དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • སི་ཁྲོན་གྱི་རིག་གནས་ཤུལ་བཞག་འོས་སྦྱོར་བྱེད་སྒོ་ཧྥ་རན་སེའི་ཕ་རི་སིར་གཉེར་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-06-02

    འདི་ནི་ཟླ་5ཚེས་30ཉིན་ཧྥ་རན་སེའི་ཕ་རི་སིའི་ཅེ་མེ་ཨེ་ཤེ་ཡའི་སྒྱུ་རྩལ་རྟེན་མཛོད་ཁང་དུ་གཉེར་བའི་སི་ཁྲོན་གྱི་རིག་གནས་ཤུལ་བཞག་འོས་སྦྱོར་བྱེད་སྒོ་ནས་པར་བླངས་པའི་འགྲེམས་རྫས་ཡིན་པ།

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཕ་རི་སི་ནས་ཟླ་5ཚེས་30ཉིན་གློག་འཕྲིན་འབྱོར་གསལ། ཚེས་30ཉིན་སི་ཁྲོན་གྱི་རིག་གནས་ཤུལ་བཞག་འོས་སྦྱོར་བྱེད་སྒོ་ཧྥ་རན་སེའི་ཕ་རི་སིའི་ཅེ་མེ་ཨེ་ཤེ་ཡའི་སྒྱུ་རྩལ་རྟེན་མཛོད་ཁང་དུ་གཉེར་ཞིང་། ཧྥ་རན་སེའི་ཙུང་ལི་ཟུར་པ་ལཱ་ཧྥ་ལན་སོགས་ཀྲུང་ཧྥའི་སྐུ་མགྲོན་བརྒྱ་ལྷག་ཙམ་བྱེད་སྒོར་ཞུགས་ཡོད་པ་རེད།

    ད་ཐེངས་ཀྱི་འོས་སྦྱོར་བྱེད་སྒོའི་གཙོ་གནད་དེ། སི་ཁྲོན་གྱི་རིག་གནས་ཡུལ་སྐོར་དང་སྐབས་དང་པོའི“གསེར་གྱི་དོམ་ཁྲའི་བྱ་དགར”དམིགས་ཡོད། སི་ཁྲོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གི་ཐིང་ཀྲང་ཏའེ་ཡུན་ཁང་གིས་སྐུ་མགྲོན་ཚོར“དུས་རབས་ཉི་ཤུ་པའི་མིའི་རིགས་ཀྱི་རླབས་ཆེ་ཤོས་ཀྱི་གནའ་རྫས་རྟོག་ཞིབ་གསར་རྙེད་ཀྱི་གྲས”ཞེས་བརྗོད་པའི་སན་ཤིན་ཏུའེ་དང་། མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་ཚུད་པའི་སི་ཁྲོན་གྱི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱད། དེ་བཞིན་དོམ་ཁྲའི་འཚོ་སྡོད་ཁུལ་དང་། གཟི་ཚ་སྡེ་དགུ་དང་ཧོང་ལུང་རང་བྱུང་སྲུང་སྐྱོང་ཁུལ། གླང་ཆེན་འགྱིང་རི་དང་ལེ་ཧྲན་ལྷ་ཆེན། ཏུའུ་ཅང་ཡན་དང་ཆིང་ཁྲེང་ཧྲན་རི་བོ་སོགས་འཛམ་གླིང་ཤུལ་བཞག་གི་གནས་ལྔ་ངོ་སྤྲོད་བྱས་པ་རེད།

    “གསེར་གྱི་དོམ་ཁྲའི་བྱ་དགའ”ནི་གློག་བརྙན་དང་བརྙན་འཕྲིན་གྱིས་གཞི་རྟེན་དང་དོམ་ཁྲའི་རིག་གནས་ཀྱིས་མཚོན་རྟགས་སུ་བྱས་པའི་རྒྱལ་ཁབ་རིམ་པའི་རྒྱལ་སྤྱིའི་ཁྱབ་སྤེལ་བྱ་དགའ་ཞིག་ཡིན་པ་དང་གོ་ལ་ཧྲིལ་པོར་ཕྱོགས་ནས་མིའི་རིགས་ཡོངས་ཀྱི་ཐུན་མོང་རིན་ཐང་མངོན་པའི་ཕུལ་བྱུང་གློག་བརྙན་དང་བརྙན་འཕྲིན་བརྩམས་ཆོས་བསྡུ་རུབ་དང་དཔྱད་འདེམས་བྱེད་ཀྱི་ཡོད། སི་ཁྲོན་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱི་ཐའེ་ཀྲང་ལིའུ་ཁྲེང་ཨན་གྱིས་སྐབས་དང་པོའི“གསེར་གྱི་དོམ་ཁྲའི་བྱ་དགའི”བྱེད་སྒོ་འདི་ལོའི་ཟླ་9ཚེས་23དང་ཚེས་24ཉིན་ཁྲེང་ཏུའུ་རུ་སྤེལ་རྒྱུ་དང་གློག་བརྙན་དང་། བརྙན་འཕྲིན་འཁྲབ་ཚན། དངོས་མཚོན་པར་གཞི། ཀོ་ཕིག་བཅས་རིགས་ཆེན་པོ་བཞི་དང་དཔྱད་འདེམས་ཨུ་ལྷན་གྱི་དམིགས་བསལ་བྱ་དགའ་བཅས་ཁྱོན་བྱ་དགའ་27ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།