གཞོན་ནུའི་སྟོབས་ཤུགས་གཅིག་ཏུ་སྒྲིལ། སྤེལ་རེས་ལས་ལ་སྐུལ་འདེད་བཏང་།
ཕྱི་རྒྱལ་གྱི་གཞོན་ནུ་ཀྲུང་གོར་སློབ་སྦྱོང་བྱེད་པར་ཡོང་བ།
འདི་ནི་མོ་ཧན་མོ་ཏེ·ཅི་ཧ་ཏེ་ཡིན་པ།
ཨེ་ཅིབ་ཀྱི་གཞོན་ནུ་མོ་ཧན་མོ་ཏེ·ཅི་ཧ་ཏེ་ཡིས།
“མི་དེ་བས་མང་བས་ཀྲུང་གོ་ངོ་མ་ཞིག་ཤེས་སུ་འཇུག་དགོས”
“སྐད་ཡིག་ནི་རྒྱལ་ཁབ་ཅིག་ཤེས་རྟོགས་བྱེད་པའི་ཐབས་ལམ་ཡག་ཤོས་དེ་ཡིན། རྒྱ་ཡིག་སློབ་སྦྱོང་བྱས་པས་ང་གནམ་ས་གསར་པར་སྐྱོད་པའི་སྒོ་མོ་ཕྱེ་བྱུང་། ཨེ་ཀྲུང་རིག་གནས་སྤེལ་རེས་ལ་སྐུལ་འདེད་གཏོང་བ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་ཤེས་རྟོགས་ཟབ་ཏུ་གཏོང་རྒྱུ་དེ་ངས་རྒྱུན་མཐུད་འབད་བརྩོན་བྱེད་པའི་དོན་གཉེར་ཞིག་ཏུ་གྱུར་ཡོད”ཅེས་ཀྲུང་གོའི་སྤྱི་སྐད་བྱང་ཆུབ་པའི་ཨེ་ཅིབ་ཀྱི་གཞོན་ནུ་མོ་ཧན་མོ་ཏེ·ཅི་ཧ་ཏེས(རྒྱ་ཡིག་མིང་ལ་ལིའུ་ཀྲེང་ཤིན)འདི་ག་ཚགས་པར་གྱི་གསར་འགོད་པར་དེ་ལྟར་བཤད།
2019ལོར་ཅི་ཧ་ཏེ“རྒྱ་སྐད་འབྲེལ་ཟམ”གྱི་འགྲན་བསྡུར་ནང་ཞུགས་ནས་ཨེ་ཅིབ་འགྲན་ཁུལ་གྱི་དམིགས་བསལ་བྱ་དགའ་ཐོབ་པ་དང་འབྲེལ། ལོ་དེའི“རྒྱ་སྐད་འབྲེལ་ཟམ”གྱི་མཐའ་བསྡུར་གྱི་བྱ་དགའ་ཨང་གསུམ་པ་ཐོབ་པ་རེད། སློབ་ཆེན་ཐོན་རྗེས་ཅི་ཧ་ཏེ་ཡིས་ཀྲུང་གོ་སྨྱན་སྦྱོར་སློབ་ཆེན་གྱི་རླུང་འཕྲིན་གཙོ་སྐྱོང་ཆེད་ལས་སུ་མུ་མཐུད་ཟབ་སྦྱོང་བྱ་རྒྱུའི་གདམ་ག་བྱས།
ཅི་ཧ་ཏེ་ཡིས་དེ་སྔོན་ཧུའུ་ནན་ཞིང་ཆེན་ཤང་ཤིས་ཐུའུ་ཅ་རིགས་མེའོ་རིགས་རང་སྐྱོང་ཀྲོའུ་ཧྭ་ཡོན་རྫོང་ཧྲི་པ་ཏུང་གྲོང་ཚོར་བསྐྱོད་དེ་ཇི་ལྟར་བྱས་ནས་གུ་དོག་པའི་འགྲིམ་འགྲུལ་དང་ས་ཞིང་དཀོན་པའི་གནས་ཚུལ་ཐག་གཅོད་བྱས་ཏེ་གྲོང་གསེབ་དར་རྒྱས་ཀྱི་ཕྱུག་འགྱུར་ལམ་བུར་གོམ་ཞེང་ཆེན་པོས་བསྐྱོད་དགོས་ལུགས་ཤེས་རྟོགས་བྱས་པ་རེད། “གྲོང་མི་ཚོས་དམིགས་བསལ་གྱི་