དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • དམིགས་བསལ་གྱི་ལག་རྟགས་འདི་མིང་ལ“ཀྲུང་གོ” ཟེར་བའི་བྷང་ག་ལའི་བུ་མོར་སྤྲད་པ།

  •     རྩོམ་པ་པོ།  ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། སུན་ནན།   |     སྤེལ་དུས།  2023-06-06

    འདི་ནི་ཟླ་5ཚེས་29ཉིན་བྷང་ག་ལའི་རྒྱལ་ས་ཁ་ཏ་རུ་ཨ་ལི་ཧྥ·ཆིན་གྱིས་ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་འཕྲིན་ལན་ཀློག་བཞིན་པ།

    “དྲུག་གཅིག”རྒྱལ་སྤྱིའི་བྱིས་པའི་དུས་ཆེན་གྱི་སྔ་ནུབ་ཏུ་ལོ་12ལ་སླེབས་པའི་བྷང་ག་ལའི་བུ་མོ་ཨ་ལི་ཧྥ·ཆིན་ལ་དམིགས་བསལ་གྱི་དུས་ཆེན་གྱི་ལག་རྟགས་ཤིག་འབྱོར་ཡོད།

    ཉེ་ཆར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བྷང་ག་ལའི་བྱིས་པ་ཨ་ལི་ཧྥ·ཆིན་ལ་འཕྲིན་ལན་སྤྲིངས་ནས་ཁོ་མོར་སློབ་སྦྱོང་ཧུར་ཐག་དང་ཕུགས་འདུན་དོན་གཉེར་གྱིས་ཀྲུང་གོ་དང་བྷང་ག་ལའི་སྲོལ་རྒྱུན་མཛའ་གྲོགས་རྒྱུན་འཛིན་ཡག་པོ་བྱེད་དགོས་པའི་སྐུལ་འདེབས་གནང་བ་རེད།

    “སྤོ་བོ་ཞི་ལགས་ཀྱི་འཕྲིན་ལན་འབྱོར་བས་ང་རང་ཧ་ཅང་དགའ་པོ་བྱུང་། ངས་རང་ཉིད་ཀྱི་གཏམ་རྒྱུད་གྲོགས་པོ་ཚོར་བརྗོད་ནས་ཁོང་ཚོ་དང་མཉམ་དུ་ངའི་བདེ་སྐྱིད་མཉམ་སྤྱོད་བྱེད་ཀྱི་ཡིན”ཞེས་ཆིན་གྱིས་དགའ་ཚོར་ཆེན་པོས་བཤད།

    ཀྲུང་གོའི་དབར་གྱི་མཛའ་གྲོགས་ཀྱི་གཏམ་རྒྱུད།

    2010ལོའི་ཟླ་11ཚེས་9ཉིན། ཀྲུང་གོའི་མཚོ་དམག་གི“ཞི་བདེའི་གྲུ་ཆེན”རྟགས་ཅན་གྱི་སྨན་ཁང་གྲུ་གཟིངས་བྷང་ག་ལ་རྒྱལ་ཁབ་ཀྱི་ཤར་ལྷོའི་རྒྱུད་ཀྱི་གྲུ་ཁའི་གྲོང་ཁྱེར་ཅི་ཏ་གྲུ་ཁར་འབྱོར་ནས་བྷང་ག་ལར་གཟའ་འཁོར་གཅིག་རིང་གི་སྨན་བཅོས་བྱེད་འགོ་ཚུགས།

