དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་ཁབ་གྲོང་གསེབ་དར་རྒྱས་ཅུས་ཀྱིས་བསྟན་དོན།

    རོགས་སྐྱོར་ཐོན་ལས་ཀྱི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་བ་དང་དབུལ་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བར་སྐུལ་འདེད་གཏོང་དགོས།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-06-02

    ཤིན་ཧྭ་གསར་འགྱུར་ཁང་ཤིས་ཨན་ནས་ཟླ་5ཚེས་31ཉིན་གློག་འཕྲིན་འབྱོར་གསལ། གོང་ཚེས་ཉིན་རྒྱལ་ཁབ་གྲོང་གསེབ་དར་རྒྱས་ཅུས་ཀྱི་ཅུས་ཀྲང་ལིའུ་ཧོན་ཤིན་གྱིས། རོགས་སྐྱོར་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་དེ་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བའི་རྩ་བཅོས་ཀྱི་ཐབས་ཇུས་ལ་བརྩིས་ནས་ཐོན་ཁུངས་དང་རོགས་སྐྱོར་བྱ་ཐབས་སྣ་ཚོགས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་གཅིག་སྡུད་ཕྱོགས་ནས་རོགས་སྐྱོར་ཐོན་ལས་ཀྱི་རིམ་པ་སྤོར་བ་དང་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེར་གཏོང་ལ་སྐུལ་འདེད་བཏང་སྟེ་རོགས་སྐྱོར་ཐོན་ལས་དེ་དབུལ་སྒྲོལ་ས་ཁུལ་རྒྱུན་མཐུད་འཕེལ་རྒྱས་དང་དབུལ་སྒྲོལ་མང་ཚོགས་ཀྱི་འཚོ་བ་སྔར་བས་ལེགས་སུ་འགྲོ་བར་སྐུལ་འདེད་གཏོང་བའི་འདེགས་སྐྱོར་གལ་ཆེན་ཞིག་ཏུ་འགྱུར་བ་བྱེད་དགོས་ཞེས་བཤད་པ་རེད།

    ཚེས་31ཉིན་ལིའུ་ཧོན་ཤིན་གྱིས་ཧྲའན་ཤིས་ཞིང་ཆེན་ཧན་ཀྲུང་གྲོང་ཁྱེར་དུ་འཚོགས་པའི་རྒྱལ་ཡོངས་ཀྱི་དབུལ་སྒྲོལ་ས་ཁུལ་གྱི་ཐོན་ལས་འཕེལ་རྒྱས་ལ་རོགས་སྐྱོར་བྱེད་པའི་སྐུལ་འདེད་ཚོགས་འདུར་གོང་གསལ་གྱི་སྐད་ཆ་དེ་བཤད་པ་རེད།

    ཚོགས་འདུའི་ཐོག རོགས་སྐྱོར་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐབས་ལམ་དང་བྱ་ཐབས་ལ་གོ་བ་གཏིང་ཟབ་ལེན་པ་དང་། དངོས་ཐོག་བདེན་འཚོལ་གྱི་རྩ་དོན་མཐའ་འཁྱོངས་དང་ཁྲོམ་རའི་དཔལ་འབྱོར་གྱི་འདུ་ཤེས་ཟབ་ཏུ་གཏོང་བ། ཁྲོམ་རའི་དགོས་མཁོ་དང་ས་གནས་དེ་གའི་ཞིང་ལས་དང་གྲོང་གསེབ་ཀྱི་ཐོན་ཁུངས་ཀྱི་ལེགས་ཆར་སྤྱི་འདོམས་བསམ་གཞིག་བྱེད་པ། ཚན་རིག་དང་མཐུན་པའི་ངང་རོགས་སྐྱོར་ཐོན་ལས་འཕེལ་རྒྱས་ལ་འཆར་འགོད་དང་སྐུལ་འདེད་གཏོང་བ། ཁྱད་ལྡན་ལེགས་ཆའི་ཐོན་ལས་སྐྱེད་སྲིང་དང་འཕེལ་རྒྱས་ཡག་པོ་གཏོང་བ། གཞུང་ཕྱོགས་ནས་ཐོན་སྐྱེད་དང་བྲིན་ཚོང་ཟུང་འབྲེལ་དང་འཕྲེད་ཕྱོགས་ནས་ཞིང་ལས་དང་གྲོང་གསེབ་ཀྱི་རིག་གནས་ཡུལ་སྐོར་མཉམ་འདྲེས་བཅས་བྱས་ཏེ་དབུལ་སྒྲོལ་ས་ཁུལ་གྱི་རོགས་སྐྱོར་ཐོན་ལས་རྒྱུན་ཆད་མེད་པར་རྒྱ་སྟོབས་ཆེ་རུ་གཏོང་དགོས། རོགས་སྐྱོར་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རིན་ཐང་གི་སྟོན་ཕྱོགས་ལ་གོ་བ་གཏིང་ཟབ་བླངས་ནས་སྟངས་འཛིན་བྱེད་པ་དང་། ཁེ་ཕན་མཉམ་འབྲེལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཐོན་ལས་ཀྱི་རིན་ཐང་འཕར་བའི་ཕན་འབྲས་དེ་བས་མང་བ་ཞིང་པར་འཇོག་པར་སྣང་ཆེན་བཅས་བྱས་ཏེ“ཐོན་ཁུངས་རྒྱུ་ནོར་ལ་སྒྱུར་བ་དང་། མ་དངུལ་མ་རྐང་ལ་སྒྱུར་བ། ཞིང་པ་རྐང་བདག་ལ་སྒྱུར་བ”བཅས་བརྒྱུད་ཞིང་པ་ཞུགས་གང་ཐུབ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།