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་ནས་ཚང་མ་བདེ་སྐྱིད་ལྡན་པའི་འཚོ་བ་ཞིག་སྐྱེལ་རྒྱུ་བྱུང་བར”ཅི་ཧ་ཏེར་སེམས་འགུལ་ཚད་མེད་ཐེབས་ཡོད་ལ། ཧྲི་པ་ཏུང་གྲོང་ཚོའི་འཕེལ་རྒྱས་ནི་ཀྲུང་གོས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་བཏང་བའི་གསོན་ཉམས་དོད་པའི་བསྡུས་རིས་ཤིག་ཀྱང་རེད།
ས་ཆ་གཅིག་ལ་སླེབས་རིམ་བཞིན་ཅི་ཧ་ཏེ་ཡིས་ས་གནས་འདི་གའི་སྲོལ་རྒྱུན་རིག་གནས་མྱོང་རོལ་གཏོང་ཟབ་བྱེད་ཀྱི་ཡོད། ཅིང་ཅུས་ཁྲང་ཞི་དང་། ཀོ་ཕིག་ཟློས་གར། གཞས་མ་གཏམ་སོགས་ཀྱིས་ཁོང་གི་ཡིད་དབང་འཕྲོགས་ཅིང་། “རིག་གནས་སྤེལ་རེས་བྱེད་པ་དེས་རྒྱལ་ཁབ་མི་འདྲ་བའི་དམངས་ཚོགས་དབར་དེ་བས་ཤེས་རྟོགས་གཏིང་ཟབ་བྱེད་ཐུབ། དམངས་སེམས་མཐུན་ཐབས་བྱེད་པ་ནི་གཉིས་ཕན་མཉམ་ལས་ཀྱི་རྨང་གཞི་ཞིག་རེད། ངས་རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་ནས་མི་དེ་བས་མང་བས་ཀྲུང་གོ་ངོ་མ་ཞིག་ཤེས་རྟོགས་ཐུབ་པའི་རེ་བ་ཡོད། གཞོན་ནུ་ཞིག་གི་ངོས་ནས་ང་ཚོས་དཔའ་ངར་ཆེར་སྐྱེད་ཀྱིས་ཨེ་ཀྲུང་དང་ཨ་ཀྲུང་གཉིས་ཁ་ཕྱོགས་གཅིག་ཏུ་བསྐྱོད་ཐུབ་པར་ཆ་རྐྱེན་ཧུར་ཐག་བསྐྲུན་ནས་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་གཏོད་དགོས”ཞེས་ཅི་ཧ་ཏེ་ཡིས་བརྗོད།
འདི་ནི་ཨན་ནཱ·ཕ་ལ་ཙུའོ་ཡིས་རྒྱལ་སྤྱིའི་གཞོན་ནུའི་པེ་ཅིང་གླེང་སྟེགས་སྐབས་གཉིས་པའི་ཐོག་གཏམ་བཤད་སྤེལ་བཞིན་པ།
པར་ཙིར་གྱི་གཞོན་ནུ་ཨན་ནཱ·ཕ་ལ་ཙུའོ་ཡིས།
“ཀྲུང་གོའི་ཞིང་ལས་དང་གྲོང་གསེབ་འཕེལ་རྒྱས་ཀྱི་ཉམས་མྱོང་གསར་པ་སློབ་སྦྱོང་བྱེད་ཀྱི་ཡིན”
