དབུ་ཤོག>གསར་འགྱུར།>དམངས་འཚོ།
  • གཞིས་རྩེ་གྲོང་ཁྱེར་གྱིས་དཀའ་ངལ་ཡོད་པའི་ཚོགས་སྤྱིར་སྡོད་ཁང་གི་གནད་དོན་ཐག་གཅོད་རོགས་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-06-02

    གཞིས་རྩེ་གྲོང་ཁྱེར་གྱི་འགན་སྲུང་རང་བཞིན་གྱི་བོགས་གཏོང་སྡོད་ཁང་སྐྲུན་པའི་ལས་དོན་ལ་སྐུལ་འདེད་མགྱོགས་པོ་བཏང་ནས་གྲོང་ཁྱེར་ཡོངས་ཀྱི་གྲོང་མི་གསར་པ་དང་གཞོན་ནུ་སོགས་ཚོགས་སྤྱིའི་སྡོད་ཁང་གི་དཀའ་ངལ་ཐག་གཅོད་ནུས་ལྡན་བྱ་ཆེད། གཞིས་རྩེ་གྲོང་ཁྱེར་གྱིས་འགན་སྲུང་རང་བཞིན་གྱི་བོགས་གཏོང་སྡོད་ཁང་འཕེལ་རྒྱས་ཤུགས་ཆེན་བཏང་ཞིང་། བྱེད་པོ་མང་པོར་བརྟེན་ནས་མཁོ་སྤྲོད་དང་། ཐབས་ལམ་མང་པོར་བརྟེན་ནས་འགན་ལེན། བོགས་གཏོང་དང་ཉོ་སྒྲུབ་མཉམ་འཛིན་བཅས་ཀྱི་སྡོད་ཁང་ལམ་ལུགས་བཙུགས་ཏེ། ཡུན་རིང་བོགས་གཏོང་སྡོད་ཁང་གི་ཁྲོམ་ར་ཚད་ལྡན་དུ་བཏང་བ་དང་། ཚོད་ལྟའི་ཁུལ་བཟོས་ནས་གསོག་འཇོག་ཁང་པ་ཡུན་རིང་བོགས་གཏོང་སྡོད་ཁང་ལ་སྤྱད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2022ལོར་གཞིས་རྩེ་གྲོང་ཁྱེར་གྱིས་མ་དངུལ་སྒོར་ཁྲི་504བཏང་ནས་གྲོང་ཁྱེར་བྱང་འདབས་ཀྱི་འགན་སྲུང་རང་བཞིན་གྱི་བོགས་གཏོང་སྡོད་ཁང་སྒྱུར་བཀོད་རྣམ་གྲངས་ལག་ལེན་བསྟར་ཏེ་ཁྱོན་སྡོད་ཁང་88ལ་སྒྱུར་བཀོད་བྱས་པ་དང་། མ་དངུལ་སྒོར་ཁྲི་7000བཏང་ནས་ལྷོ་འདབས་དང་བྱང་འདབས་ཀྱི་སྤྱི་པའི་བོཌ་གཏོང་ཁང་པའི་སྒོ་རའི་ནང་འགན་སྲུང་རང་བཞིན་གྱི་བོཌ་གཏོང་སྡོད་ཁང་246གསར་དུ་བསྐྲུན་ཡོད། 2023ལོར་གཞིས་རྩེ་གྲོང་ཁྱེར་གྱིས་མ་དངུལ་སྒོར་ཁྲི་5879.64བཏང་ནས་འགན་སྲུང་རང་བཞིན་གྱི་བོགས་གཏོང་སྡོད་ཁང་210གསར་དུ་སྐྲུན་རྩིས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།