དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ལོ་བཅོ་ལྔའི་རིང་ཕུགས་འདུན་བཏོད་ནས་ཀྲུང་གོ་དང་པ་ཧ་མའི་མཛའ་གྲོགས་ལ་རམ་འདེགས་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ལིན་ཁྲའོ་ཧུའེ།   |     སྤེལ་དུས།  2023-06-05

    འདི་ནི་ཀྲུང་གོ་འཛུགས་སྐྲུན་ཚོགས་པ་ཨ་རི་རྒྱལ་སྤྱིའི་ཁོངས་གཏོགས་ཀྱི་ཡན་ལག་ཀུང་སིས་པ་ཧ་མའི་ན་སོ་གྲོང་ཁྱེར་གྱི་ལྟེ་བར་གསར་སྤེལ་འཛུགས་སྐྲུན་བྱས་པའི“གནས་རྟགས་གསར་པའི”གྲོང་ཁྱེར་གྱི་ཕྱོགས་བསྡུས་ཐོག་ཁང་གི་དཔྱད་གཞིའི་པར་རིས་ཡིན་པ།

    འདི་ནི་ཀྲུང་གོ་འཛུགས་སྐྲུན་ཚོགས་པ་ཨ་རི་རྒྱལ་སྤྱིའི་ཁོངས་གཏོགས་ཀྱི་ཡན་ལག་ཀུང་སིས་པ་ཧ་མའི་ན་སོ་གྲོང་ཁྱེར་གྱི་ལྟེ་བར་གསར་སྤེལ་འཛུགས་སྐྲུན་བྱས་པའི“གནས་རྟགས་གསར་པའི”གྲོང་ཁྱེར་གྱི་ཕྱོགས་བསྡུས་ཐོག་ཁང་ཡིན་པ།

    འདི་ནི་པ་ཧ་མའི་ན་སོ་ནས་པར་བརྒྱབ་པའི་ཀྲུང་གོ་འཛུགས་སྐྲུན་ཚོགས་པ་ཨ་རི་རྒྱལ་སྤྱིའི་ཁོངས་གཏོགས་ཀྱི་ཡན་ལག་ཀུང་སིས་གསར་སྤེལ་འཛུགས་སྐྲུན་བྱས་པའི“གནས་རྟགས་གསར་པའི”གྲོང་ཁྱེར་གྱི་ཕྱོགས་བསྡུས་ཐོག་ཁང་གི་གྲུ་ཁ་ཡིན་པ།

    པ་ཧ་མའི་རྒྱལ་ས་ན་སོའི་རྒྱལ་སྤྱིའི་གནམ་ཐང་ནས་རྡོག་ཐོན་བྱས་ཏེ་གྲོང་ཁུལ་དུ་སྐྱོད་སྐབས། བདལ་གཏོང་རླངས་འཁོར་པ་ཧ་མའི“རྒྱལ་སྒོའི་ལམ་དང་པོའི”མཚན་སྙན་ལྡན་པའི་གནམ་ཐང་གི་མྱུར་བགྲོད་གཞུང་ལམ་དུ་བསྐྱོད་ཅིང་། ཁ་བཟོ་ཧ་ཅང་འཕེར་བའི་ཁ་ལོ་བས་གསར་འགོད་པ་ཀྲུང་གོ་ནས་ཡིན་པ་ཤེས་རྗེས། ཁོང་གིས་སེམས་རྩ་འཁོལ་པོས་མྱུར་བགྲོད་གཞུང་ལམ་འདི་ཀྲུང་གོའི་ཁེ་ལས་ཀྱིས་བསྐྲུན་པ་ངོ་སྤྲོད་བྱས་པ་དང་། “གཞུང་ལམ་འདི་ཡོད་པ་ནས་བཟུང་ཡུལ་སྐོར་བ་རྣམས་གནམ་ཐང་ནས་སྤྲོ་གསེང་གྲོང་ཚོར་སྐྱོད་པར་ཧ་ཅང་སྟབས་བདེ་རུ་ཕྱིན་ཡོད”ཅེས་བཤད།

    ཀྲུང་གོ་དང་པ་ཧ་མའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་26འཁོར་བའི་མཚམས་སུ། གསར་འགོད་པས་གནམ་ཐང་གི་མྱུར་བགྲོད་གཞུང་ལམ་སྐྲུན་མཁན་ཕྱོགས་ཏེ། པ་ཧ་མར་ཡོད་པའི་ཀྲུང་གོའི་མ་དངུལ་ཁེ་ལས་ཆེ་ཤོས་ཀྲུང་གོ་འཛུགས་སྐྲུན་ཚོགས་པ་ཨ་རི་རྒྱལ་སྤྱིའི་ཀུང་སིར་བཅར་འདྲི་བྱས་པ་ཡིན།

