དབུ་ཤོག>གསར་འགྱུར།>དམངས་འཚོ།
  • “ཤང་གྲོང་དར་རྒྱས། ནག་ཆུ་མདུན་དུ་སྐྱོད”ཅེས་པའི་བྱེད་སྒོ་ལས་མང་ཚོགས་ལ་ཡོང་འབབ་སྒོར་ཁྲི་500ལྷག་ཙམ་བྱུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-06-03

    ཟླ་5ཚེས་30ཉིན། གསར་འགོད་པར་རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི་ནག་ཆུ་གྲོང་ཁྱེར་གྱི“ཤང་གྲོང་དར་རྒྱས། ནག་ཆུ་མདུན་སྐྱོད”ཅེས་པའི་བྱེད་སྒོའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། “ཤང་གྲོང་དར་རྒྱས། ནག་ཆུ་མདུན་དུ་སྐྱོད”ཅེས་པའི་བྱེད་སྒོར་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ཅིང་། བརྩམས་ཆོས་ཕུལ་བྱུང་ཁག་500ལྷག་ཙམ་བཙོངས་པར་མང་ཚོགས་ལ་ཡོང་འབབ་སྒོར་ཁྲི་502.98བྱུང་བ་དང་། མང་ཚོགས་46ལ་ལས་ཞུགས་ཀྱི་ལས་གནས་འོས་སྦྱོར་ཐུབ་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་འཚོགས་ཚུན། ནག་ཆུ་གྲོང་ཁྱེར་གྱིས་མང་ཚོགས་ཀྱི་ལས་ཀ་བྱེད་སྟངས་གསར་གཏོད་ཧུར་ཐག་བྱས་ཏེ་རིག་རྩལ་རིག་གནས་རིགས་དང་། སྐད་ཡིག་རིགས། ཕན་ཚུན་རོགས་རམ་རིགས། ཐོན་སྐྱེད་རྩལ་ནུས་རིགས་བཅས་ཁག་ཆེན་པོ་4ཡི་རྣམ་གྲངས་ཁག་29ཡི་འགྲན་བསྡུར་རྣམ་གྲངས་གཞི་རྟེན་དུ་བྱས་ནས་གྲོང་ཁྱེར་ཡོངས་ཀྱི་ཁྱབ་ཁོངས་སུ“ཤང་གྲོང་དར་རྒྱས་ལ་ནག་ཆུ་མདུན་སྐྱོད”ཅེས་པའི་བརྗོད་དོན་གཙོ་བོར་བྱས་པའི་མང་ཚོགས་རང་བཞིན་གྱི་འགྲན་བསྡུར་བྱེད་སྒོ་སྤེལ་ཞིང་། རིམ་རྩིས་བྱས་ན་འགྲན་བསྡུར་ཐེངས་ཁྲི་2.7བྱས་པར་ཞུགས་མཁན་མང་ཚོགས་མི་ཐེངས་ཁྲི་40.34ཟིན་ཡོད། བྱེད་སྒོ་སྤེལ་རིང་ནག་ཆུ་གྲོང་ཁྱེར་གྱི་རྒྱ་ཆེའི་མང་ཚོགས་དང་། གཞོན་ནུ་ལོ་ཆུང་སློབ་མ། དགོན་སྡེའི་གྲྭ་བཙུན་བཅས་ཀྱིས་རྩེར་སོན་གྱི་སྲོལ་རྒྱུན་ལག་ཤེས་ལ་བརྟེན་ནས་ཏང་དར་དང་། རྒྱལ་དར། རྒྱལ་རྟགས་བཅས་དང་། དེ་བཞིན་ཐོན་སྐྱེད་དང་འཚོ་བའི་མཁོ་ཆས་སྣ་ཚོགས་བཟོས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།