དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 2023ལོའི་རྒྱལ་ཡོངས་ཀྱི་ཚན་རྩལ་བྱེད་སྒོའི་གཟའ་འཁོར་ཧྲང་ཧའེ་རུ་མཇུག་འགྲིལ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2023-06-02

    ཟླ་5ཚེས་30ཉིན་2023ལོའི་རྒྱལ་ཡོངས་ཀྱི་ཚན་རྩལ་བྱེད་སྒོའི་གཟའ་འཁོར་དང་ཧྲང་ཧའེ་ཡི་ཚན་རྩལ་དུས་ཆེན་གྱི་མཇུག་འགྲིལ་མཛད་སྒོ་ཧྲང་ཧའེ་གནམ་རིག་ཁང་དུ་གཉེར་བ་རེད། མཇུག་འགྲིལ་མཛད་སྒོ་ཚན་རྩལ་པུའུ་དང་ཧྲང་ཧའེ་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་མཉམ་དུ་གཙོ་གཉེར་བྱས་པ་ཞིག་རེད། ཚན་རྩལ་པུའི་ཏང་ཙུའི་ཁོངས་མི་ཚན་རྩལ་ཉིན་རེའི་ཚགས་པར་ཁང་གི་ཧྲེ་ཀྲང་ཀྲང་པི་ཡུང་དང་། ཧྲང་ཧའེ་གྲོང་ཁྱེར་མི་དམངས་འཐུས་ཚོགས་ཀྱི་ཀྲུའུ་རེན་གཞོན་པ་ཀྲང་ཆོན། ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཚན་དང་ས་གནས་ཀྱི་ཚན་རྩལ་དོ་དམ་སྡེ་ཚན་ཁག་གཅིག་གི་འཐུས་མི་བཅས་མཇུག་འགྲིལ་མཛད་སྒོར་ཞུགས་ཡོད།

    མཇུག་འགྲིལ་མཛད་སྒོ་དེ་ཚན་རྩལ་དང་སྒྱུ་རྩལ་མཉམ་འདྲེས་ཀྱི་རྣམ་པ་ཟབ་མོའི་ཁྲོད་གཉེར་ཞིང་། རོལ་དབྱངས་འདུ་ཚོགས་དང་། ཚན་རིག་ཚོད་ལྟའི་འགྲེམས་སྟོན། བདེ་ཐང་ཚན་རིག་ཁྱབ་གདལ་སོགས་རྒྱལ་ཡོངས་ས་གནས་ཁག་གིས་གྲ་སྒྲིག་བྱས་པའི་ཚན་རྩལ་དུས་ཆེན་གྱི་ཕུལ་བྱུང་སྤུས་རྟགས་ལེ་ཚན་གྱིས་ལྟད་མོ་བར་ཚན་རིག་གི་སྟོན་མོ་ཟབ་རྒྱས་ཤིག་བཤམས་པ་རེད།

    “ཚན་རྩལ་གསར་གཏོད་དང་ཚན་རིག་ཁྱབ་གདལ་གཏོང་རྒྱུ་ནི་གསར་གཏོད་འཕེལ་རྒྱས་མངོན་འགྱུར་བྱེད་པའི་གཤོག་ཟུང་ལྟ་བུ་རེད”ཅེས་པའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དོན་འཁྱོལ་དང་། རྒྱལ་ཁབ་ཀྱི་ཚན་རིག་ཁྱབ་གདལ་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་དང་། དམངས་ཡོངས་ཀྱི་ཚན་རིག་བྱང་ཚད་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱེད་པ། ཚན་རིག་མཁས་ཅན་གྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ། ཚན་རིག་ལ་དགའ་ཞེན་དང་ཚན་རིག་གོང་དུ་བཀུར་བའི་སྤྱི་ཚོགས་ཀྱི་དར་སྲོལ་གཏོད་པ་བཅས་བྱ་ཆེད“ཚན་རིག་ལ་དགའ་ཞེན་དང་ཚན་རིག་གོང་དུ་བཀུར་བ”ཞེས་པ་བརྗོད་དོན་གཙོ་བོར་བྱས་ནས་2023ལོའི་རྒྱལ་ཡོངས་ཀྱི་ཚན་རྩལ་བྱེད་སྒོའི་གཟའ་འཁོར་ཟླ་5ཚེས་20ནས་ཚེས་31ཉིན་བར་གཉེར་ཏེ་སྤྱི་དམངས་ལ་གསོན་ཉམས་དོད་པའི་ཚན་རྩལ་གྱི་སྟོན་མོ་ཟབ་རྒྱས་ཤིག་བཤམས་ཡོད། འདི་ལོའི་ཚན་རྩལ་གཟའ་འཁོར་འགོ་ཚུགས་མཛད་སྒོ་པེ་ཅིང་ཐུང་ཀྲོའུ་ཆུས་གྲོང་ཁྱེར་ལུའུ་ཤིན་ནགས་ཚལ་སྤྱི་གླིང་དུ་གཉེར་བ་དང་ཚོགས་ར་གཙོ་བོའི་བྱེད་སྒོར་པེ་ཅིང་གྲོང་ཁྱེར་གྱི་ཚོགས་པ་བརྒྱ་ལྷག་ཙམ་དང་མང་ཚོགས་ཁྲི་བཅུ་ལྷག་ཙམ་ས་གནས་ས་ཐོག་ཏུ་ལྟ་སྐོར་དང་ཉམས་ལེན་བྱེད་པར་སླེབས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།