དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • ལྷོ་ཁས་ཁེ་ལས་ལ་ཕན་པའི་སྲིད་ཇུས་ཀྱི་མ་དངུལ་དོན་འཁྱོལ་གང་མགྱོགས་བྱེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-06-03

    ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་གྱིས་ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ལེགས་སུ་གཏོང་བ་དང་རིགས་ཁག་གི་སྲིད་ཇུས་ཆ་ཚང་སྤྱོད་པ་དང་གང་ལེགས་སྤྱོད་ཐུབ་པར་དམིགས་ཏེ། ཞབས་ཞུའི་སྤུས་ཚད་ཟམ་མི་ཆད་པར་ལེགས་སུ་གཏོང་བ་དང་། སྲིད་ཇུས་ལག་བསྟར་དང་ཞིབ་མཆན་འགོད་རིམ་སྔར་བས་ཁུ་བསྡུ་བྱེད་པ། སྒྲུབ་གཉེར་དུས་བཀག་སྔར་བས་ཐུང་དུ་གཏོང་བ་བཅས་བྱས་ཏེ་ཞིབ་མཆན་འགོད་པ་དང་དོན་འཁྱོལ་བྱེད་པའི་ཐད“སྒྲུབ་གཉེར་མགྱོགས་པོ་དང་། མཉམ་འགུལ་སྒྲུབ་གཉེར། ཕན་འབྲས་ཆེན་པོས་སྒྲུབ་པ”བཅས་མངོན་འགྱུར་བྱུང་ཡོད། 2018ལོ་ནས་2022ལོའི་བར་རིམ་རྩིས་བྱས་ན་ཁེ་ལས་777ལ་སྲིད་ཇུས་མ་དངུལ་སྒོར་ཁྲི་3283.4དོན་འཁྱོལ་བྱས་པའི་ནང་གཞུང་ཁོངས་ཁེ་ལས་554ཡོད་པར་སྲིད་ཇུས་མ་དངུལ་སྒོར་ཁྲི་2421.45དོན་འཁྱོལ་བྱས་པ་དང་དམངས་གཉེར་ཁེ་ལས་223ཡོད་པར་སྲིད་ཇུས་མ་དངུལ་སྒོར་ཁྲི་861.95དོན་འཁྱོལ་བྱས་ནས་ཁེ་ལས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ཡོད།

    ལྷོ་ཁ་གྲོང་ཁྱེར་གྱིས་སྲིད་ཇུས་ཞབས་ཞུའི་མ་ལག་ནུས་ཤུགས་ཡོད་རྒུས་འཐུས་སྒོ་ཚང་དུ་བཏང་ཞིང་། ཕན་འབྲས་ཆེ་རུ་དང་། ཁྲོམ་ར་རྒྱ་སྐྱེད། ལས་ཞུགས་ལས་གཏོད། ཁོར་ཡུག་ལེགས་གཏོང་སོགས་འགག་རྩའི་ལྷུ་ཚིགས་ལ་དམིགས་ནས་རོགས་སྐྱོར་བྱེད་ཐབས་བཏོན་ཏེ་ཁ་གསབ་ཞིབ་མཆན་འགོད་པ་དང་། རྗེས་སྙེག་ཞབས་ཞུ། བསྒྲུབས་རྗེས་ལྟ་སྐུལ་སོགས་ཕྱོགས་མང་པོའི་ཐད་ནས་སྲིད་ཇུས་ཀྱི་ཕན་འབྲས་ཆེ་རུ་བཏང་སྟེ་ཁེ་ལས་ཀྱི་མ་དངུལ་གྱི་གནོན་ཤུགས་ཞི་ལྷོད་དུ་གཏོང་རོགས་བྱས་ཡོད།

    མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་བསྡུ་ལེན་ཧུར་ཐག་བྱས་པའི་ཕྲན་ཚེགས་ཁེ་ལས་དང་ལས་གཏོད་རྣམ་པའི་ཁེ་ལས་ལ་དམིགས་ནས་ལྷོ་ཁ་གྲོང་ཁྱེར་གྱིས་ཆེད་དོན་ཁ་གསབ་དོན་འཁྱོལ་གྱི་ཞིབ་མཆན་འགོད་པའི་དབང་ཚད་གཤམ་སྤྲོད་ཀྱི་ལས་ཀའི་ཇུས་གཞི་བཟོས་ཏེ་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་ཁ་གསབ་འདུན་ཞུ་དང་། ཞིབ་བསྡུར། བདག་སྤྲོད་བཅས་ཀྱི་ལས་སྒོ་རྫོང་དང་ཆུས་ཁག་ལ་སྤྲད་དེ“དུས་དང་རྣམ་པ་ཀུན་ཏུ་འདུན་ཞུ་དང་། དུས་ཐོག་ཏུ་བདག་སྤྲོད། ཟླ་རེར་དོན་འཁྱོལ”བཅས་བྱས་ནས་ཞིབ་མཆན་འགོད་པའི་བརྒྱུད་རིམ་དེ་ཉིན་14ནང་ཚུན་དུ་ཐུང་དུ་བཏང་བ་དང་ཟླ་རེའི་ཟླ་མཇུག་ཏུ་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་ཁ་གསབ་མ་དངུལ་དོན་འཁྱོལ་ཐུབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།