ། ཡིག་རྒྱུགས་སོགས་ལ་ཤུགས་རྐྱེན་ཐེབས་སྲིད་པའི་གནད་དོན་ཤེས་རྟོགས་ཐུབ་ཚེ་ཁ་པར་བརྒྱབ་ནས་ཐེར་འདོན་གོང་ཞུ་བྱེད་ཆོག
གྲོང་ཁྱེར་སྲིད་གཞུང་གི་ཐད་སྦྲེལ་ཁ་པར། 12345
སྐྱེ་ཁམས་ཁོར་ཡུག་ཅུས་ཀྱི་ཐེར་འདོན་ཁ་པར། 12369