    སྐབས་དེར་ཡུལ་དེ་གའི་སྦྲུམ་མ་ཞིག་ལ་ཕྲུ་གུ་བཙའ་གྲབས་ཡོད་ཀྱང་སྙིང་ནད་ཕོག་ཡོད་པའི་དབང་གིས་སྲོག་ཉེན་ཆེན་པོ་ཡོད། བྷང་ག་ལ་ཕྱོགས་ཀྱིས་ཛ་དྲག་ངང“ཞི་བདེའི་གྲུ་ཆེན”རྟགས་ཅན་གྱི་སྨན་ཁང་གྲུ་གཟིངས་ལ་རོགས་སྐྱོར་བྱེད་རོགས་ཞུས་པས། སྨན་ཁང་གྲུ་གཟིངས་ཀྱིས་འཕྲལ་དུ་སྟོབས་ཤུགས་སྒྲིག་འཛུགས་བྱས་ནས་ཡུལ་དེ་གའི་སྨན་ཁང་དུ་བསྐྱོད། ཀྲུང་གོའི་སྨན་པས་གནོན་ཤུགས་ཆེན་པོ་ཁུར་ཏེ་གཤགས་བཅོས་བྱས་པ་དང་། ཕྲུ་གུ་སྐྱེས་རྗེས་ཀྲུང་གོའི་སྨན་པས་ནད་ཁང་དུ་ཉིན་གཉིས་ལྟ་སྲུང་བྱས་ནས་མ་བུ་བདེ་ཐང་བྱུང་རྗེས་ཕྱིར་ལོག་པ་རེད།

    “ཀྲུང་གོའི་སྨན་པ་ཚོས་ངའི་བཟའ་ཟླ་བསྐྱབས་པ་དང་བུ་མོ་བདེ་བླག་ངང་སྐྱེ་སོང་། ང་ཚོས་ཁོང་རྣམ་པའི་བཀའ་དྲིན་ཆེན་པོ་ཚེ་གང་བརྗེད་མི་སྲིད”ཅེས་ཨ་ཕ་ཨན་ཝར·ཧོ་སེན་གྱིས་བཤད་ཅིང་། ཁོང་གིས་བུ་མོར་ཆིན་ཞེས་མིང་བཏགས་པ་དང་བྷང་ག་ལའི་སྐད་དུ“ཀྲུང་གོ”ཞེས་པའི་དོན་ཡིན་ལ་བུ་མོར་ཀྲུང་གོ་སེམས་ལ་ངེས་སུ་འཇུག་རྒྱུའི་ཆེད་དུ་རེད།

    2013ལོར“ཞི་བདེའི་གྲུ་ཆེན”རྟགས་ཅན་གྱི་སྨན་ཁང་གྲུ་གཟིངས་ཀྱིས་བྷང་ག་ལར་འཚམས་འདྲི་ཐེངས་གཉིས་པ་བྱེད་སྐབས། སྨན་པས་ཆིན་གྱི་གཟུགས་པོར་ཁྱོན་ཡོངས་ནས་བརྟག་དཔྱད་བྱས་པ་དང་། 2017ལོར་དེ་སྔོན་གཤགས་བཅོས་སྐབས་སྦྲིད་སྨན་རྒྱག་མཁན་སྨན་པ་དཀའ་བཅུ་པ་ཧྲེང་རུའེ་ཧྥང་གིས་ཀྲུང་གོ་མཚོ་དམག་རྒྱང་སྐྱོད་འཚམས་འདྲིའི་དཔུང་རུ་དང་མཉམ་དུ་བྷང་ག་ལ་རྒྱལ་ཁབ་ཏུ་མཛའ་གྲོགས་འཚམས་འདྲི་བྱས་ཤིང་། གྲུ་ཁ་ནས་ཆིན་དང་འཕྲད་སྐབས་ཆིན་གྱིས་ཐེངས་དང་པོར་ཧྲེང་རུའེ་ཧྥང་ལ“ཀྲུང་གོའི་ཨ་མ”ཞེས་འབོད། 2019ལོའི་ཟླ་12པར། ཆིན་དང་ནང་མི་ཀྲུང་གོར་ཡོང་ནས་ཀྲོའུ་ཧྲན་དམག་དོན་གྲུ་ཁ་ཞིག་ཏུ་ཁ་བཀག་པའི“ཞི་བདེའི་གྲུ་ཆེན”རྟགས་ཅན་ནང་འཛེགས་པ་རེད།

    “ལོ་མང་པོའི་གོང་། ‘ཀྲུང་གོའི་ཨ་མ’ཡིས་ང་རང་འཇིག་རྟེན་འདིར་བསུས་པ་རེད། ལོ་མང་རིང་ཀྲུང་གོའི་ཨ་ཁུ་དང་ཨ་ཅག་ཚོས་ངའི་འཚར་ལོངས་ལ་སེམས་ཁུར་བྱས་དང་བྱེད་བཞིན་ཡོད། ཁོང་རྣམ་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་གི་ཡིན”ཞེས་ཆིན་གྱིས་བརྗོད།

