དབུ་ཤོག
  • ཟླ་6པར་གཉེན་སྒྲིག་ཐོ་འགོད་དང་། འགྲིམ་འགྲུལ་དོ་དམ། མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་སོགས་དང་འབྲེལ་བའི་ཁྲིམས་སྲོལ་གསར་པ་བཏོན་པ།

    ཞིང་ཆེན་21གི་གཉེན་སྒྲིག་ཐོ་འགོད“ཞིང་སྒྲོལ་ཀུན་སྒྲུབ”ནས་བྱེད་ཆོག་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-06-02

    ཚོད་ལྟའི་ས་ཁུལ་གྱི་གཉེན་སྒྲིག་ཐོ་འགོད་ལས་ཁུངས་ཀྱིས་2023ལོའི་ཟླ་6ཚེས་1ཉིན་ནས་བཟུང“ཞིང་སྒྲོལ་ཀུན་སྒྲུབ”ནས་གཉེན་སྒྲིག་ཐོ་འགོད་ཀྱི་དོན་ཚན་གཅིག་གྱུར་ཐོག་བདག་སྤྲོད་བྱ་རྒྱུ་ཡིན་པ།

    སྒེར་འཁོར་གསར་པ་དེ་བས་མང་བར་འཁོར་རྟགས་བསྒར་ཚེ་ཞིབ་བཤེར་བྱེད་མི་དགོས་པ།

    སྤྱི་བདེ་འགྲིམ་འགྲུལ་དོ་དམ་གྱི་སྟབས་བདེའི་བྱ་ཐབས་ཁག་10ཟླ་6ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན་པའི་ནང་རླངས་འཁོར་དོ་དམ་ཁང་གིས་འཁོར་རྟགས་དང་ལག་ཁྱེར་གཉེར་བ་དང་། གྲོང་ཁྱེར་གྱི་འགྲིམ་འགྲུལ་སྒྲིག་ལམ། ལས་འཛོལ་དང་ཁྲིམས་འགལ་ཐག་གཅོད་སོགས་ཚུད་ཡོད།

    མི་སྒེར་གྱི་ཆ་འཕྲིན་རྒྱལ་མཚམས་སྒྲོལ་བའི་བྱེད་སྒོ་ཚད་ལྡན་དུ་གཏོང་རྒྱུ།

    《མི་སྒེར་གྱི་ཆ་འཕྲིན་རྒྱལ་མཚམས་སྒྲོལ་བའི་ཚད་གཞིའི་གན་རྒྱའི་བྱེད་ཐབས》ཟླ་6ཚེས་1ཉིན་ནས་བཟུང་ལག་བསྟར་བྱས་ཏེ་སྒེར་གྱི་ཆ་འཕྲིན་ཁེ་དབང་ལ་སྲུང་སྐྱོང་སྔར་ལས་ལྷག་པར་བྱ་རྒྱུ།

    སྤྱོད་གཅིག་མའི་འགྱིག་རྫས་བེད་སྤྱོད་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུ།

    《ཚོང་དོན་ཁྱབ་ཁོངས་ཀྱི་གཉེར་སྐྱོང་བས་སྤྱོད་གཅིག་མའི་འགྱིག་རྫས་བེད་སྤྱོད་དང་སྙན་སེང་ཞུ་བའི་དོ་དམ་བྱ་ཐབས》ཟླ་6ཚེས་20ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ།

    གློག་འཕྲིན་ཁྱབ་ཁོངས་ཀྱི་ཁྲིམས་འགལ་བྱེད་སྤྱོད་ཐེར་འདོན་དང་ཐག་གཅོད་བྱེད་པའི་གོ་རིམ་ཁ་གསལ་བཟོ་རྒྱུ།

    《གློག་འཕྲིན་ཁྱབ་ཁོངས་ཀྱི་ཁྲིམས་འགལ་བྱེད་སྤྱོད་ཐེར་འདོན་དང་ཐག་གཅོད་བྱ་རྒྱུའི་གཏན་འབེབས》ཟླ་6ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ།

    གཞུང་ལམ་དང་ཆུ་ལམ་གྱི་འགག་རྩའི་ཆ་འཕྲིན་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་བདེ་འཇགས་འགན་ལེན་ལ་ཤུགས་སྣོན་རྒྱག་རྒྱུ།

    《གཞུང་ལམ་དང་ཆུ་ལམ་གྱི་འགག་རྩའི་ཆ་འཕྲིན་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་བདེ་འཇགས་སྲུང་སྐྱོང་དང་དོ་དམ་བྱ་ཐབས》ཟླ་6ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ།

    ན་སོ་དར་ལ་མ་བབས་པའི་མིར་བཙན་གཡེམ་གྱི་ཉེས་གསོག་ལ་ཁྲིམས་གཅོད་དང་སྔོན་འགོག་བྱེད་ཤུགས་ཆེ་རུ་དང་ཚད་ལྡན་དུ་གཏོང་རྒྱུ།

    ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་། སྤྱི་བདེ་པུའུ། ཁྲིམས་འཛིན་པུའུ་བཅས་ཀྱིས་མཉམ་འབྲེལ་ཐོག་ཁྱབ་བསྒྲགས་བྱས་པའི་ན་སོ་དར་ལ་མ་བབས་པའི་མིར་བཙན་གཡེམ་གྱི་ཉེས་དོན་གྱོད་གཞི་བསྒྲུབ་རྒྱུའི་སྐོར་གྱི་བསམ་འཆར་ཟླ་6ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།