པར་ཙིར་གྱི་གཞོན་ནུ་ཨན་ནཱ·ཕ་ལ་ཙུའོ་མིག་སྔར་ཀྲུང་གོ་མི་དམངས་སློབ་ཆེན་དར་གོས་ལམ་བུའི་སློབ་གླིང་དུ“དེང་རབས་ཀྲུང་གོ་ཞིབ་འཇུག”རྣམ་གྲངས་སློབ་སྦྱོང་བྱེད་བཞིན་ཡོད། ཞིང་ལས་རིག་པ་ནས་དེང་རབས་ཀྲུང་གོ་ཞིབ་འཇུག་ལ་བསྒྱུར་བས་ཨན་ནཱ་ཡིས་རང་ཉིད་ཀྱི་འབྱུང་འགྱུར་ལ་བསྐྱར་དུ་འཆར་འགོད་བྱས། “ཀྲུང་གོ་འདི་ཉིད་ལོ་མང་བསྟུད་མར་པར་ཙིར་གྱི་ཞིང་ལས་ཐོན་རྫས་ནང་འདྲེན་བྱེད་མཁན་རྒྱལ་ཁབ་ཆེ་ཤོས་སུ་གྱུར་ནས་པར་ཙིར་གྱི་ཞིང་ལས་ཐོན་རྫས་ལ་ཡངས་ཤིང་རྒྱ་ཆེ་བའི་ཁྲོམ་ར་མཁོ་འདོན་བྱས་ཡོད། ས་ཆ་དངོས་སུ་ཞིབ་འཇུག་བྱས་པ་བརྒྱུད་ཀྲུང་གོའི་ཞིང་ལས་དང་གྲོང་གསེབ་འཕེལ་རྒྱས་ཀྱི་ཉམས་མྱོང་གསར་པ་སློབ་སྦྱོང་བྱེད་པའི་རེ་བ་བྱེད་ཀྱི་ཡོད”ཅེས་ཨན་ནཱ་ཡིས་བཤད།
ཀྲུང་གོར་སླེབས་ནས་ཡུན་རིང་སོང་མེད་ན་ཡང་ཨན་ནཱ་ཡིས་ས་ཆ་མང་པོར་བསྐྱོད་དེ་བཅར་འདྲི་བྱས་ཡོད། ཅང་སུའུ་སུའུ་ཀྲོའུ་ནས་ཁོང་གིས་འབྲི་ཆུའི་ལྷོ་རྒྱུད་ཁུལ་གྱི་རིག་གནས་ཀྱི་གཏིང་ཟབ་པའི་ནང་དོན་མྱོང་ཚོར་ཐུབ་པ་དང་། ཀྲེ་ཅང་དབྱི་ཝུའུ་རུ་ཁོང་གིས་ཁྲེན་ཝང་ཏའོ་ཡིས《གུང་ཁྲན་ཏང་གི་བསྒྲགས་གཏམ》བསྒྱུར་སའི་ཤིང་ཁང་དུ་བསྐྱོད་པས་ཀྲུང་གོ་གུང་ཁྲན་ཏང་མིའི་ཕུགས་བསམ་དང་དད་སེམས་ལ་ངོས་འཛིན་བྱེད་ཟབ་ཏུ་ཕྱིན་ཡོད།
འདི་ལོ་ནི་ཀྲུང་གོ་དང་པར་ཙིར་དབར་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་ནས་ལོ་30འཁོར་བའི་ལོ་ཞིག་རེད། 2022ལོ་བར་རྒྱལ་ཁབ་གཉིས་པོའི་ཚོང་དོན་དངུལ་འབོར་ལོ་5བསྟུད་མར་ཨ་སྒོར་དུང་ཕྱུར་1000ལས་བརྒལ་བ་དང་ཀྲུང་གོ་འདི་ཉིད་ལོ་14བསྟུད་མར་པར་ཙིར་གྱི་ཚོང་དོན་རོགས་ཟླ་ཆེ་ཤོས་སུ་གྱུར་ཡོད། “ཞིང་ལས་ནི་པར་ཙིར་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོའི་མཉམ་ལས་ཁྱབ་ཁོངས་གལ་ཆེན་ཞིག་ཡིན་པ་དང་། ཀྲུང་གོའི་ཁྲོམ་རར་པར་ཙིར་གྱི་ཞིང་ལས་ཐོན་རྫས་ལ་ཡིད་དབང་འཕྲོག་ཤུགས་ཆེན་པོ་ལྡན་ཡོད། རྒྱལ་ཁབ་གཉིས་པོའི་ཞིང་ལས་ཁྱབ་ཁོངས་ཀྱི་མཉམ་ལས་ཀྱིས་པར་ཙིར་གྱི་ཞིང་ལས་ཐོན་སྐྱེད་ཀྱི་ལས་ཕྱོད་ནུས་ལྡན་ངང་མཐོ་རུ་བཏང་ནས་གཉིས་ཁེ་གཉིས་ཕན་ཡོང་རྒྱུ་རེད”ཅེས་ཨན་ནཱ་ཡིས་བཤད།