    ཀྲུང་གོ་འཛུགས་སྐྲུན་ཚོགས་པ་ཨ་རི་རྒྱལ་སྤྱིའི་ཀུང་སིའི་ཙུང་ཚའེ་གཞོན་པ་ཅུས་ཀེན་གོ་ཡིས་ངོ་སྤྲོད་བྱས་དོན། ཀྲུང་གོ་འཛུགས་སྐྲུན་ཚོགས་པ་ཨ་རི་རྒྱལ་སྤྱིའི་ཀུང་སིས་ཁོངས་གཏོགས་ཀྱི་ཀུང་སི་བརྒྱུད་པ་ཧ་མའི་ཁྲོམ་རར་རྨང་གཞིའི་སྒྲིག་བཀོད་དང་། ཁང་པ་རྒྱག་པ། ས་ཁང་བདག་ཁོངས་སུ་མ་དངུལ་བཏང་ནས་གསར་སྤེལ་སོགས་ཀྱི་ལས་སྒོ་གཉེར་བ་དང་། ཇུས་འགོད་བཟོ་སྐྲུན་ཚོང་པའི་ངོས་ནས་པ་ཧ་མའི་གནམ་ཐང་གི་མྱུར་བགྲོད་རྣམ་གྲངས་ལག་ལེན་བསྟར་ཡོད། རྣམ་གྲངས་དེ་2010ལོའི་ཟླ་9པའི་ཟླ་མཇུག་ཏུ་གན་རྒྱ་བཞག་པ་དང་2013ལོའི་ཟླ་10པར་ལས་མཇུག་འགྲིལ་ཞིང་། ཀྲུང་གོ་ཕྱོགས་ཀྱིས་རྐང་འཛིན་དོ་དམ་པ་ཉུང་ཤས་མ་གཏོགས་མངགས་མེད་ཅིང་། གཙོ་བོ་ས་གནས་དེ་གའི་བཟོ་པ་དང་ཨར་ལས་སྒྲིག་ཆས་གླས་ཡོད་པ་རེད།

    གནམ་ཐང་གི་མྱུར་བགྲོད་གཞུང་ལམ་ཕུད་ཀྲུང་གོ་འཛུགས་སྐྲུན་ཚོགས་པ་ཨ་རི་རྒྱལ་སྤྱིའི་ཁོངས་གཏོགས་ཀྱི་ཡན་ལག་ཀུང་སིས་ད་དུང་ན་སོ་གྲོང་ཁྱེར་གྱི་ལྟེ་བར“གནས་རྟགས་གསར་པའི”གྲོང་ཁྱེར་གྱི་ཕྱོགས་བསྡུས་ཐོག་ཁང་རང་ཚུགས་ཀྱིས་བསྐྲུན་པ་རེད། དེ་ནི་ཀུང་སི་དེས་ན་སོར་མ་དངུལ་བཏང་ནས་གསར་སྤེལ་བྱས་པའི་ཕྱོགས་བསྡུས་རྣམ་གྲངས་ཆེ་གྲས་དང་པོ་དེ་ཡིན་པ་དང་2021ལོའི་ཟླ་བདུན་པར་དངོས་སུ་སྤྱོད་འགོ་ཚུགས་པ་རེད།

    པ་ཧ་མའི་མི་རེའི་ཆ་སྙོམས་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་དེ་སའི་གོ་ལའི་ཕྱེད་ནུབ་མར་ཨ་རི་དང་ཁ་ན་ཏ་ཕུད་པའི་དང་པོ་ཡིན་པ་དང་ཡུལ་སྐོར་ལས་རིགས་ནི་ཀ་རྟེན་ཐོན་ལས་དང་པོ་དེ་རེད། ལས་རིགས་ནང་ཁུལ་གྱི་མིས། “གནས་རྟགས་གསར་པའི”གྲོང་ཁྱེར་གྱི་ཕྱོགས་བསྡུས་ཐོག་ཁང་གིས་པ་ཧ་མའི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ལ་སྐུལ་ཁྲིད་ནུས་ལྡན་བྱེད་བཞིན་ཡོད་པ་དང་། དེ་རྒྱལ་སའི་དཔལ་འབྱོར་དར་རྒྱས་གཏོང་བའི་སྒུལ་ཤུགས་གལ་ཆེན་ཞིག་དང་པ་ཧ་མའི་དཔལ་འབྱོར་སླར་གསོར་སྐུལ་འདེད་གཏོང་བྱེད་ཅིག་ཏུ་གྱུར་པའི་ངོས་འཛིན་བྱས་པ་རེད།

    “2020ལོའི་ཟླ་2པར་ང་ལས་ཀར་ཐོག་མར་འཛུལ་སྐབས་འདི་གར་ད་དུང་ལས་ཡུལ་ཡིན་པ་དང་། ད་ཆ་སྐུ་མགྲོན་གྱིས་ཧ་ཅང་དགའ་པོ་བྱེད་པའི་མཚོ་ཁུག་ཅིག་ཏུ་གྱུར་ཡོད”ཅེས“གནས་རྟགས་གསར་པའི”ཕྱོགས་བསྡུས་ཐོག་ཁང་གི་གྲུ་ཁའི་འགན་འཁུར་བ་ཧོ་ཧྭ་ཏེ·ཕིང་ཏེས་གསར་འགོད་པར་འདི་ལྟར་བཤད་བྱུང་།

    པ་ཧ་མའི་པ་ཀྲུང་མཛའ་གྲོགས་མཐུན་ཚོགས་ཀྱི་ཀྲུའུ་ཞི་མོ་ཁེ་ཤིས་ཀྱིས་ཉིན་ཤས་གོང་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། ཀྲུང་གོའི་ཁེ་ལས་ཀྱི་མ་དངུལ་གྱིས་པ་ཧ་མར་ལས་ཞུགས་ཀྱི་གོ་སྐབས་མང་པོ་བཏོད་པས་ཤུགས་རྐྱེན་བཟང་པོ་ཐེབས་ཡོད་ཅེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།