དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་དང་ལོ་སིའི་སློབ་མས་ལག་གདང་སྦྲེལ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2023-06-02

    འདི་ནི་ཤིས་ཧྲོང་པན་ནཱ་ཀྲོའུ་ཡི་ཡུན་ཅིང་ཧུང་སློབ་ཆུང་དུ་ཀྲུང་གོ་དང་ལོ་སིའི་སློབ་མས་ཕན་ཚུན་ལག་རྟགས་སྤྲོད་རེས་བྱེད་པ།

    འདི་ནི་ལོ་སིའི་སློབ་མས་པེ་ཅིང་གི་པཱ་ཏ་ལིན་ལྕགས་རི་རིང་པོར་འཛེགས་པ།

    ཟླ་5ཚེས་30ཉིན“རྒྱུད་གཅིག་ལམ་གཅིག·དམངས་སེམས་གཅིག་མཐུན”ཞེས་པའི་སློབ་མའི་ལག་གདང་སྦྲེལ་བའི་བྱེད་སྒོ་སྐབས་དྲུག་པར་ཞུགས་མཁན་ལོ་སིའི་སློབ་མ་པེ་ཅིང་པཱ་ཏ་ལིན་ལྕགས་རི་རིང་པོར་འཛེགས་ཤིང་། ད་ཐེངས་ཀྱི་བྱེད་སྒོ་ནི་ཀྲུང་ཧྭ་དགེ་སྒྲུབ་སྤྱི་ཁྱབ་ཚོགས་པ་དང་ལོ་སིའི་སློབ་གསོ་ལུས་རྩལ་པུས་ཐུན་མོང་ཐོག་གཙོ་གཉེར་བྱས་པ་ཞིག་རེད། ལོ་སིའི་ལོ་ཆུང་བྱིས་པ་100ཝན་ཐེན་ནས་ཐོན་ཏེ་ཀྲུང་གོ་དང་ལོ་སིའི་ལྕགས་ལམ་གྱི་རྒྱལ་སྤྱིའི་འགྲུལ་སྐྱེལ་མེ་འཁོར་བསྡད་དེ་ཀྲུང་གོར་འབྱོར་རྗེས་ཤིས་ཧྲོང་པན་ནཱ་ནས་འགོ་བཙུགས་ཏེ་ཁུན་མིང་དང་། པེ་ཅིང་། ཤིས་ཨན། ཞ་མོན། ཀོང་ཀྲོའུ་སོགས་སུ་དུས་ཡུན་ཉིན་16གི་མཛའ་གྲོགས་ཡུལ་སྐོར་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།