དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • འགྲན་བསྡུར་ལ་བརྟེན་ནས་སློབ་སྦྱོང་ལ་སྐུལ་འདེད་དང་སློབ་སྦྱོང་ལ་བརྟེན་ནས་བཀོལ་སྤྱོད་ལ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-06-02

    གཙོ་སྐྱོང་བས་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་བརྗོད་དོན་གཙོ་བོའི་ཤེས་བྱའི་འགྲན་བསྡུར་འགོ་ཚུགས་པའི་ཁྱབ་བསྒྲགས་བྱེད་བཞིན་པ།

    འགྲན་བསྡུར་བྱེད་སྐབས་བདམས་ཐོན་པ་ཚོས་ལན་ནན་ཏན་འདེབས་བཞིན་པ།

    བྱ་དགའ་ཐོབ་པའི་བདམས་ཐོན་པར་ལག་ཁྱེར་སྤྲོད་བཞིན་པ།

    ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་རིགས་པའི་གཞུང་ལུགས་སློབ་སྦྱོང་གི་གྲུབ་འབྲས་གསར་པར་བརྟེན་ནས་ཏང་ཡོན་ལས་བྱེད་པའི་སྤྱོད་ཚུལ་ལེགས་སུ་གཏོང་བར་སྐུལ་འདེད་ཏན་ཏིག་གཏོང་ཆེད། ཉེ་ཆར། རྫ་ཡུལ་རྫོང་གིས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་གྱི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་དང་། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་བརྗོད་དོན་གཙོ་བོའི་ཤེས་བྱའི་འགྲན་བསྡུར་བྱས་པ་རེད།

    ཤེས་བྱའི་འགྲན་བསྡུར་གྱི་ནང་དོན་གྲས་སུ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་། 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག》 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》 ལྗོངས་ཏང་ཨུད་ཀྱི་སྔར་ལས་ལྷག་པའི་སྒོ་ནས་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་ཚོགས་འདུའི་དགོངས་དོན་སོགས་ཚུད་ཡོད་པས། བདམས་ཐོན་པ་ཚོའི་ཤེས་བྱ་ཁོང་དུ་ཆུད་ཚད་ལ་ཕྱོགས་ཡོངས་ནས་བརྟག་ཞིབ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།