དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • འདི་ལོ་ཚུན་དུ་ལྷ་ས་གྲོང་ཁྱེར་གྱིས་ནུས་རྒྱུ་གསར་པའི་རླངས་འཁོར་ཉོ་ཁྲལ་དང་འཁོར་གྲུའི་དཔྱ་ཁྲལ་སྒོར་ཁྲི་1396རྩ་ཆག་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-06-06

    ལྷ་ས་གྲོང་ཁྱེར་ཁྲལ་དོན་ཅུས་ཀྱི་གྲངས་གཞི་གསར་ཤོས་ལས་མངོན་པར། འདི་ལོའི་ལོ་འགོ་ནས་ཟླ་5ཚེས་28ཉིན་བར། ལྷ་ས་གྲོང་ཁྱེར་དུ་ནུས་རྒྱུ་གསར་པའི་རླངས་འཁོར་757གྱི་འཁོར་བདག་གིས་རླངས་འཁོར་ཉོ་ཁྲལ་དང་འཁོར་གྲུའི་དཔྱ་ཁྲལ་རྩ་ཆག་གཏོང་བའི་སྲིད་ཇུས་ལོངས་སྤྱོད་ཐུབ་ནས་བསྡོམས་དཔྱ་ཁྲལ་སྒོར་ཁྲི་1396རྩ་ཆག་བཏང་ཡོད་པ་རེད།

    འབྲེལ་ཡོད་ཡིག་ཆའི་དགོངས་དོན་གཞིར་བཟུང་། 2023ལོའི་ཟླ་1ཚེས་1ཉིན་ནས་ཟླ་12ཚེས་31ཉིན་བར་ལྷ་ས་གྲོང་ཁྱེར་གྱི་གྲོང་མིས་གློག་སྒུལ་རྐྱང་པའི་རླངས་འཁོར་དང་། གློག་སྣུམ་སྣོལ་མའི་རླངས་འཁོར། རྫས་འགྱུར་གློག་རྫས་རླངས་འཁོར་བཅས་ནུས་རྒྱུ་གསར་པའི་རླངས་འཁོར་རིགས་གསུམ་པོ་འདི་དག་ཉོས་ན་རླངས་འཁོར་ཉོ་ཁྲལ་དང་འཁོར་གྲུའི་དཔྱ་ཁྲལ་རྩ་ཆག་གཏོང་གི་ཡོད། ནུས་རྒྱུ་གསར་པའི་རླངས་འཁོར་ཉོ་ཁྲལ་འཇལ་བའི་འགྲོ་ལུགས་གཉེར་སྐབས་འཕྲུལ་སྒུལ་འཁོར་རིགས་བཙོངས་འཛིན་གྱི་ཁྲལ་ཞུའི་སྤ་སེ(མ་དེབ)དང་རླངས་འཁོར་གྱི་ཚད་ལོན་ལག་ཁྱེར་གྱི་པར་སློག་ཡིག་ཆ་དགོས་པ་དང་། མི་སྒེར་གྱིས་ཐོབ་ཐང་ལག་ཁྱེར་གྱི་པར་སློག་གྲ་སྒྲིག་བྱེད་དགོས་པ། ལས་ཁུངས་སམ་ཡང་ན་བྱ་གཞག་ཚན་པས་གཅིག་གྱུར་གྱི་སྤྱི་ཚོགས་ཡིད་རྟོན་ཚབ་ཨང་གི་པར་སློག(གཞུང་ཐམ་རྒྱག་དགོས)གྲ་སྒྲིག་བྱེད་དགོས་པ། ཀུང་སིས་ཚོང་གཉེར་ལག་ཁྱེར་གྱི་པར་སློག(གཞུང་ཐམ་རྒྱག་དགོས)གྲ་སྒྲིག་བྱས་ནས་ལྷ་ས་གྲོང་ཁྱེར་ཁྲལ་དོན་ཡན་ལག་ཅུས་ཁྲལ་དོན་ཡན་ལག་ཅུས་གཉིས་པའི་ཁྲལ་བསྡུའི་ཚོམས་ཆེན་ནས་འགྲོ་ལུགས་གཉེར་དགོས།

    འདི་ལོ་ཚུན་དུ། ལྷ་ས་གྲོང་ཁྱེར་ཁྲལ་དོན་ཅུས་ཀྱིས“ཁྲལ་བསྡུའི་གཟིགས་སྐྱོང་དུད་ཚང་ཁྲི་སྟོང་མང་པོར་ཁྱབ་པ་བྱས་ནས་དེང་རབས་ཅན་མཉམ་དུ་སྐྲུན”པའི་དྲིལ་བསྒྲགས་ཀྱི་བརྗོད་དོན་གཙོ་བོར་དམ་པོར་དམིགས་ནས་སྲིད་ཇུས་ཁྱབ་གདལ་གཏོང་བའི་ལམ་སྲོལ་ལེགས་སུ་བཏང་བ་དང་། ཁྲལ་འཇལ་མཁན་དང་དངུལ་སྐྱེལ་མཁན་རིགས་དབྱེ་ཞིབ་ཚགས་སུ་བཏང་བ། སྣེ་མང་ཅན་གྱི་དྲིལ་བསྒྲགས་བྱེད་ཐབས་རྒྱ་ཆེར་བཏང་ནས་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་གནད་སྨིན་ཁྱབ་གདལ་གཏོང་བར་སྐུལ་འདེད་བཏང་ཡོད། དེ་དང་དུས་མཚུངས། ལྷ་ས་གྲོང་ཁྱེར་ཁྲལ་དོན་ཅུས་ཀྱིས་ད་དུང་རང་འདོད་ཁྲལ་འཇལ་མཐའ་སྣེ་བཀོལ་སྤྱོད་བྱེད་མཁན་དང་རང་འདོད་ཁྲལ་འཇལ་མ་ལག་སྲུང་སྐྱོང་བྱེད་མཁན་སྒྲིག་འཛུགས་བྱས་ཏེ་རང་འདོད་ཁྲལ་འཇལ་མཐའ་སྣེའི་དོ་དམ་བྱ་ཐབས་དང་བཀོལ་སྤྱོད་བརྒྱུད་རིམ་སྐོར་གྱི་བཞུགས་མོལ་ཚོགས་འདུ་འཚོགས་ནས་ཚང་མར་རང་འདོད་ཁྲལ་འཇལ་གྱི་སྟབས་བདེ་ཚོར་བར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།