དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རང་ལྗོངས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་ཚན་པ་ཁག་དང་པོས།

    ཐོས་བསམ་སྦྱོང་གསུམ་ཟུང་འབྲེལ་གྱིས་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་དང་ཏན་ཏིག་སྤེལ་བར་སྐུལ་འདེད་གཏོང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-06-05

    ཉིན་ཤས་བསྟུད་མར། རང་ལྗོངས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་ཚན་ཁག་དང་པོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས་རིགས་པའི་གཞུང་ལུགས་ཀྱི་སློབ་སྦྱོང་ལ་ཤུགས་སྣོན་དང་། འབྲེལ་མཐུད་མཉམ་འདྲེས་མངོན་གསལ་དོད་པོ། གནད་དོན་གྱི་སྟོན་ཕྱོགས་ཤུགས་ཆེར་གཏོང་བ། དོན་འཁྱོལ་དང་ཕན་འབྲས་ངོ་མ་ཐོན་པར་དམ་འཛིན་ནན་པོ་བཅས་བྱས་ཏེ་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་དང་ཏན་ཏིག་སྤེལ་བར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ཡོད།

    ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་བརྗོད་དོན་གཙོ་བོའི་སློབ་གསོ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་ཆེད། ལྗོངས་ཏང་ཨུད་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་སྐོར་སྐྱོད་མཛུབ་ཁྲིད་ཚོགས་ཆུང་བདུན་པས་རང་སྐྱོང་ལྗོངས་སློབ་གསོ་ཐིང་དུ“དགོངས་པ་སློབ་སྦྱོང་དང་བྱས་རྗེས་གསར་འཇོག ཏང་ཀྲི་པུའི་ཧྲུའུ་ཅིའི(ཁྲུའུ་ཀྲང)གླེང་སྟེགས”དུས་ཐེངས་དང་པོ་གཉེར་བ་རེད། ལྗོངས་མི་སྤྱི་ཐིང་དང་། ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན། ལྗོངས་དམངས་སྲིད་ཐིང་སོགས་ཚན་པའི་ཀྲི་པུའི་ཧྲུའུ་ཅི་12ཀྱིས་སྤེལ་རེས་གཏམ་བཤད་བྱས་པ་རེད། ཚང་མས་སློབ་སྦྱོང་གི་མྱོང་ཚོར་ལྷུག་པོར་གླེང་བ་དང་། བསམ་གཞིག་གི་གྲུབ་འབྲས་མཉམ་སྤྱོད། ལས་ཀའི་འཆར་གཞིར་གྲོས་བསྡུར་བཅས་བྱས་པ་རེད།

    ལྗོངས་མི་སྤྱི་ཐིང་ལག་ཤེས་སློབ་གླིང་གི་ཏང་ཀྲི་པུའུ་གཉིས་པའི་ཧྲུའུ་ཅི་ཚེ་སྒྲོན་གྱིས། བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཚུན་ཀྲི་པུའུ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ལག་རྩལ་བཟོ་པའི་སློབ་གསོ་འཕེལ་རྒྱས་ཤུགས་ཆེན་གཏོང་དགོས”དང“བྱང་ཚད་མཐོ་བའི་ངལ་རྩོལ་པ་དང་ལག་རྩལ་དང་རྩལ་ནུས་ཤེས་ལྡན་པ་འབོར་ཆེན་གང་མགྱོགས་གསོ་སྐྱོང་བྱེད་དགོས”ཞེས་པའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཡོད། གོམ་སྟབས་རྗེས་མའི་ལས་དོན་ཁྲོད་བརྗོད་དོན་གཙོ་བོའི་སློབ་གསོ་གོ་སྐབས་སུ་བྱས་ཏེ་གཞི་རིམ་དགེ་རྒན་གྱི་ཏང་ཀྲི་པུའུ་ཡི་དམག་འཐབ་མཁར་རྫོང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། དགོངས་པ་གསར་པ་དང་རིགས་པའི་གཞུང་ལུགས་གསར་པ་སློབ་སྦྱོང་ནན་ཏན་གྱིས་སྤྱིར་བཏང་གི་དགེ་རྒན་གྱི་ལས་གནས་ཐོག་བྱས་རྗེས་གསར་པ་ཧུར་ཐག་བཞག་སྟེ། བོད་ཀྱི་ལག་རྩལ་བཟོ་པའི་སློབ་གསོའི་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཐུན་མོང་ཐོག་གཏོད་ཀྱི་ཡིན་ཞེས་བཤད་པ་རེད།

    རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གིས“དགོངས་པ་སློབ་སྦྱོང་དང་། ཏང་གཤིས་བརྟན་གཏོང་། ལག་ལེན་ལ་མཐོང་ཆེན། བྱས་རྗེས་གསར་འཇོག”བཅས་ཀྱི་སྤྱིའི་བླང་བྱ་ཁོང་དུ་བརྟན་པོར་ཆུད་པ་བྱས་ནས་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་རྒྱུ་དེ་ལས་འགན་གཙོ་བོ་དང་ཟུང་འབྲེལ་ནུས་ལྡན་བྱེད་པ་དང་མཉམ་དུ་ཇུས་འགོད་བྱས་ནས་གྲོང་མི་མང་ཚོགས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པ་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་ཁེ་ཕན་གྱི་གནད་དོན་ལ་དམིགས་ཏེ་མང་ཚོགས་ཀྱིས་སྨན་པ་བསྟེན་དཀའ་བའི་གནད་དོན་ཐག་གཅོད་བྱེད་རྒྱུ་དེ་བརྗོད་དོན་གཙོ་བོའི་སློབ་གསོའི་གནད་དོན་དག་ཐེར་གྱི་ཁ་ཕྱོགས་གཙོ་བོར་བརྩི་རྒྱུ་རེད།

    ཉེ་ཆར་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ལས་ཁུངས་ཀྱིས་བརྗོད་དོན་གཙོ་བོའི་སློབ་གསོའི་གཏམ་བཤད་འགྲན་བསྡུར་གཉེར་བ་རེད། འགྲན་ཞུགས་བདམས་ཐོན་པ་20ཡིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལ་དམ་པོར་དམིགས་ནས་ལས་གནས་ཀྱི་དོན་དངོས་ལ་གཞི་ཚུགས་ཏེ། སྤྲོ་སེམས་རབ་ཏུ་འཕེལ་བ་དང་། བབ་ཆགས་པའི་སྐད་ཆ། གསོན་ཉམས་དོད་པའི་དཔེ་མཚོན་བཅས་ཀྱི་ཐོག་ནས་རང་ཉིད་ཀྱི་གནས་ཚུལ་དང་ཉེ་འགྲམ་གྱི་བྱ་བ་ཤོད་པ་བརྒྱུད་ཏང་ཡོན་ལས་བྱེད་པའི་དུས་བསྟུན་འཕེལ་རྒྱས་དང་། འཚོལ་ཞིབ་བྱེད་ཕོད་པ། དངོས་སྒྲུབ་དོན་འཁྱོལ། འབད་འབུངས་ཡར་བརྩོན། དམངས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་འགན་འཁྲི་འཁུར་སེམས་དང་ཉམས་འགྱུར་གང་ལེགས་མངོན་པ་དང་། བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་། སེམས་གཏིང་ནས་ཏང་གི་བཀའ་དྲིན་ཚོར་བ། འགྱུར་མེད་དམ་བཅའ་བཞག་ནས་ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་ཡིད་ཆེས་དང་ཆོད་སེམས་མངོན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།