    “ང་རང་ཀྲུང་གོར་དགའ་བས། བྷང་ག་ལ་དང་ཀྲུང་གོའི་མཛའ་གྲོགས་ཕོ་ཉ་བྱེད་འདོད་ཡོད”ཀྲུའུ་ཞི་ཞི་ཅིན་ཕིང་ལ་སྤྲིངས་པའི་འཕྲིན་ཡིག་ནང་ཆིན་གྱིས་རང་ཉིད་དང་ཀྲུང་གོའི་དབར་གྱི་དམིགས་བསལ་གྱི་ལས་འཕྲོ་གླེང་ནས་རང་ཉིད་ཀྱིས་ཀྲུང་གོའི་གསོ་རིག་སློབ་སྦྱོང་དང་དེ་བཞིན་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་རྒྱུན་འཛིན་དང་དར་སྤེལ་གཏོང་ཆེད་ལེགས་སྐྱེས་འབུལ་འདོད་ཡོད་ལུགས་བརྗོད་ཡོད།

    ཀྲུའུ་ཞི་ཞི་ཅིན་ཕིང་གི་འཕྲིན་ལན་ནང་། ཆིན་ནར་སོན་རྗེས་ཀྲུང་གོ་དང་བྷང་ག་ལའི་མཛའ་གྲོགས་ཕོ་ཉ་བྱས་ཏེ་མ་འོངས་པར་ཀྲུང་གོར་གསོ་རིག་སྦྱོང་དུ་ཡོང་ནས“ཀྲུང་གོའི་ཨ་མ”བཞིན་ནད་བཅོས་སྲོག་སྐྱོབ་བྱ་རྒྱུའི་ཕུགས་འདུན་ཡོད་པ་རྟོགས་པས། ང་རང་ཧ་ཅང་དགའ་པོ་བྱུང་། ཆིན་གྱིས་དུས་ཚོད་ལ་གཅེས་སྤྲས་དང་སློབ་སྦྱོང་ལ་འབད་བརྩོན་བྱས་ཏེ་རང་ཉིད་ཀྱི་ཕུགས་འདུན་འགྲུབ་ནས་ཁྱིམ་ཚང་ལ་དྲིན་ལན་འཇལ་བ་དང་། སྤྱི་ཚོགས་ལ་ཞབས་འདེགས་ཞུ་བ། མེས་རྒྱལ་ལ་སྲི་ཞུ་སྒྲུབ་པ་བཅས་ཀྱི་རེ་བ་ཡོད་ཅེས་གསུངས་ཡོད།

    “ངས་སྤོ་བོ་ཞི་ལགས་ཀྱི་བཀའ་མངགས་ལྟར་སློབ་སྦྱོང་ཡག་པོ་བྱ་རྒྱུ་ཡིན”རང་ཉིད་ཀྱིས་སྔར་བས་འབད་བརྩོན་བྱས་ཏེ་ཕུགས་འདུན་སྔ་ཙམ་འགྲུབ་རྒྱུར་གཞོལ་གྱི་ཡིན་ཞེས་ཆིན་གྱིས་བཤད།

    ཀྲུང་གོ་དང་བྷང་ག་ལའི་མཛའ་གྲོགས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་པ།

    ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཕྲིན་ལན་ནང་། ཀྲུང་གོ་དང་བྷང་ག་ལ་ནི་གནའ་སྔ་མོ་ནས་བཟུང་ཁྱིམ་མཚེས་རྒྱལ་ཁབ་ཡག་པོ་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ནི་གྲོགས་པོ་ཡག་པོ་ཡིན་པས། ལོ་ངོ་སྟོང་གི་མཛའ་གྲོགས་འགྲོ་འོང་གི་ལོ་རྒྱུས་ལྡན་ཡོད་ཅེས་གསུངས་ཡོད།

