དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཇའི་དྲི་ཞིམ་ནས་ཀྲུང་གོའི་རིག་གནས་མྱོང་རོལ་བྱེད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-06-05

    འདི་ནི་མི་རྣམས་ཀྱིས་བྷེ་ཨུ་རུ་སུའི་རྒྱལ་ས་མེན་སི་ཁེ་རུ་པའེ་རིགས་ཀྱི་ཇ་རིགས་གསུམ་གྱི་བྲོ་བ་མྱོང་བཞིན་པ།

    ཉེ་ཆར། “ཇ་སྟོན་འདུ་ཚོགས”ཀྱི་བྱེད་སྒོ་བྷེ་ཨུ་རུ་སུའི་རྒྱལ་ས་མེན་སི་ཁེ་གྲོང་ཁྱེར་དབུས་ཀྱི་རང་མོས་ཐང་ཆེན་དུ་གཉེར་བ་རེད།

    ཨུ་རུ་སུར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཤེ་ཞའོ་ཡུང་གིས་བྱེད་སྒོ་སྤེལ་ཡུལ་དུ་གནའ་སྔ་མོ་ནས་བཟུང་ཀྲུང་གོ་བས་དྲི་ཞིམ་ཇས་མགྲོན་པོར་སྣེ་ལེན་དང་ཇ་བཏུངས་ནས་གྲོགས་པོ་སྒྲིག་པར་དགའ་པོ་བྱེད་ཀྱི་ཡོད།“ཇའི་ཕ་ཡུལ་གྱི་ངོས་ནས། ཀྲུང་གོས་ལོ་ངོ་ཉིས་སྟོང་ལྷག་ཙམ་གོང་དར་གོས་ལམ་བུ་བརྒྱུད་ཨེ་ཤེ་ཡ་དབུས་མ་དང་ཡོ་རོབ་ཏུ་ཇ་དར་སྤེལ་བཏང་ཡོད” “ཇས་ཀྲུང་གོ་དང་འཛམ་གླིང་རྒྱལ་ཁབ་ཁག་དབར་གྱི་ཞི་བདེའི་འགྲོ་འོང་དང་གཉིས་ཁེའི་མཉམ་ལས་ར་སྤྲོད་བྱས་ཡོད་ལ་ཀྲུང་གོ་དང་རྒྱལ་ཁབ་ཁག་གི་ཤེས་དཔལ་མཉམ་འདྲེས་སྤེལ་རེས་ལ་སྐུལ་འདེད་གཏོང་བའི་ཕོ་ཉ་ལྟ་བུར་གྱུར་ཡོད་ཅེས་བརྗོད།

    “ཇ་སྟོན་འདུ་ཚོགས”བྱེད་སྒོ་ལས་བྷེ་ཨུ་རུ་སུའི་དམངས་ཚོགས་ལ་ཇའི་རིག་གནས་ཚུད་པའི་ཀྲུང་གོའི་སྲོལ་རྒྱུན་རིག་གནས་ཀྱི་མཚན་ཉིད་རིག་པ་དང་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་ཉམས་སུ་མྱོང་བའི་གོ་སྐབས་བྱུང་ཡོད”ཅེས་མེན་སི་ཁེའི་ཧྲི་ཀྲང་ཁུའུ་ཧ་ལེ་ཕུའུ་ཡིས་བརྗོད།

    2019ལོའི་ཟླ་12པར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ལ་ལོ་རེའི་ཟླ་5ཚེས་21ཉིན“རྒྱལ་སྤྱིའི་ཇའི་ཉིན་མོར”གཏན་འཁེལ་བྱེད་པའི་ཁྱབ་བསྒྲགས་བྱས་པ་དང་2022ལོའི་ཟླ་11པར“ཀྲུང་གོའི་སྲོལ་རྒྱུན་ཇ་བཟོའི་ལག་རྩལ་དང་དེའི་འབྲེལ་ཡོད་གོམས་སྲོལ”མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་བརྩམས་ཆོས་ཀྱི་མིང་གཞུང་དུ་བཅུག་ཡོད་པ་རེད།

    ཇའི་རིག་གནས་ཉམས་ལེན་བྱེད་པ་ཕུད། རང་མོས་ཐང་ཆེན་དུ་ད་དུང་གར་སྟེགས་ཆེ་གྲས་བསྐྲུན་ནས་ཀྲུང་གོ་དང་བྷེ་ཨུ་རུ་སུའི་གླུ་གར་འཁྲབ་སྟོན་བྱས་པར་དགའ་བསུ་ཆེན་པོ་ཐོབ་ཡོད་པ་རེད། པའེ་རིགས་ཀྱི་ཚོས་རྒྱག་པ་དང་། དབྱིས་རིགས་ཀྱི་ཚེམ་དྲུབ་དང་ཤོག་དྲས་འདྲ་གཟུགས། མི་རིགས་ཀྱི་གླུ་གར་སོགས་མངོན་མིན་རིག་གནས་ཤུལ་བཞག་འགྲེམས་སྟོན་གྱིས་ས་གནས་དེ་གའི་དམངས་ཚོགས་ཀྱི་ཡིད་དབང་བཀུག་ཡོད། སྨྱན་སྦྱོར་ལས་རིགས་གཉེར་མཁན་པ་ཝེར་གྱིས“ང་ཚོའི་གྲོང་མི་ཚོར་ལོ་གསུམ་རིང་ཀྲུང་གོའི་རིག་གནས་ཉམས་ལེན་བྱེད་པའི་གོ་སྐབས་ཡག་པོ་འདི་འདྲ་བྱུང་མེད་པས་ད་ཐེངས་ཀྱི་ཉམས་ལེན་བྱེད་པའི་གོ་སྐབས་ལ་གཅེས་སྤྲས་ཆེན་པོ་བྱེད་ངེས་ཡིན”ཞེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།