རང་སྐྱོང་ལྗོངས་ས་གཤིས་རྩད་ཞིབ་ཅུས་ཀྱིས་ཚད་གཞི་མཐོ་པོས་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་རྒྱུ་མཐའ་འཁྱོངས་བྱས་པ།
“དམ་འཛིན་བཞི་དང་སྐུལ་འདེད་བཞིར”བརྟེན་ནས་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།
བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བ་ནས་བཟུང་། རང་སྐྱོང་ལྗོངས་ས་གཤིས་རྩད་ཞིབ་ཅུས་ཀྱིས“དགོངས་པ་སློབ་སྦྱོང་དང་། ཏང་གཤིས་བརྟན་གཏོང་། ལག་ལེན་ལ་མཐོང་ཆེན། བྱས་རྗེས་གསར་འཇོག”བཅས་ཀྱི་སྤྱིའི་བླང་བྱ་ཁོང་དུ་བརྟན་པོ་ཆུད་པར་བྱས་ཤིང་། “དམ་འཛིན་བཞི་དང་སྐུལ་འདེད་བཞི”དམ་འཛིན་བྱ་གཞིར་བྱས་ནས་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་ཏན་ཏིག་དང་སེམས་དབུས་སུ་ཟུག་པར་སྐུལ་འདེད་བཏང་བ་རེད།
གཡུལ་ས་འཛུགས་སྐྱོང་ལ་དམ་འཛིན་བྱས་ནས་བསམ་བློའི་བྱང་ཚད་མཐོ་རུ་བཏང་ཞིང་། རང་སྐྱོང་ལྗོངས་ས་གཤིས་རྩད་ཞིབ་ཅུས་ཀྱིས་ཕྱི་རོལ་གྱི་ས་གཤིས་ལས་དོན་སྤེལ་ཡུལ་གྱི་ས་ཚིགས་མང་བ་དང་། ལམ་ཐག་རིང་བ། ཁྱབ་རྒྱ་ཆེ་བ། མི་སྣ་འགྲོ་སྐྱོད་མང་ལ་ཁ་ཐོར་དུ་གནས་པ། ལས་སྒྲུབ་ལ་སྟབས་བསྟུན་ཆེ་བ་སོགས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ནས། བརྗོད་དོན་གཙོ་བོའི་སློབ་གསོའི་ཏང་ཡོན་གྱི་ཕྱི་རོལ་གྱི་ལས་དོན་དཔེ་སྟོན་ལས་གནས་དང་གདོང་ལེན་ལས་གནས་བཙུགས་པ་དང་། “ཀྲི་པུའུ་བརྒྱ་ཤོག་ཏུ་འཛུགས་པའི”གཟི་བརྗིད་ལྡན་པའི་སྲོལ་རྒྱུན་རྒྱུན་འཛིན་བྱས་ནས་ཕྱི་རོལ་གྱི་ལས་དོན་རུ་མི་ཚོའི“སྦྲ་གུར་ཀྲི་པུའི”སྲ་ཞིང་བརྟན་པའི་དམག་འཐབ་མཁར་རྫོང་གི་ནུས་པ་འདོན་སྤེལ་ཧུར་ཐག་བྱས་པ་རེད། ཅུས་དེས་ཏང་ཡོན་ངོ་མ་3ཡན་ཟིན་པའི་རྣམ་གྲངས་ཚོགས་ཆུང་དུ་གནས་སྐབས་ཏང་ཀྲི་པུའུ་འམ་ཡང་ན་ཏང་ཚོགས་ཆུང་དུས་ཐོག་ཏུ་འཛུགས་དགོས་པའི་བླང་བྱ་བཏོན་པ་རེད། གནས་སྐབས་ཏང་ཀྲི་པུའུ་འམ་ཡང་ན་ཏང་ཚོགས་ཆུང་གིས་རིགས་པའི་གཞུང་ལུགས་སློབ་སྦྱོང་སྔོན་ལ་བཞག་པ་་དང་ས་གཤིས་རྩད་ཞིབ་ཀྱི་ལས་དོན་ལ་སྐུལ་འདེད་གཏོང་བ་གཙོ་རྐང་དུ་བྱས་ཤིང་། རྣམ་གྲངས་འགན་འཁུར་བས་སྣེ་ཁྲིད་དེ་སློབ་སྦྱོང་དང་། ལག་རྩལ་འགན་འཁུར་བས་དཔེ་སྟོན་སློབ་སྦྱོང་། ཏང་ཡོན་དཀྱུས་མས་གཅིག་ལ་གཅིག