འདི་ལོའི་ཟླ་6པར་ཨན་ནཱ་སློབ་མཐར་ཕྱིན་ནས་པར་ཙིར་དུ་ལོག་ཉེར་ཡོད། “ངས་ཞིང་ལས་རྣམ་གྲངས་དོ་དམ་ལས་དོན་ནང་མུ་མཐུད་ཞུགས་ཀྱི་ཡིན། ཀྲུང་གོར་སྦྱངས་པའི་ཤེས་བྱ་དང་ཉམས་མྱོང་གིས་ངའི་འབྱུང་འགྱུར་གྱི་ལས་ཀར་ཕན་ཐོགས་ཆེན་པོ་ཡོང་ངེས་ཡིན་པའི་ཡིད་ཆེས་ཡོད”ཅེས་ཨན་ནཱ་ཡིས་ཡིད་ཆེས་ཀྱིས་ཁེངས་བཞིན་བཤད།
འདི་ནི་ནཱ་ཧྥེ་སཱ·མུའུ་ཅེ(དཀྱིལ)ཡིན་པ།
ཕ་ཁི་སི་ཐན་གྱི་གཞོན་ནུ་ནཱ་ཧྥེ་སཱ·མུའུ་ཅེ་ཡིས།
“རྒྱལ་ཁབ་གཉིས་ལག་གདང་སྦྲེལ་ནས་ལྗང་མདོག་འཕེལ་རྒྱས་ གཏོང་བར་སྟོབས་ཤུགས་ལེགས་སྐྱེས་འབུལ་གྱི་ཡིན”
“གནམ་གཤིས་འགྱུར་ལྡོག་ནི་མིའི་རིགས་ཡོངས་ལ་འཕྲད་པའི་ཐུན་མོང་གི་འགྲན་སློང་ཞིག་རེད། ‘གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གཅིག་མཐུན་འདུས་གྲུབ’རྒྱལ་སྤྱིའི་གཞོན་ནུའི་བློ་གྲོས་གཅིག་བསྡུས་བྱ་སྤྱོད་ཀྱིས་རྒྱལ་ཁབ་ཁག་གི་གཞོན་ནུ་ཚོས་གནམ་གཤིས་འགྱུར་ལྡོག་དང་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་དོ་ཁུར་བྱེད་པར་སྐུལ་འདེབས་བྱས་ནས་གཞོན་ནུ་ཚོར་སྤེལ་རེས་དང་གྲོས་བསྡུར་གྱི་ལས་སྟེགས་མཁོ་འདོན་བྱས་པར་དོན་སྙིང་ཧ་ཅང་ཆེན་པོ་ལྡན་ཡོད”ཅེས་ཤིས་ཨན་འགྲིམ་འགྲུལ་སློབ་ཆེན་གྱི་ཉེར་སྤྱོད་དཔལ་འབྱོར་རིག་པའི་འབུམ་རམས་སློབ་མ་ཕ་ཁི་སི་ཐན་གྱི་ཕྱི་སྦྱོང་སློབ་མ་ནཱ་ཧྥེ་སཱ·མུའུ་ཅེས་གསར་འགོད་པར་བཤད་བྱུང་།
མུའུ་ཅེའི་གྲོས་གཞིའི་ནང་མཁའ་རླུང་སྤུས་ཚད་ཀྱིས་གནམ་གཤིས་འགྱུར་ལྡོག་ལ་ཤུགས་རྐྱེན་ཐེབས་མིན་སྐོར་ ལ་དོ་ཁུར་བྱས་ཡོད་ཅིང་། འགོ་བརྗོད་དུ《གནམ་གཤིས་འགྱུར་ལྡོག་དུས་རབས་ཀྱི་ལྗང་མདོག་འཕེལ་རྒྱས་ཀྱི་ལས་རྗེས་གདེང་འཇོག་སྟེ། འབོ་གསེར་རྒྱལ་ཁབ་ཀྱི་མཐོང་སྣང་གསར་པ》ཞེས་འཁོད་པའི་གྲོས་གཞི་དེ་མཐར་རྒྱལ་སྤྱིའི་གཞོན་ནུའི་བློ་གྲོས་གཅིག་བསྡུས་བྱ་སྤྱོད་ཀྱི་གྲོས་གཞི་ཡག་ཤོས་བཅུའི་ནང་ཚུད་ཡོད།
