དབུ་ཤོག
  • མཐོ་རྒྱུགས་སྐོར་གྱི་བློ་འདྲི་དང་ཐེར་འདོན་ཁ་པར་ཨང་གྲངས།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2023-06-05

    མཐོ་རྒྱུགས་ལ་ཤུགས་རྒྱོབ།

    ཟླ་6ཚེས་1ཉིན། གསར་འགོད་པར་རང་སྐྱོང་ལྗོངས་སློབ་གསོ་ཡིག་རྒྱུགས་ཁང་ནས་ཤེས་རྟོགས་བྱུང་བར། རང་ལྗོངས་ཀྱི་2023ལོའི་མཐོ་སློབ་དཀྱུས་མའི་ཡིག་རྒྱུགས་ཟླ་6ཚེས་7ཉིན་ནས་ཟླ་6ཚེས་9ཉིན་བར་གཏོང་རྒྱུ་ཡིན་པ་རེད། 

    རང་སྐྱོང་ལྗོངས་སློབ་གསོ་ཡིག་རྒྱུགས་ཁང་གིས་རྒྱ་ཆེའི་རྒྱུགས་སྤྲོད་སློབ་མར་ཡིག་རྒྱུགས་གོང་གི་གྲ་སྒྲིག་ཡག་པོ་བྱེད་དགོས་པའི་དྲན་སྐུལ་བྱས་འདུག རྒྱུགས་སྤྲོད་སློབ་མས་གོ་ཆོད་ཀྱི་ཐོབ་ཐང་ལག་ཁྱེར་དང་ཡིག་རྒྱུགས་གཏོང་ཆོག་པའི་ལག་ཁྱེར་ཁོ་ན་ལས་འཁྱེར་མི་ཆོག་པ་དང་། ཡིག་རྒྱུགས་གཏོང་སར་ཡིག་རྒྱུགས་ཀྱི་ཡིག་ཆས་དང་གློག་རྡུལ་གྱང་འགེལ་ཆུ་ཚོད་གཅིག་གྱུར་ཐོག་བཀོད་སྒྲིག་བྱས་ཡོད།

    རང་ལྗོངས་ཀྱི་མཐོ་སློབ་དཀྱུས་མའི་སློབ་བསྡུ་དེ་ནི། རང་སྐྱོང་ལྗོངས་སློབ་གསོ་ཡིག་རྒྱུགས་ཁང་གིས་འགན་འཁུར་ནས་སྒྲིག་འཛུགས་ལག་བསྟར་བྱས་པ་ཞིག་ཡིན་ཞིང་། སྲིད་ཇུས་ཁྱབ་བསྒྲགས་དང་། བརྡ་ཐོ་དང་སྤྱི་བསྒྲགས། འདོད་འདུན་རེའུ་མིག་རྒྱོང་སྟངས། སྦྱངས་འབྲས། སློབ་གྲྭ་གང་དུ་བསྡུས་མིན་བཅས་ཚང་མ་རང་སྐྱོང་ལྗོངས་སློབ་གསོ་ཡིག་རྒྱུགས་ཁང་གི་གཞུང་ཕྱོགས་དྲ་ཚིགས(http://zsks.edu.xizang.gov.cn/)དང“བོད་ལྗོངས་གཞོན་ནུའི”སྐད་འཕྲིན་སྤྱི་རྟགས་ཐོག་ཡོངས་བསྒྲགས་བྱེད་པའམ་ཡང་ན་ས་ཁུལ(གྲོང་ཁྱེར)ཁག་གི་ཡིག་རྒྱུགས་སློབ་བསྡུའི་སྒྲིག་གཞིར་དབང་ཆ་སྤྲད་ནས་ཡོངས་བསྒྲགས་བྱེད་ཀྱི་ཡོད། དེ་མིན་གྱི་ཐབས་ལམ་གཞན་དག་ལ་ཡིད་ཆེས་གཏན་ནས་བྱེད་མི་རུང་། 

    བློ་འདྲིའི་ཁ་པར།

    ལྷ་ས་གྲོང་ཁྱེར་སློབ་བསྡུ་གཞུང་ལས་ཁང་། 0891-6375594

    གཞིས་རྩེ་གྲོང་ཁྱེར་སློབ་བསྡུ་གཞུང་ལས་ཁང་། 0892-8832767

    ལྷོ་ཁ་གྲོང་ཁྱེར་སློབ་བསྡུ་གཞུང་ལས་ཁང་། 0893-7820599

    ཉིང་ཁྲི་གྲོང་ཁྱེར་སློབ་བསྡུ་གཞུང་ལས་ཁང་། 0894-5822294

    ཆབ་མདོ་གྲོང་ཁྱེར་སློབ་བསྡུ་གཞུང་ལས་ཁང་། 0895-4821068

    ནག་ཆུ་གྲོང་ཁྱེར་སློབ་བསྡུ་གཞུང་ལས་ཁང་། 0896-3924570

    མངའ་རིས་ས་ཁུལ་སློབ་བསྡུ་གཞུང་ལས་ཁང་། 0897-2821232

    གོར་མོ་དོན་གཅོད་ཁྲུའུ་སློབ་བསྡུ་གཞུང་ལས་ཁང་། 0979-8488012

    བོད་ལྗོངས་མི་རིགས་སློབ་ཆེན་སློབ་བསྡུ་ལས་ཞུགས་ཁྲུའུ། 029-33755799

    སློབ་གསོ་ཡིག་རྒྱུགས་ཁང་གི་བློ་འདྲིའི་ཞབས་ཞུའི་ཚོམས་ཆེན། 0891-6314277 6314322

    གསར་འགྱུར། +

    ཉེ་ཆར། སློབ་གསོ་པུས་སློབ་གསོ་པུའུ་དང་། དེ་བཞིན་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)ཁག་གིས་2023ལོའི་མཐོ་རྒྱུགས་ཀྱི་ཐེར་འདོན་ཁ་པར་གཅིག་གྱུར་ཐོག་ཁྱབ་བསྒྲགས་བྱས་ནས། རྒྱ་ཆེའི་རྒྱུགས་སྤྲོད་སློབ་མ་དང་། ཁྱིམ་བདག དེ་བཞིན། སྤྱི་ཚོགས་ལས་རིགས་ཁག་གི་མི་སྣས་2023ལོའི་མཐོ་རྒྱུགས་དང་འབྲེལ་བ་ཡོད་པའི་གནད་དོན་གྱི་ཁུངས་སྣེ་དུས་ཐོག་ཏུ་ཐེར་འདོན་བྱ་རྒྱུར་དགའ་བསུ་ཞུ། སློབ་གསོ་པུའུ་དང་། དེ་བཞིན་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)ཁག་གིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་ཐེར་འདོན་གྱི་ཁུངས་སྣེ་གཞིར་བཟུང་། འཕྲལ་དུ་ཞིབ་དཔྱད་ཐག་གཅོད་བྱས་ནས་མཐོ་རྒྱུགས་ཀྱི་དྲང་གཞག་དྲང་བདེན་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་རྒྱུ་རེད།

    ཐེར་འདོན་ཁ་པར།

    བོད་ལྗོངས། 0891-6650635 0891-6650167

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།