་འགྲན་བསྡུར་ངང་སློབ་སྦྱོང་སོགས་ཀྱི་བྱེད་སྟངས་སྤྱད་དེ། ཅུས་ཡོངས་ཀྱི་ཕྱི་རོལ་རྣམ་གྲངས་ཚོགས་ཆུང་140ཡི་ས་གཤིས་རུ་མི་433གྱི་ཁྲོད་སློབ་སྦྱོང་གི་ཚ་རླབས་འཕྱུར་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ས་གཤིས་རུ་མིའི་ལས་དོན་དང་འཚོ་བའི་ཁྲོད་ཁྱབ་པ་བྱས་ཏེ་ས་གཤིས་རུ་མིའི་བསམ་བློའི་གོ་རྟོགས་སླར་ཡང་གོང་མཐོར་གཏོང་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་རེད།
བྱེད་སྒོའི་གཞི་རྟེན་ལ་དམ་འཛིན་བྱས་ཏེ་ཏང་གཤིས་བརྟན་པོ་ཡོང་བར་སྐུལ་འདེད་བཏང་ཞིང་། རང་སྐྱོང་ལྗོངས་ས་གཤིས་རྩད་ཞིབ་ཅུས་ཀྱིས་མི་སྣ་སྒྲིག་འཛུགས་བྱས་ནས་གཞིས་རྩེ་དང་། ལྷོ་ཁ། ཆབ་མདོ་སོགས་གྲོང་ཁྱེར་དུ་བསྐྱོད་དེ་ཁ་ཐོར་དུ་གནས་པའི་རྒན་ཡོལ་ཞུས་པའི་བློ་མཐུན་རྒན་གྲས་དང་ཁྱིམ་ཚང་ལ་དཀའ་ངལ་ཡོད་པའི་འདས་པོའི་ནང་མིར་འཚམས་འདྲི་དང་དྲོ་སྐྱིད་སྐྱེལ་བའི་བྱེད་སྒོ་དང་བརྗོད་དོན་གཙོ་བོའི་སློབ་གསོའི་སྒྲོག་འགྲེལ་བྱས་པ་རེད། བློ་མཐུན་རྒན་གྲས་30ཡུན་ནན་དུ་ལུས་གསོ་དང་ངལ་གསོ་བར་སྒྲིག་འཛུགས་བྱས་ནས་བློ་མཐུན་རྒན་གྲས་དང་ཁྱིམ་ཚང་དཀའ་ངལ་ཡོད་པའི་འདས་པོའི་ནང་མིར་ཏང་གི་དྲོ་སྐྱིད་ཚོར་བར་བྱས་པ་རེད། བོད་ཀྱི་གཏེར་ཐོན་ས་གཤིས་ལོ་རྒྱུས་མཐུད་བསྒྲིགས་དང་ཐོན་རྫས་ཞབས་ཞུའི་རྣམ་གྲངས་ཚོགས་ཆུང་མངའ་རིས་ས་ཁུལ་སྒེར་རྩེ་རྫོང་བོད་སྐྱོད་སྔོན་སྐྱོད་ལེན་གྱི་དྲན་གསོ་ཁང་དུ་བསྐྱོད་དེ། “གསར་བརྗེའི་རྟེན་གཞིའི་ཁུལ་དུ་སླར་ཡང་བསྐྱོད་ནས་གསར་བརྗེའི་ས་བོན་རྒྱུན་འཛིན་བྱེད”ཅེས་པའི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་ནས། གསར་བརྗེའི་དཔའ་བོའི་གཏམ་རྒྱུད་ཉན་པ་དང་སྔོན་གཤེགས་དཔའ་བོའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ལ་རྗེས་དྲན་ཞུས་པ་རེད།
བརྟག་དཔྱད་ཞིབ་འཇུག་ལ་དམ་འཛིན་དང་དངོས་སྒྲུབ་འགན་འཁུར་གྱི་བསམ་པར་སྐུལ་འདེད་བཏང་ཞིང་། ཅུས་དེའི་ཏང་ཙུའི་ཚན་ཁག་གི་ཁོངས་མིས་གཞི་རིམ་དུ་སྐྱོད་པ་དང་ཕྱི་རོལ་གྱི་རྣམ་གྲངས་ཀྱི་འཐབ་ས་དང་པོར་ཞུགས་ནས་དགོས་མཁོ་འདྲི་བ་དང་། མཉམ་ལས་སྐོར་གླེང་བ། གནས་ཚུལ་དངོས་མཐིལ་རྟོག