    དུས་རབས་གསར་པར་སླེབས་སྐབས། ཀྲུང་གོ་དང་བྷང་ག་ལ་རྒྱལ་ཁབ་གཉིས་ཀྱིས་ལག་གདང་སྦྲེལ་ཏེ་སྤུས་ཚད་མཐོ་བའི་སྒོ་ནས“རྒྱུད་གཅིག་ལམ་གཅིག”མཉམ་དུ་བསྐྲུན་ཏེ་དངོས་སྒྲུབ་མཉམ་ལས་རབ་དང་རིམ་པ་བྱས་པས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དངོས་དངོས་རྗེན་རྗེན་གྱི་ཕན་པ་ཐོབ་ཡོད།

    ཆིན་གྱི་ཨ་ཕ་ཧོ་སེན་གྱིས། ད་ཆ་ཡུལ་འདི་གའི་ཁྲོམ་རའི་ནང་སྣ་ཁ་མང་བའི“ཀྲུང་གོས་བཟོས་པའི་ཚོང་ཟོག”ཡོད་པ་དང་། ས་གནས་ཁག་ཏུ་དམངས་བདེ་དམངས་ཕན་གྱི“ཀྲུང་གོས་བཟོ་སྐྲུན”ཡོད། ཀྲུང་གོས“ང་ཚོའི་འཚོ་བར་འགྱུར་ལྡོག་ཆེན་པོ་བཏང་བ་དང་ལེགས་བཅོས་མང་པོ་བྱས་པར་བརྟེན། ཀྲུང་གོར་ཐུགས་རྗེ་ཆེ་ཞུ་གི་ཡིན”ཞེས་བརྗོད་པ་རེད།

    ཀྲུའུ་ཞི་ཞི་ཅིན་ཕིང་ལ་སྤྲིངས་པའི་འཕྲིན་ཡིག་ནང་ཆིན་གྱིས་2019ལོར་རང་ཉིད་ཡུལ་སྐོར་དུ་སོང་བའི་སྐོར་གླེང་ཡོད། “ཀྲུང་གོའི་དར་རྒྱས་གོང་འཕེལ་མཐོང་བ་མ་ཟད། ཀྲུང་གོ་མི་དམངས་ཀྱི་སྤྲོ་སེམས་དང་མཛའ་བརྩེ་སླར་ཡང་མྱོང་ཚོར་བྱུང”གོ་སྐབས་བྱུང་ན་ང་རང་ད་དུང་ཀྲུང་གོར་ཐེངས་གཅིག་ལྟ་བར་འགྲོ་འདོད་ཡོད་ལ་ཚུར་ལོག་རྗེས་དགེ་རྒན་དང་སློབ་གྲོགས་ཚོར་རང་གི་མཐོང་ཐོས་མྱོང་གསུམ་མཉམ་སྤྱོད་བྱེད་ཀྱི་ཡིན་ཞེས་ཆིན་གྱིས་བརྗོད་ཡོད།