“ང་པེ་ཅིང་དང་། ཧང་ཀྲོའུ། ཆིང་ཏའོ་སོགས་གྲོང་ཁྱེར་དུ་འགྲོ་མྱོང་ཡོད། གཞུང་ལམ་དུ་ནུས་རྒྱུ་གསར་པའི་རླངས་འཁོར་ཇེ་མང་དུ་འགྲོ་བ་དང་གཞུང་ལམ་གཡས་གཡོན་གྱི་ལམ་སྒྲོན་ཡང་ཉི་ནུས་ལམ་སྒྲོན་ཡིན་པ་མཐོང་བྱུང” ཀྲུང་གོར་ལོ་མང་སློབ་སྦྱོང་དང་འཚོ་བ་སྐྱེལ་རིང་མུའུ་ཅེར་ཀྲུང་གོས་ལྗང་མདོག་འཕེལ་རྒྱས་མཐའ་འཁྱོངས་བྱེད་པའི་སྐོར་ལ་མྱོང་ཚོར་ཟབ་མོ་བྱུང་ཞིང་། ཁོང་གིས“ཀྲུང་གོས་ནུས་རྒྱུ་གསར་པའི་རླངས་འཁོར་ཁྱབ་གདལ་ཧུར་ཐག་གཏོང་བ་དང་། རླུང་ཤུགས་གློག་ཁང་དང་ཉི་ནུས་གློག་ཁང་བསྐྲུན་རྒྱུར་སྐུལ་མ་བཏང་ནས་བསྐྱར་སྐྱེས་ནུས་རྒྱུ་བེད་སྤྱོད་གཏོང་བའི་ཆུ་ཚད་མཐོ་རུ་བཏང་བས། ལྗང་མདོག་འཕེལ་རྒྱས་ཁྱབ་ཁོངས་སུ་གྲུབ་འབྲས་ཆེན་པོ་ཐོབ་ཡོད”ཅེས་བཤད།
ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་དཔལ་འབྱོར་བར་ཁྱམས་སྒྲོམ་གཞིའི་འོག་གི་ལྗང་མདོག་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་ལྗང་མདོག་ནུས་རྒྱུའི་མཉམ་ལས་ཀྱང་མུའུ་ཅེ་ཡིས་དོ་ཁུར་བྱེད་པའི་གཙོ་གནད་ཅིག་རེད། མུའུ་ཅེ་ཡིས“ཀྲུང་གོའི་ཁེ་ལས་ཀྱིས་ཕ་ཁི་སི་ཐན་གྱི་ལྷོ་རྒྱུད་གྲུ་ཁའི་གྲོང་ཁྱེར་ཁ་ལ་ཆིར་ནུས་རྒྱུ་གསར་པའི་སྤྱི་སྤྱོད་རླངས་འཁོར་ཁག་དང་པོ་རྩིས་སྤྲད་པ་དང་། ཕ་ཁི་སི་ཐན་ཕྱོགས་དང་མཉམ་ལས་བྱས་ཏེ་ཁ་ལུའོ་ཐེ་ཆུ་ཤུགས་གློག་ཁང་སོགས་བསྐྲུན་པ་དེས་ཕ་ཁི་སི་ཐན་གྱི་ནུས་རྒྱུའི་གྲུབ་ཆ་ལྗང་མདོག་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བར་ཕན་ཐོགས་བྱུང་ཡོད”ཅེས་བཤད།
