དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱིས་ལོར་གཟན་རྩྭ་དང་སྔོ་རྩྭ་ཏུན་ཁྲི་475ཐོན་སྐྱེད་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2023-06-02

     མཚོ་སྔོན་ཉིན་རེའི་ཚགས་པར་དུ་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་། མཚོ་སྔོན་ཞིང་ཆེན་གྱིས“འབྲོག་ལས་འཕེལ་རྒྱས་དང་གཟན་རྩྭ་སྔོན་སྤེལ”གྱི་འཕེལ་རྒྱས་འདུ་ཤེས་བཟུང་ནས་གཟན་རྩྭ་གཙོ་ལས་དང་འབྲུ་རིགས་ལྟ་བུར་མཐའ་འཁྱོངས་བཟུང་པས། ཞིང་ཆེན་ཡོངས་ཀྱི་གཟན་རྩྭའི་ཐོན་ལས་འཕེལ་རྒྱས་ལ་རྣམ་པ་བཟང་པོ་ཐོན་ཡོད། མིག་སྔར་ཞིང་ཆེན་ཡོངས་ཀྱི་ལོ་གཅིག་ལ་སྨིན་པའི་ཡུ་གུ་གཙོ་བོར་བྱས་པའི་གཟན་རྩྭ་འདེབས་ཁྱོན་སྤྱི་ཆིང་ཁྲི་14.67ཡན་དུ་རྒྱུན་འཁྱོངས་ཐུབ་པ་ལས། ལོ་མང་སྨིན་པའི་འབུ་སུ་ཧང་སྤུས་ལེགས་འདེབས་ཁྱོན་སྤྱི་ཆིང་ཁྲི་1.13ཟིན་པ་དང་། 2022ལོར་ཞིང་ཆེན་ཡོངས་ཀྱི་སྤྱིའི་འདེབས་ཁྱོན་སྤྱི་ཆིང་ཁྲི་15.3ལས་བརྒལ་ཞིང་། ལོར་གཟན་རྩྭ་དང་སྔོ་རྩྭ་ཏུན་ཁྲི་475ཐོན་སྐྱེད་ཐུབ་ནས་མཚོ་སྔོན་ཞིང་ཆེན་གྱི་རང་བྱུང་རྩྭ་ཐང་གི་ཕྱུགས་འཚོའི་གནོན་ཤུགས་ཆུང་དུ་ནུས་ལྡན་བཏང་ཡོད།

    2015ལོ་ནས་བཟུང་མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཁབ་ཀྱི“འབྲུ་རིགས་འདེབས་པ་ནས་གཟན་རྩྭ་འདེབས་པ”དང“ཐོན་མཐོའི་འབུ་སུ་ཧང་སྤུས་ལེཌ་འདེབས་འཛུགས་དཔེ་སྟོན”གྱི་གཙོ་གནད་ཐོན་ལས་རྣམ་གྲངས་ཀྱི་མ་དངུལ་བརྩོན་ལེན་ཧུར་ཐག་བྱས་པ་དང། ཞིང་ཆེན་ཡོངས་ཀྱི་རྫོང(གྲོང་ཁྱེར་དང་། ཆུས། ལྟེ་གནས། ཚོགས་པ)35ལ་གཟན་རྩྭ་འདེབས་པའི་ཁ་གསབ་སྲིད་ཇུས་སྣ་ཚོགས་དོན་འཁྱོལ་བྱས་པ། ཞིང་འབྲོག་པ་དང་། མཉམ་ལས་ཁང་། ཁེ་ལས་སོཌ་བྱེད་པོ་སྣ་ཚོགས་ཀྱིས་གཟན་རྩྭ་འདེབས་འཛུཌ་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་དང་ཁྲིད་སྟོན་བྱས་ཡོད། མིག་སྔར་ཞིང་ཆེན་ཡོངས་སུ་མུའུ་སྟོང་ཡན་གྱི་འདེབས་འཛུགས་བྱེད་པོ་གཙོ་བོ་100ལྷག་ཙམ་སྐྱེད་སྲིང་བྱས་པ་དང་། ཞིང་ཆེན་རིམ་པའི་གཟན་རྩྭ་ཐོན་སྐྱེད་ཀྱི་སྣེ་འདྲེན་ཁེ་ལས་2བཙུཌ་པ། ཞིང་ཆེན་རིམ་པའི་དེང་རབས་ཞིང་འབྲོག་ཐོན་ལས་གླིང་3བཙུགས་པ། གཟན་རྩྭའི་ཐོན་ལས་ཀྱིས་ལོར་གཟན་རྩྭ་ཏུན་ཁྲི་140ཡན་ཉར་ཚགས་བྱས་ཏེ་གཟན་རྩྭའི་ཐོན་རྫས་ལས་སྣོན་གྱི་གཞི་ཁྱོན་དང་ནུས་པ་ཆེ་རུ་ནུས་ལྡན་ཕྱིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།