    ཞི་བདེ་དང་མཛའ་བརྩེའི་ས་བོན་བཏབ་པ།

    2010ལོར“ཞི་བདེའི་གྲུ་ཆེན”རྟགས་ཅན་གྱི་སྨན་ཁང་གྲུ་གཟིངས་ཟླ་8ཚེས་31ཉིན་ནས་གཏོང་འགོ་ཚུགས་ཏེ་ཡ་ཏིང་མཚོ་ཁུག་གི་མཚོ་ཁོངས་དང་དེ་བཞིན་ཅི་པོའུ་ཐི་དང་། ཁེན་ནི་ཡ། ཐན་ཙན་ནི་ཡ། སེ་ཧྲེར། བྷང་ག་ལ་བཅས་རྒྱལ་ཁབ་ལྔར“ཞི་མཐུན་འགན་འཁྲི། 2010ལོ”ལས་འགན་སྒྲུབ་པར་དུས་ཡུན་ཉིན་88འགོར་བ་དང་ལམ་ཐག་ཧྲིལ་པོར་སྤྱི་ལེ་17800ལྷག་ཙམ་བསྐྱོད་ཡོད་པ་རེད། དེ་ནི་ཀྲུང་གོས་སྨན་ཁང་གྲུ་གཟིངས་སྒྲིག་འཛུགས་བྱས་ནས་ཕྱི་རྒྱལ་དུ་མི་ཆོས་རིང་ལུགས་ཀྱི་སྨན་བཅོས་ཞབས་ཞུའི་ལས་འགན་སྒྲུབ་ཐེངས་ཐོག་མ་དེ་ཡིན། 2023ལོའི་ཟླ་4པའི་བར“ཞི་བདེའི་གྲུ་ཆེན”རྟགས་ཅན་གྱི་སྨན་ཁང་གྲུ་གཟིངས་སྔ་རྗེས་སུ་ཕྱི་རྒྱལ་དུ་ཐེངས་10བསྐྱོད་པར་མཚོ་ལེ་ཁྲི་26ལྷག་ཙམ་ཟིན་པ་དང་། རྒྱལ་ཁབ་དང་ས་ཁུལ་43ལ་ཞབས་འདེགས་ཞུས་པ། མི་ཐེངས་ཁྲི་25ལྷག་ཙམ་ལ་སྨན་བཅོས་ཞབས་འདེགས་ཞུས་པ། མི་ཐེངས་1400ལྷག་ཙམ་ལ་གཤགས་བཅོས་བཅས་བྱས་ཡོད།

    2022ལོའི་ཟླ་11པར་ཧིན་རྡུ་ཉི་ཞི་ཡའི་རྒྱལ་ས་ཅ་ཁར་ཐའི་ཏན་རུང་པུའུ་ལུའུ་གྲུ་ཁར་འབྱོར་བ་དང་། ལྗིད་ཚད་རྒྱ་མ་6.24ཟིན་པའི་ཕྲུ་གུ་དམར་འབྱར་ཞིག“ཞི་བདེའི་གྲུ་ཆེན”རྟགས་ཅན་གྱི་སྨན་ཁང་གྲུ་གཟིངས་ནང་སྐྱེས་པ་དེ་ནི“ཞི་མཐུན་གྱི་འགན་འཁྲི། 2022ལོ”ལས་འགན་སྒྲུབ་རིང་སྐྱེ་བསུ་བྱས་པའི་ཕྲུ་གུ་དམར་འབྱར་དང་པོ་དེ་ཡིན་ལ་ཕྱི་རྒྱལ་དུ་ལས་འགན་སྒྲུབ་པར་སྐྱོད་ཐེངས་བཅུ་པའི“ཞི་བདེའི་གྲུ་ཆེན”རྟགས་ཅན་གྱི་སྨན་ཁང་གྲུ་གཟིངས་ཀྱིས་སྐྱེ་བསུ་བྱས་པའི“ཞི་བདེའི་བུ་ཕྲུག”ཨང་བདུན་པ་དེའང་ཡིན་པས། ཕྲུ་གུའི་ཕ་མ་གཉིས་ཀྱིས་ཕྲུ་གུ་དེའི་མིང་ལ“གྲུ་ཆེན”ཞེས་བཏགས་ནས་རྩ་ཆེའི་ལོ་རྒྱུས་དེར་དྲན་གསོ་ཞུས།

    ལོ་མང་རིང“ཆིན”ནས“གྲུ་ཆེན”བར་དང་བྷང་ག་ལ་ནས་ཧིན་རྡུ་ཉི་ཞི་ཡའི་བར། “ཞི་བདེའི་གྲུ་ཆེན”རྟགས་ཅན་གྱི་སྨན་ཁང་གྲུ་གཟིངས་ཐེངས་མང་བསྐྱོད་པ་དང་བསྟུན་ནས་ཕྲུ་གུ་དམར་འབྱར་མང་པོ་ཞིག་བདེ་ཐང་ངང་སྐྱེས་ཐུབ་པ་དང་འཚར་ལོངས་ཡག་པོ་བྱུང་ནས་ཞི་བདེ་དང་མཛའ་བརྩེའི“ས་བོན”འཛམ་གླིང་གི་ས་ཕྱོགས་གང་སར་བཏབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།