“འབྱུང་འགྱུར་ངས་ཕ་ཁི་སི་ཐན་དང་ཀྲུང་གོའི་དབར་གྱི་མཉམ་ལས་ལ་མུ་མཐུད་དོ་ཁུར་བྱས་ནས། རྒྱལ་ཁབ་གཉིས་ལག་གདང་སྦྲེལ་ནས་ལྗང་མདོག་འཕེལ་རྒྱས་གཏོང་བར་སྟོབས་ཤུགས་ལེགས་སྐྱེས་ཧུར་ཐག་འབུལ་གྱི་ཡིན”ཞེས་མུའུ་ཅེས་བཤད།
འདི་ནི་གཞོན་ནུ་ལེ་ཀའེ་ཤིས་ཡིན་པ།
ཧྥ་རན་སེའི་གཞོན་ནུ་ལེ་ཀའེ་ཤིས་ཀྱིས།
“དར་རྒྱས་གོང་འཕེལ་འགྲོ་བཞིན་པའི་ ཀྲུང་གོར་ལྟ་འདོད་ཆེན་པོ་བྱུང”
2015ལོར་ཧྥ་རན་སེའི་གཞོན་ནུ་ལེ་ཀའེ་ཤིས་ཀྱིས་སྤེལ་རེས་སློབ་མའི་མིང་ཐོག་ནས་ཧྥུའུ་ཏན་སློབ་ཆེན་གྱི་ཀྲུང་གོའི་སྐད་ཡིག་ཚན་ཁག་ཏུ་སློབ་སྦྱོང་བྱེད་པར་འོང་ཞིང་། “དེ་དུས་ང་རང་སློབ་སྦྱོང་བྱེད་སའི་ཧྥ་རན་སེའི་སློབ་གྲྭ་དེར་ཕྱི་སྦྱོང་ལ་འགྲོ་ཆོག་པའི་མིང་སྐལ་གཅིག་ལས་མེད་པས། ང་རང་ཀྲུང་གོའི་སྐད་ཡིག་སྦྱོང་འདོད་ཆེ་བར་བརྟེན་ཐེ་ཚོམ་མེད་པར་མིང་ཐོ་བཀོད་པ་ཡིན”ཞེས་ལེ་ཀའེ་ཤིས་ཀྱིས་བཤད། ཁོང་གིས་ལོ་གཅིག་ཙམ་སློབ་སྦྱོང་དང་འཚོ་བ་སྐྱེལ་རིང་། “ལྟ་འདོད་ལ་འགྲོ་འདོད་ཆེ་ཞིང་དམིགས་བསལ་ཁྱད་ཆོས་ལྡན་པའི་ཀྲུང་གོའི་ས་ཆ་མང་པོར་བསྐྱོད་པ་ཡིན”ཞེས་བཤད། ཧྥ་རན་སེར་ལོག་རྗེས་ལེ་ཀའེ་ཤིས་ཀྱིས་ཉིང་པོའི་སློབ་ཆེན་དང་ཧྥ་རན་སེའི་མཐོ་སློབ་དབར་མཉམ་ལས་ཀྱི་སློབ་གཉེར་རྣམ་གྲངས་འདུན་ཞུ་བྱས་པ་མ་ཟད། ཡུལ་སྐོར་དོ་དམ་ཆེད་ལས་ཀྱི་རབ་འབྱམས་པའི་ཞིབ་འཇུག་སློབ་མའི་སློབ་གནས་ཀྱང་རག་པ་རེད།
2019ལོར་ལེ་ཀའེ་ཤིས་ཀྱིས་བསྐྱར་དུ་ཧྲང་ཧའེ་ལ་ཡོང་ནས་ཀྲུང་གོར་ལས་གཏོད་བྱ་རྒྱུའི་སེམས་ཐག་བཅད་དེ་ཧྲང་ཧའེ་ཡོན་མོན་རིག་གནས་བརྒྱུད་སྤེལ་ཚད་ཡོད་ཀུང་སི་བཙུགས་པ་དང་། ཀྲུང་གོ་དང་ཕྱི་རྒྱལ་གྱི་ཡུལ་སྐོར་བར་ཧྲང་ཧའེ་གྲོང་ཁྱེར་གྱི་ཡུལ་སྐོར་ཕྱོགས་སྟོན་ཞབས་ཞུའི་ལས་སྒོ་གཙོ་གཉེར་བྱས་ཡོད།
