དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོས་སི་རི་ཡར་སྐྲུན་རོགས་བྱས་པའི་བཤིག་བདེའི་ཁང་པ་རྩིས་སྤྲོད་རྩིས་ལེན་གྱི་མཛད་སྒོ་ཏ་མ་སི་ཁུར་འཚོགས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-06-03

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཏ་མ་སི་ཁུ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར་ཀྲུང་གོ་སྲིད་གཞུང་གིས་སི་རི་ཡར་སྐྲུན་རོགས་བྱས་པའི་བཤིག་བདེའི་ཁང་པ་225རྩིས་སྤྲོད་རྩིས་ལེན་གྱི་མཛད་སྒོ་སི་རི་ཡའི་རྒྱལ་ས་ཏ་མ་སི་ཁུར་འཚོགས་པ་དང་། སི་རི་ཡར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཧྲི་ཧུང་ཝུའེ་དང་། སི་རི་ཡའི་ས་གནས་དོ་དམ་དང་ཁོར་ཡུག་པུའི་པུའུ་ཀྲང་ཧའོ་སའེ་དབྱིན·མཱ་ཧོ་ལུའུ་ཧྥུའུ་སོགས་རྩིས་སྤྲོད་རྩིས་ལེན་གྱི་མཛད་སྒོར་ཞུགས་ཡོད།

    ཧྲི་ཧུང་ཝུའེ་ཡིས་སི་རི་ཡ་ནི་ཀྲུང་གོའི་རོགས་ཟླ་བཟང་པོ་དང་སྤུན་ཟླ་བཟང་པོ་རེད། འདི་ལོའི་ལོ་སྟོད་དུ་སི་རི་ཡར་ས་ཡོམ་དྲག་པོ་བརྒྱབ་རྗེས་ཀྲུང་གོ་ཕྱོགས་ཀྱིས་སི་རི་ཡར་གཞོགས་འདེགས་ཧུར་ཐག་བྱས་ནས་ཡོམ་འགོག་གེགས་སེལ་བྱས་ཡོད། མཛེས་སྡུག་ལྡན་པའི་ཁྱིམ་གཞིས་ཡང་བསྐྱར་སྐྲུན་རིང་ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་སི་རི་ཡ་དང་ལག་སྦྲེལ་དཔུང་གཤིབ་བྱས་ཡོད་ཅེས་བརྗོད།

    མཱ་ཧོ་ལུའུ་ཧྥུའུ་ཡིས་ཀྲུང་གོ་ཕྱོགས་ཀྱིས་རོགས་སྐྱོར་ཆེན་པོ་བྱས་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་ཀྲུང་གོ་ཕྱོགས་ཀྱི་རོགས་སྐྱོར་དུས་ཐོག་དང་གནད་ལ་འཁེལ་བ་ཞིག་ཡིན་པ་དེས་གེགས་བར་བྱུང་བའི་མང་ཚོགས་བཀོད་སྒྲིག་དང་། གེགས་ཁུལ་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་སླར་གསོར་ཕན་པ་ཆེན་པོ་ཐོབ་པ་ལས་རྒྱལ་ཁབ་གཉིས་པོའི་སྲོལ་རྒྱུན་གྱི་མཛའ་གྲོགས་ཟབ་མོ་སླར་ཡང་མཚོན་ཡོད་ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།