དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་ཕྱོགས་ཀྱིས་འབྲེལ་ཡོད་རྒྱལ་ཁབ་ལ་གྲངས་ཉུང་རིཌ་རྒྱུད་ལ་འདྲ་མཉམ་དང་ཁོང་ཡངས་ཀྱི་ཁོར་ཡུག་བསྐྲུན་དགོས་པའི་སྐུལ་མ་བཏང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-06-02

    ཤིན་ཧྭ་གསར་འགྱུར་ཁང་མཉམ་འབྲེལ་རྒྱལ་ཚོགས་ནས་ཟླ་5ཚེས་30ཉིན་གློག་འཕྲིན་འབྱོར་གསལ། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཀྲུང་གོའི་འཐུས་ཚབ་གཞོན་པ་ཏའེ་པིང་གིས་ཟླ་5ཚེས་30ཉིན་ཨ་ཧྥེ་རི་ཁ་བའི་རྒྱུད་པའི་གནད་དོན་གྱི་རྒྱུན་བཙུགས་གླེང་སྟེགས་ཀྱི་སྤྱིར་བཏང་རང་བཞིན་གྱི་རྩོད་གླེང་ཁྲོད་གཏམ་བཤད་སྤེལ་ནས་འབྲེལ་ཡོད་རྒྱལ་ཁབ་ལ་གྲངས་ཉུང་རིགས་རྒྱུད་ལ་འདྲ་མཉམ་དང་ཁོང་ཡངས་ཀྱི་ཁོར་ཡུག་བསྐྲུན་དགོས་པའི་སྐུལ་མ་བཏང་བ་རེད།

    ཏའེ་པིང་གིས་མི་སེར་སྤེལ་བའི་རིང་ལུགས་དང་། བྲན་གཡོག་ལམ་ལུགས། ནུབ་རྒྱ་མཚོ་ཆེན་པོ་སྒྲོལ་བའི་བྲན་གཡོག་ཚོང་དོན་བཅས་ནི་མིའི་རིགས་ཀྱི་ལོ་རྒྱུས་ཐོག་གི་མུན་ནག་གི་དུས་སྐབས་ཤིག་ཡིན་པས། ཨ་ཧྥེ་རི་ཁའི་མི་དམངས་ལ་གནོད་འཚེ་ཆེན་པོ་ཕོག་པ་དང་དེ་བས་ཚབས་ཆེ་བ་ཞིག་ནི་ད་བར་རིགས་རྒྱུད་རིང་ལུགས་དང་། རིགས་རྒྱུད་ལ་མཐོང་ཆུང་། ཕྱི་མི་ཟུར་འབུད་ཀྱི་དུག་སྐྲན་སྔར་བཞིན་ལུས་པ་བཅས་རེད། རྒྱལ་ཁབ་ཁ་ཤས་སུ་ཨ་ཧྥེ་རི་ཁ་བའི་རྒྱུད་པ་དང་གྲངས་ཉུང་རིགས་རྒྱུད་གཞན་དག་ལ་རྒྱུད་རིམ་རང་བཞིན་གྱི་རིགས་རྒྱུད་རིང་ལུགས་དང་འཁོན་འཛིན་བྱེད་པའི་ཉེས་གསོག་ཡང་ཡང་ཐོན་པར་དམིགས་ཏེ། མཐོང་ཆུང་རང་བཞིན་གྱི་ཁྲིམས་སྒྱུར་དང་དྲག་ཤུགས་དང་ཐ་ན་འཆི་རྨས་བྱུང་བའི་དོན་རྐྱེན་མཐོང་བ་ཙམ་གྱིས་ཧང་སངས་དགོས་པ་ཞིག་ཡོད་པས། འགྲོ་བ་མིའི་ཐོབ་ཐང་དང་གཞི་རྩའི་རང་དབང་ལ་གནོད་འཚེ་ཚབས་ཆེན་བཟོས་ཡོད་ཅེས་བརྗོད་པ་རེད།