དཀའ་གནད་སེལ་བ། འཕེལ་རྒྱས་སྐོར་གླེང་བ་བཅས་བྱས་ཏེ་རྨང་གཞི་ཡག་ཤོས་ཀྱི་དཔྱད་གཞི་ཁོང་དུ་ཆུད་པ་དང་ཆ་འཕྲིན་ཆ་ཚང་ཤོས་ཐོབ་པ། དམངས་འདུན་དངོས་ཤེས་རྟོགས་བཅས་བྱས་ནས། གནད་དོན་གྱི་འཇུག་གཞི་འཕྱུགས་མེད་འཚོལ་བ་དང་། ཁྱོན་ཡོངས་དང་གནད་འཁེལ་གྱི་སྒོ་ནས་གནད་དོན་གྱི་འབྱུང་རྩ་བརྡར་ཤ་གཅོད་པ། འགན་འཁྲི་དོན་འཁྱོལ་ཐད་ཧེ་བག་འཚོལ་བ་དང་། རང་འགན་ཐེག་པ་ཁུར་ལེན་ཐད་ནས་མི་འདང་སར་ལྟ་བ། དམིགས་སའི་འདུ་ཤེས་ཐད་ནས་འགྱུར་ལྡོག་གཏོང་བ། ཕུགས་ཕན་ལམ་སྲོལ་ཐད་ནས་ཚད་ལྡན་ལ་དམ་འཛིན་བཅས་བྱས་པ་རེད།
ས་གཤིས་རྩད་ཞིབ་རྣམ་གྲངས་ལ་དམ་འཛིན་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཞིང་། རང་སྐྱོང་ལྗོངས་ས་གཤིས་རྩད་ཞིབ་ཅུས་ཀྱིས་སྔ་རྗེས་སུ་རང་བྱུང་ཐོན་ཁུངས་པུའུ་དང་ཀྲུང་གོ་ས་གཤིས་བརྟག་དཔྱད་ཅུས་ལ་ཐེངས་4བསྐྱོད་དེ་བོད་ཀྱི་རེས་སྐོར་གསར་པའི་གཏེར་འཚོལ་ལས་དོན་སོགས་འབྲེལ་མཐུད་བྱས་ནས་ནུས་ཤུགས་ཡོད་རྒུས་བོད་ཀྱི་གཏེར་འཚོལ་ལས་དོན་ལ་སྐུལ་འདེད་བཏང་བ་དང་། ས་ཁོངས་བརྟག་དཔྱད་དང་། གཏེར་ཁ་བརྟག་དཔྱད། མཐའ་མཚམས་ས་ཁུལ་གྱི་ཐོན་ཁུངས་རྩད་ཞིབ་སོགས་ཅུས་8ཀྱི་དོ་དམ་རྣམ་གྲངས་ཀྱི་ལག་བསྟར་ཇུས་གཞིར་ཞིབ་དཔྱད་ལས་དོན་ལེགས་སྒྲུབ་ཟིན་པ་རེད། བྱང་ཐང་གི་སྣུམ་རླངས་ཐོན་ཁུངས་རྩད་ཞིབ་ལས་དོན་ལ་རྒྱབ་སྐྱོར་བྱས་ཏེ་གསོར་ཁུང་གཉིས་བཙུགས་ནས་རིམ་རྩིས་བྱས་ན་འདྲུ་ཚད་སྨི་200ལྷག་ཙམ་ཟིན་པ་རེད། མངའ་རིས་ས་ཁུལ་རྩ་མདའ་རྫོང་གི་བཀོད་སྒྲིག་བྱ་ཡུལ་4ལ་རྩད་ཞིབ་ཐིག་ལེན་གྱིས་ས་མཚམས་གཏན་འཁེལ་དང་དེ་བཞིན་བྲག་ས་ལས་གྲྭའི་རྩད་ཞིབ་དང་། རི་ཆུ་ནགས་ཞིང་མཚེའུ་བྱེ་འཁྱགས་བཅས་གཞི་གཅིག་ཅན་གྱི་རང་བྱུང་ཐོན་ཁུངས་བརྟག་དཔྱད་རྣམ་གྲངས་དོན་འཁྱོལ་བྱས་པ་རེད། ཆབ་མདོ་དང་། ཉིང་ཁྲི། མངའ་རིས་སོགས་གྲོང་ཁྱེར་དང་ས་ཁུལ་6གི་ཡོངས་ཁྱབ་རང་བཞིན་གྱི་ས་གཤིས་གནོད་འཚེ་ལྟ་ཞིབ་ཚད་ལེན་གྱི་ཉེན་བརྡ་གཏོང་བའི་ལས་ཀའི་ལག་བསྟར་ཇུས་གཞིར་དཔྱད་ཞིབ་དང་འོས་སྐུལ་འོས་དཔོད་སོགས་ཀྱི་ལས་དོན་སྤེལ་བ་རེད། ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་གྱི་ལེ་ལག་ཚང་བའི་ཆུ་བེད་ལས་གྲྭ་ལེགས་སྒྲུབ་བྱས་པ་དང་ནགས་བཟོའི་རྒྱ་ཁྱོན་མུའུ་1394ཟིན་ནས་ལེགས་གྲུབ་ཐུབ་ཚད་100%ཟིན་པ་རེད།