དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་རྒྱལ་སྤྱིའི་ཚན་རྩལ་རྩ་འཛུགས་སྤྱི་ཁྱབ་ཁང་གཅིག་འདུས་ཁུལ་ཐོག་མ་པེ་ཅིང་དུ་གཞིས་ཆགས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-06-03

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་1ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་31ཉིན་པེ་ཅིང་དུ་རང་རྒྱལ་གྱི་རྒྱལ་སྤྱིའི་ཚན་རྩལ་རྩ་འཛུགས་སྤྱི་ཁྱབ་ཁང་གཅིག་འདུས་ཁུལ་ཐོག་མ་དེར་སྒོ་བྱང་བཀལ་ནས་དངོས་སུ་སྤྱོད་འགོ་ཚུགས་ཤིང་། གཅིག་འདུས་ཁུལ་དེ་ནི་ཀྲུང་གོ་ཚན་རྩལ་མཐུན་ཚོགས་དང་པེ་ཅིང་གྲོང་ཁྱེར་སྲིད་གཞུང་གིས་མཉམ་ལས་བྱས་ནས་བསྐྲུན་པ་ཞིག་ཡིན་ལ་ཁག་དང་པོར་རྒྱལ་སྤྱིའི་སྲོག་ཆགས་སློབ་ཚོགས་དང་། རྒྱལ་སྤྱིའི་གྲངས་འཛིན་སའི་གོ་ལའི་སློབ་ཚོགས། རྒྱལ་སྤྱིའི་ཆིང་ནུས་འབུད་རྫས་གློག་སྨན་མཐུན་ཚོགས་སོགས་རྒྱལ་སྤྱིའི་ཚན་རྩལ་རྩ་འཛུགས་8དེ་གར་བཅའ་སྡོད་བྱས་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། གཅིག་འདུས་ཁུལ་དེས་ཚན་རྩལ་རིགས་ཀྱི་མངའ་ཁོངས་ཕྱིའི་སྲིད་གཞུང་མིན་པའི་རྩ་འཛུགས་ཀྱི་པེ་ཅིང་དུ་ཡོད་པའི་འཐུས་ཚབ་སྒྲིག་གཞི་དང་རྒྱལ་སྤྱིའི་ཚན་རྩལ་རྩ་འཛུགས་ཀྱི་འབྲེལ་གཏུག་ས་ཚིགས་ལ་སྤྱི་པའི་གཞུང་ལས་སྒྲུབ་ཁུལ་བཙུགས་པ་དང་། དུས་མཇུག་ཏུ་ད་དུང་ཁག་བགོས་རིགས་དབྱེ་བྱས་ནས་རྒྱལ་སྤྱིའི་ཚན་རྩལ་རྩ་འཛུགས་དང་དོན་གཅོད་སྒྲིག་གཞི་བཅའ་སྡོད་བྱེད་པའི་ཡིད་དབང་འགུག་རྒྱུ་རེད།

    ཉེ་བའི་ལོ་ཤས་རིང་། རང་རྒྱལ་གྱིས་ཀྲུང་གོའི་ཚན་རིག་མཁས་ཅན་དང་རྒྱལ་ཡོངས་སློབ་ཚོགས་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་ནས་རང་རྒྱལ་དུ་རྒྱལ་སྤྱིའི་ཚན་རྩལ་རྩ་འཛུགས་བཙུགས་ཤིང་། ཀྲུང་གོ་ཚན་རྩལ་མཐུན་ཚོགས་ཀྱི་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་ཧྲུའུ་ཝེས། རྒྱལ་སྤྱིའི་ཚན་རྩལ་རྩ་འཛུགས་ཀྱི་སྤྱི་ཁྱབ་ཁང་གཅིག་འདུས་ཁུལ་བསྐྲུན་པ་དེས་ཀྲུང་གོའི་ཚན་རྩལ་འཕེལ་རྒྱས་དང་འཛམ་གླིང་གི་ཚན་རྩལ་ཡར་ཐོན་མཉམ་དུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ཐེབས་ཀྱི་ཡོད་པ་དང་། ཀྲུང་གོའི་ཚན་རྩལ་ལས་དོན་པ་གོ་ལ་ཧྲིལ་པོའི་ཚན་རྩལ་བཅོས་སྐྱོང་ལ་དེ་བས་མང་བ་ཞུགས་རྒྱུར་ཕན་ཐོགས་ཡོད་ལ། རྒྱལ་སྤྱིའི་ཚན་རྩལ་ལས་རིགས་ཀྱི་སྒོ་དབྱེ་དང་ཡིད་ཆེས་ཀྱི་མཉམ་ལས་ལ་སྐུལ་མ་གཏོང་བར་ཕན་ཐོགས་ཡོད་ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།