དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་ཁེ་ལས་ལོ་སིའི་ཤིའུ་རྒྱུའི་རྣམ་གྲངས་ཐོན་སྐྱེད་ཀྱི་མ་རྐང་ལ་ཞུགས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-06-03

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཝན་ཐེན་ནས་ཟླ་6ཚེས་1ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གོའི་ཁྲོམ་འགྲེམས་ཁེ་ལས་ཡ་ཅཱ་རྒྱལ་སྤྱིའི་མ་རྐང་ལ་ཞུགས་ནས་བཙུགས་པའི་ཨེ་ཤེ་ཡའི་རྒྱུ་ཆ་གསར་པ་ཚད་ཡོད་ཀུང་སིས་ལོ་རེར་ཏུན་ཁྲི་1ཐོན་སྐྱེད་བྱས་པའི་ཤིའུ་རྒྱུའི་རྣམ་གྲངས་ཀྱི་རླངས་འཁོར་ཚོད་གཏོང་ལེགས་གྲུབ་བྱུང་བའི་རྟེན་འབྲེལ་མཛད་སྒོ་ཟླ་5ཚེས་31ཉིན་ལོ་སིའི་ཀན་མོང་ཞིང་ཆེན་དུ་འཚོགས་པ་ལས་རྣམ་གྲངས་དེ་དངོས་སུ་ཐོན་སྐྱེད་བྱེད་འགོ་ཚུགས་པ་མཚོན་ཡོད།

    ལོ་སིའི་ཙུང་ལིའི་ལས་ཤག་གཞུང་དོན་ཐིང་གི་པུའུ་ཀྲང་ཁན་ཕིང་དང་། བཟོ་ཚོང་པུའུ་ཀྲང་མཱ་ལའེ་ཐུང་། ཀན་མོང་ཞིང་ཆེན་གྱི་ཧྲེང་ཀྲང་དབན་སའེ་སོགས་མཛད་སྒོར་ཞུགས་པ་དང་། ལོ་སིའི་ཙུང་ལི་གཞོན་པ་དང་ཕྱི་འབྲེལ་པུའུ་ཀྲང་གཅིག་ལྕོགས་ཧྲ་ལུན་སའེ་ཡིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ་རེད། མཱ་ལའེ་ཐུང་གིས་ཤིས་ཚིག་སྒྲོན་སྐབས། ཤིའུ་རྒྱུའི་རྣམ་གྲངས་དྲ་ཐོག་ཏུ་བཏོན་རྗེས་ཐོན་ལས་ཁྱུ་ཚོགས་འཛུགས་སྐྲུན་ལ་ཁྲིད་སྟོན་བྱས་ནས་ལོ་སིའི་བཟོ་ལས་ཅན་དང་། དེང་རབས་ཅན། གྲོང་ཁྱེར་དང་གྲོང་རྡལ་ཅན་བཅས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་འབུལ་བའི་རེ་བ་ཡོད་ཅེས་བརྗོད།

    ཡ་ཅཱ་རྒྱལ་སྤྱིའི་ཙུང་ཚའེ་གཞོན་པ་ཀྲེན་ཡིའུ་ཡེ་ཡིས་ཤིས་ཚིག་སྒྲོན་སྐབས། ཤིའུ་རྒྱུའི་རྣམ་གྲངས་ནི་འགོ་འཛུགས་ས་ཙམ་ཞིག་ཡིན་པས་སླད་ཕྱིན་ད་དུང་ས་གནས་དེ་གའི་ཐོན་ཁུངས་ཀྱི་རིན་ཐང་རྒྱ་ཆེར་བཏང་སྟེ་ལོ་སིའི་བཟོ་ལས་ཅན་གྱི་འཕེལ་རིམ་མགྱོགས་སུ་གཏོང་བར་རམ་འདེགས་བྱེད་དགོས་ཞེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།