དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-06-02

    ཚན་རིག་མ་ལག་ཁྱོན་ཡོངས་ནས་ཁོང་དུ་ཆུད་པར་བྱེད་དགོས།

    ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ནང་དོན་དེ་སྒྱུར་འཕེལ་བརྟན་གསུམ་དང་། ནང་སྲིད་ཕྱི་འབྲེལ་རྒྱལ་སྲུང་། ཏང་སྐྱོང་རྒྱལ་སྐྱོང་དམག་སྐྱོང་སོགས་ཕྱོགས་གང་ས་ཅི་ཐད་ལ་ཁྱབ་ནས་ཚན་རིག་མ་ལག་ཆ་ཚང་ཞིག་གྲུབ་ཡོད།

    ང་ཚོས་ནང་དོན་གཙོ་བོ་འདི་དག་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་སློབ་སྦྱོང་དང་ཁོང་དུ་ཆུད་པར་བྱེད་དགོས་ལ། དགོངས་པ་འདིའི་ཚན་རིག་མ་ལག་ཁྱོན་ཡོངས་ནས་ཁོང་དུ་ཆུད་པར་བྱས་ཏེ་གོ་དོན་མཐིལ་རྟོགས་བྱེད་དགོས། ཁྱབ་ཁོངས་ཁག་ལ་བཏོན་པའི་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་དང་ཕྱོགས་ཁག་གི་ལས་དོན་ལ་བཏོན་པའི་བྱེ་བྲག་གི་བླང་བྱ་ཚང་མ་ཚན་རིག་མ་ལག་ཧྲིལ་པོའི་ཁྲོད་བཞག་ནས་ངོས་འཛིན་དང་ཁོང་དུ་ཆུད་པར་བྱེད་དགོས་ཤིང་། ཐར་ཐོར་དང་ཕྱོགས་རེའི་སྣང་ཚུལ་སྤངས་ནས་སྤྱི་ཡོངས་ལ་བསམ་གཞིག་བྱེད་དགོས།

    ལངས་ཕྱོགས་དང་། ལྟ་བ། བྱེད་ཐབས་བཅས་གནད་ལ་འཁེལ་པོས་ཁོང་དུ་ཆུད་པར་བྱེད་དགོས།

    ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཟབ་སྦྱོང་མཐིལ་རྟོགས་བྱེད་པར། ད་དུང་ངེས་པར་དུ་དགོངས་པ་དེའི་འཇིག་རྟེན་ལྟ་བ་དང་། བརྟག་ཐབས་སྨྲ་བ། དེའི་ཁྲོད་ཀྱི་ལངས་ཕྱོགས་དང་། ལྟ་བ། བྱེད་ཐབས་བཅས་ཁོང་དུ་ཆུད་པར་བྱེད་དགོས།

    “ངེས་པར་དུ་མཐའ་འཁྱོངས་བྱེད་དགོས་པ་དྲུག”ཚུད་པའི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ལངས་ཕྱོགས་དང་། ལྟ་བ། བྱེད་ཐབས་བཅས་གནད་ལ་འཁེལ་པོས་ཁོང་དུ་ཆུད་ཚེ། གཞི་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཉིང་བཅུད་དང་ནང་དོན་གཙོ་བོར་སྔར་བས་ལེགས་པའི་སྒོ་ནས་གོ་བ་ལེན་ཐུབ་པ་མ་ཟད། གཞི་ནས་བསམ་བློ་དང་ཐབས་ཤེས་ཟུང་འབྲེལ་གང་ལེགས་དང་། གནད་དོན་ལ་ངོས་འཛིན་ཡང་དག གནད་དོན་ལ་དབྱེ་ཞིབ་གཏིང་ཟབ། ལས་དོན་སྒྲུབ་སྐབས་གནད་ལ་འཁེལ་པོ་བཅས་བྱུང་ནས་ལས་དོན་གང་ཞིག་བསྒྲུབས་ཀྱང་དེ་ལ་དེ་བསྟུན་གྱི་ཐབས་ཤེས་རྙེད་ཐུབ།

    ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་བྱེད་པའི་དམིགས་ཡུལ་ནི་ལག་ལེན་ཐོག་འཁྱོལ་བར་བྱ་རྒྱུ་དང་། དགོངས་པ་དེ་རང་སྣང་གི་འཇིག་རྟེན་དང་ཕྱི་རོལ་ཡུལ་གྱི་འཇིག་རྟེན་སྒྱུར་བཀོད་བྱེད་པའི་བསམ་བློའི་དྲག་ཆས་སྟོབས་ཆེན་ཞིག་ཏུ་འགྱུར་བར་བྱ་རྒྱུ་རེད།

    ལྷག་པར་དུ་དགོངས་པ་དེའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་དང་། དེའི་ཁྲོད་ཀྱི་ལངས་ཕྱོགས་དང་། ལྟ་བ། བྱེད་ཐབས་བཅས་རང་ཉིད་ཀྱི་བསམ་བློའི་མཚོན་ཆར་བསྒྱུར་ཏེ་ནང་སེམས་རྒྱུད་ལ་འཇགས་པ་དང་ཕྱི་བྱ་སྤྱོད་ཐོག་འཁྱོལ་བར་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།