    ཏའེ་པིང་གིས་འདི་ལོ་ནི《འཛམ་གླིང་འགྲོ་བ་མིའི་ཐོབ་ཐང་གི་བསྒྲགས་གཏམ》ལ་གྲོས་འཆམ་བྱུང་ནས་ལོ་75འཁོར་བའི་ལོ་ཞིག་རེད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འབྲེལ་ཡོད་གནད་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་དགོས་པ་དང་རིགས་རྒྱུད་རིང་ལུགས་དང་རིགས་རྒྱུད་ལ་མཐོང་ཆུང་གི་གནད་དོན་ཚབས་ཆེན་ལྡན་པའི་རྒྱལ་ཁབ་ཀྱིས་དེ་གོ་སྐབས་སུ་བྱས་ཏེ་རང་ངོས་ཀྱི་གནད་དོན་ལ་ཞིབ་བཤེར་ནན་ཏན་བྱས་ནས་ནོར་འཁྲུལ་ཡོ་བསྲང་གི་བྱ་སྤྱོད་ཏན་ཏིག་སྤེལ་ཏེ《ཏེ་པན་བསྒྲགས་གཏམ་དང་བྱ་སྤྱོད་རྩ་འཛིན》མགྱོགས་མྱུར་དོན་འཁྱོལ་བྱས་ནས་ཨ་ཧྥེ་རི་ཁ་བའི་རྒྱུད་པ་དང་ཨེ་ཤེ་ཡ་བའི་རྒྱུད་པ་སོགས་གྲངས་ཉུང་རིགས་རྒྱུད་ལ་འདྲ་མཉམ་ཁོང་ཡངས་ཀྱི་ཁོར་ཡུག་བསྐྲུན་ཏེ་འཁོན་འཛིན་དང་མཐོང་ཆུང་གི་གནས་ཚུལ་མི་ཐོན་པ་བྱེད་དགོས་ཞེས་བརྗོད་པ་རེད།

    མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་ཐོག་2021ལོའི་ཟླ་8པར་གྲོས་ཆོད་ལ་གྲོས་འཆམ་བྱུང་ནས་ཨ་ཧྥེ་རི་ཁ་བའི་རྒྱུད་པའི་གནད་དོན་གྱི་རྒྱུན་བཙུགས་གླེང་སྟེགས་འཛུགས་རྒྱུའི་གཏན་འབེབས་བྱས་པ་རེད། འདི་ལོའི་ཟླ་5ཚེས་30ཉིན་ནས་ཟླ་6ཚེས་2ཉིན་བར་གླེང་སྟེགས་ཀྱི་སྐབས་གཉིས་པའི་ཚོགས་འདུ་ཉིའུ་གཡོད་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་རུ་འཚོགས་པ་རེད།

    ཏའེ་པིང་གིས་ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥེ་རི་ཁ་བ་དང་ཨ་ཧྥེ་རི་ཁ་བའི་རྒྱུད་པའི་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་སྐྱོང་བྱ་རྒྱུར་ཚད་མཐོའི་མཐོང་ཆེན་བྱས་ནས་བརྒྱུད་རིམ་ཧྲིལ་པོར་དགེ་མཚན་ལྡན་པའི་ངང་འབྲེལ་ཡོད་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་གྲོས་ཆོད་གྲོས་མོལ་ནང་ཞུགས་ཏེ་ཐོག་མཐའ་བར་གསུམ་དུ་གླེང་སྟེགས་འཛུགས་པར་རྒྱབ་སྐྱོར་ཧུར་ཐག་བྱ་རྒྱུ་ཡིན། གླེང་སྟེགས་དེ་ཨ་ཧྥེ་རི་ཁ་བའི་རྒྱུད་པའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོང་དང་རིགས་རྒྱུད་རིང་ལུགས་དང་རིགས་རྒྱུད་ལ་མཐོང་ཆུང་བྱེད་པར་རྡུང་རྡེག་གཏོང་བའི་སྟེགས་བུ་གལ་ཆེན་གཞན་ཞིག་ཏུ་འགྱུར་རྒྱུའི་ཡིད་ཆེས་ཡོད་ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།