ལེ་ཀའེ་ཤིས་ཀྱིས་གཞོན་ནུའི་དབར་རིག་གནས་སྤེལ་རེས་བྱས་པ་དེས་ཕན་ཚུན་ཤེས་རྟོགས་ཇེ་ཟབ་ཏུ་འགྲོ་གི་འདུག དེ་ནི“རང་ཉིད་རྒྱ་ཡིག་དང་ཀྲུང་གོའི་ལོ་རྒྱུས་དང་འཛུགས་སྐྲུན་སོགས་ཚུད་པའི་ཀྲུང་གོའི་རིག་གནས་ལ་དགའ་ཞེན་སྐྱེ་བ་ལྟ་བུ་རེད། དེར་བརྟེན་གྲོགས་པོ་མང་པོ་ངོ་ཤེས་ནས་མཐར་ཀྲུང་གོར་འཚོ་བ་སྐྱེལ་རྒྱུའི་སེམས་ཐག་བཅད་པ་ཡིན”ཞེས་བཤད།
འདི་ལོ་ནས་བཟུང་། ཀྲུང་གོའི་དཔལ་འབྱོར་རིམ་བཞིན་སླར་གསོ་བྱུང་ནས་ལེགས་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བཞིན་ཡོད་ལ་ཡུལ་སྐོར་ལས་རིགས་ཀྱང་གང་མགྱོགས་སླར་གསོ་ཡོང་བཞིན་ཡོད། ཉེ་ཆར་ལེ་ཀའེ་ཤིས་ཀུང་སིའི་རྣམ་གྲངས་གསར་པ་གསར་སྤེལ་བྱེད་པར་བྲེལ་བཞིན་ཡོད་ལ། ལས་དོན་ཁང་དེ་ཁོང་གིས་ཧྲང་ཧའེ་ཡི་ཁང་པ་རྙིང་པ་ཉམས་ལེན་བྱ་ཡུལ་ཞིག་ཏུ་བཏོད་པ་མ་ཟད། ལས་དོན་པ་འཁྲབ་ཚན་མི་སྣའི་ཚུལ་དུ་བྱས་ནས་སྐུ་མགྲོན་ཁག་གཅིག་ལ་སྣེ་ལེན་ཞུ་རྩིས་ཡོད་ཅིང་། “དེ་གོང་ཁོང་ཚོས་ངར་ལྟ་བར་ཡོང་བའི་དུས་ཚོད་ནི་2015ལོ་ཡིན། དེ་དུས་ཁྲོམ་གཞུང་དུ་ཀོག་ཧྥེ་ཁང་དེ་ཙམ་མང་པོ་མེད”ཅེས་ལེ་ཀའེ་ཤིས་ཀྱིས་འཛུམ་དམུལ་དམུལ་ངང་བཤད་པ་དང་། ཁོང་གིས་ད་ཆ་ཧྲང་ཧའེ་དེ་འཛམ་གླིང་ཐོག་ཀོག་ཧྥེ་ཁང་མང་ཤོས་ཀྱི་གྲོང་ཁྱེར་ཞིག་ཏུ་གྱུར་པས། “ངས་ཁོང་ཚོ་ཧྲང་ཧའེ་ལ་ཀོག་ཧྥེ་འཐུང་བར་གདན་དྲངས་ཏེ་དར་རྒྱས་གོང་འཕེལ་འགྲོ་བཞིན་པའི་ཀྲུང་གོར་མཉམ་དུ་ལྟ་འདོད་ཆེན་པོ་བྱུང”ཞེས་བཤད།
འདི་ནི་ཧུའུ་ནན་ཞིང་ཆེན་ཤང་ཤིས་ཐུའུ་ཅ་རིགས་མེའོ་རིགས་རང་སྐྱོང་ཀྲོའུ་ཧྭ་ཡོན་རྫོང་ཧྲི་པ་ཏུང་གྲོང་ཚོའི་ལི་ཙི་གྲོང་སྡེའི་མཛེས་ལྗོངས་ཡིན་པ།
ཕ་ཁི་སི་ཐན་གྱི་གཞོན་ནུ་ནཱ་ཧྥེ་སཱ·མུའུ་ཅེ་ཡིས།
“རྒྱལ་ཁབ་གཉིས་ལག་གདང་སྦྲེལ་ནས་ལྗང་མདོག་འཕེལ་རྒྱས་ གཏོང་བར་སྟོབས་ཤུགས་ལེགས་སྐྱེས་འབུལ་གྱི་ཡིན”
⇑ འདི་ནི་ནཱ་ཧྥེ་སཱ·མུའུ་ཅེ(དཀྱིལ)ཡིན་པ།