དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲེང་ཧོ་རྡོ་རིང་བསྐྲུན་ཟིན་པའི་མཛད་སྒོ་ཨོ་མན་དུ་གཉེར་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-06-02

    འདི་ནི་ཟླ་5ཚེས་30ཉིན་ཨོ་མན་གྱི་གྲོང་ཁྱེར་ཆེ་གྲས་གཉིས་པ་སའེ་ལ་ལའེ་ནས་པར་བླངས་པའི་ཀྲེང་ཧོ་རྡོ་རིང་ཡིན་པ།

    ཤིན་ཧྭ་གསར་འགྱུར་ཁང་ཨོ་མན་གྱི་གྲོང་ཁྱེར་སའེ་ལ་ལའེ་ནས་ཟླ་5ཚེས་31ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་30ཉིན། ཨོ་མན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས་ཨོ་མན་གྱི་གྲོང་ཁྱེར་ཆེ་གྲས་གཉིས་པ་སའེ་ལ་ལའེ་རུ་ཀྲེང་ཧོ་རྡོ་རིང་བསྐྲུན་ཟིན་པའི་མཛད་སྒོ་འཚོགས་པ་རེད། སའེ་ལ་ལའེ་གནས་སའི་ཙུའོ་ཧྥར་ཞིང་ཆེན་གྱི་ཧྲེང་ཀྲང་མར་ཝང་དང་། ཀོང་ཀྲོའུ་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཕེང་ཀའོ་ཧྥུང་དང་དེ་བཞིན་ཁོང་གིས་སྣེ་ཁྲིད་པའི་ཀོང་ཀྲོའུ་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་འཐུས་མི་ཚོགས་པ་དང་། ཨོ་མན་གྱི་ལས་རིགས་ཁག་གི་མི་སྣ། ཀྲུང་གོའི་མ་འཇོག་ཁེ་ལས་ཀྱི་འགན་འཁུར་བ། ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བའི་འཐུས་མི་བཅས་ཁྱོན་མི་200ལྷག་ཙམ་ཞུགས་ཡོད་པ་རེད།

    ཨོ་མན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ལི་ཅུན་པིང་གིས། འདི་ལོ་ནི་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་45འཁོར་བའི་ལོ་ཞིག་ཡིན་པས། དྲན་གསོ་བྱེད་རིན་ཡོད་པའི་ལོ་རྒྱུས་ཀྱི་དུས་སྐབས་སུ་ཀྲེང་ཧོ་རྡོ་རིང་བཙུགས་པར་དམིགས་བསལ་གྱི་དོན་སྙིང་ལྡན་ཡོད། དམིགས་བསལ་གྱི་མཚོན་རྟགས་རང་བཞིན་གྱི་རྡོ་རིང་དེ་ཀྲུང་ཨོ་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་དུས་རབས་གསར་པར་མུ་མཐུད་ཟབ་ཏུ་འགྲོ་བའི་མཚོན་རྟགས་གསར་པ་ཞིག་ཏུ་གྱུར་ཏེ་ཀྲུང་གོ་ཕྱོགས་ཀྱིས་ཨོ་མན་ཕྱོགས་དང་མཉམ་དུ་ཕན་ཚུན་བསམ་ཤེས་དང་ཁྱབ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་ཟམ་མི་ཆད་པར་ཟབ་ཏུ་བཏང་ནས། ཀྲུང་ཨོ་གཉིས་ཁེ་གཉིས་ཕན་དང་ཐུན་མོང་འཕེལ་རྒྱས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་བཏོད་དེ་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་སྔར་བས་བདེ་སྐྱིད་བསྐྲུན་རྒྱུའི་ཡིད་ཆེས་ཡོད་ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།