དབུ་ཤོག>གསར་འགྱུར།>དམངས་འཚོ།
  • བོད་ཀྱིས་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་འཚོ་བ་ལེགས་སུ་ཧུར་ཐག་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-06-03

    འདི་ལོ་ཚུན་དུ། རང་སྐྱོང་ལྗོངས་དམངས་སྲིད་ཐིང་གིས་དམངས་སྲིད་ཀྱི་སྤྱི་ཚོགས་རོགས་སྐྱོབ་ཀྱི་འགན་ནུས་ཧུར་ཐག་བཏོན་ནས་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་འཚོ་བ་སྔར་བས་འགན་ལེན་དང་ལེགས་སུ་བཏང་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2023ལོའི་ཟླ་1ཚེས་1ཉིན་ནས་བཟུང། རང་ལྗོངས་ཀྱི་གྲོང་ཁྱེར་གྱི་མ་མཐའི་འཚོ་བ་འགན་ལེན་གྱི་ཚད་གཞི་དེ་2022ལོའི་མི་རེར་ཟླ་རེར་སྒོར་927ནས་སྒོར་947བར་མཐོ་རུ་བཏང་བ་དང་། གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་གྱི་ཚད་གཞི་དེ་མི་རེར་ལོ་རེར་སྒོར་5160ནས་སྒོར་5340བར་མཐོ་རུ་བཏང་བ། གཅིག་སྡུད་བསྙེན་བཀུར་དང་གྲོང་ཁྱེར་གྱི་ཁ་ཐོར་བསྙེན་བཀུར་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་གཞི་རྩའི་འཚོ་བའི་ཚད་གཞི་དེ་མི་རེར་ལོ་རེར་སྒོར་14778བར་མཐོ་རུ་བཏང་བ་དང་གྲོང་གསེབ་ཀྱི་ཁ་ཐོར་བསྙེན་བཀུར་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་གཞི་རྩའི་འཚོ་བའི་ཚད་གཞི་དེ་མི་རེར་ལོ་རེར་སྒོར་8010བར་མཐོ་རུ་བཏང་བ། དྭ་ཕྲུག་གི་གཞི་རྩའི་འཚོ་བ་འགན་སྲུང་གི་ཚད་གཞི་དེ་རིགས་གཉིས་པ་དང་། གསུམ་པ། བཞི་པ་བཅས་ལ་གཞིགས་ནས་ཟླ་རེར་མི་རེར་ཆ་སྙོམས་སྒོར་172དང་། སྒོར་206 སྒོར་232བཅས་བར་མཐོ་རུ་བཏང་ནས་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་ལེན་ཏན་ཏིག་བྱས་ཡོད།

    དེ་དང་ཆབས་ཅིག རོགས་སྐྱོབ་སྲིད་ཇུས་དོན་འཁྱོལ་ནན་པོ་བྱས་ཏེ་མཐའ་མཚམས་རྫོང་གི་མ་མཐའི་འཚོ་བའི་འགན་ལེན་བྱ་ཡུལ་ལ་ད་ཡོད་ཚད་གཞིའི་ཐོག་10%མཐོ་རུ་བཏང་བ་དང་། 2023ལོའི་དཀའ་ངལ་ཡོད་པའི་མང་ཚོགས་ལ་རོགས་སྐྱོབ་ཀྱི་ཁ་གསབ་མ་དངུལ་སྒོར་ཁྲི་87565དུས་ཐོག་ཏུ་སྤྲད་པས། མིག་སྔར་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་གྱི་མི་156271ལ་ཕན་པ་ཐོབ་པ་དང་། དམིགས་བསལ་དཀའ་ངལ་ཡོད་པའི་རོགས་སྐྱོབ་བསྙེན་བཀུར་བྱ་ཡུལ་མི་12376ལ་ཕན་པ་ཐོབ་པ། གནས་སྐབས་རོགས་སྐྱོབ་བྱ་ཡུལ་མི(ཐེངས)7355ལ་ཕན་པ་ཐོབ་ཡོད་པ་རེད། དབང་པོ་སྐྱོན་ཅན་ལ“ཁ་གསབ་ཁག་གཉིས”ཀྱི་མ་དངུལ་སྒོར་ཁྲི་9026དོན་འཁྱོལ་བྱས་པ་དེས་མི(ཐེངས)143328ལ་ཕན་པ་ཐོབ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།