དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཆབ་མདོས《ལས་བྱེད་པས་རང་འགན་ཐེག་པ་ཁུར་ལེན་བྱེད་པར་སྔར་བས་སྐུལ་ལྕག་བྱས་ནས་ནོར་འཛོལ་རུང་ལ་ནོར་འཁྲུལ་ཡོ་བསྲང་གི་ལས་དོན་སྐོར་གྱི་ལག་བསྟར་བྱ་ཐབས(ཚོད་ལྟའི་ལག་བསྟར)》བཏོན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-06-01

    “དབྱེ་བ་འབྱེད་དགོས་པ་གསུམ”གྱི་བླང་བྱ་དོན་འཁྱོལ་ནན་ཏན་བྱ་ཆེད། ཉེ་ཆར། ཆབ་མདོ་གྲོང་ཁྱེར་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་སྣེ་ཁྲིད་དེ《ལས་བྱེད་པས་རང་འགན་ཐེག་པ་ཁུར་ལེན་བྱེད་པར་སྔར་བས་སྐུལ་ལྕག་བྱས་ནས་ནོར་འཛོལ་རུང་ལ་ནོར་འཁྲུལ་ཡོ་བསྲང་གི་ལས་དོན་སྐོར་གྱི་ལག་བསྟར་བྱ་ཐབས(ཚོད་ལྟའི་ལག་བསྟར)》(གཤམ་ལ《བྱ་ཐབས》ཞེས་བསྡུ་རྒྱུ)བཟོས་ནས་བཏོན་པ་རེད།

    《བྱ་ཐབས》ལ་ཁྱོན་ལེའུ་5དང་དོན་ཚན་29ཡོད་པ་དང་། ཕྱོགས་8ཐད་ནས་ནོར་འཛོལ་རུང་བའི་སྲིད་ཇུས་ཀྱི་མཐའ་ཚད་ཁ་གསལ་བཟོས་པ་དང་། ཕྱོགས་16ཐད་ནས་ནོར་འཛོལ་རུང་བའི་ཞིབ་ཕྲའི་གནས་ཚུལ་ཁ་གསལ་བཟོས་པ། ཕྱོགས་7ཐད་ནས་ནོར་འཛོལ་རུང་བའི་ཟུར་སྣོན་ཆ་རྐྱེན་ཁ་གསལ་བཟོས་པ། ཕྱོགས་7ཐད་ནས་ནོར་འཛོལ་ཐོན་མི་རུང་བའི་གནས་ཚུལ་ཁ་གསལ་བཟོས་ནས། ནོར་འཛོལ་རུང་ལ་ནོར་འཁྲུལ་ཡོ་བསྲང་གི་སྲིད་ཇུས་ཀྱི་གཞི་འཛིན་ས་དང་། ལས་ཀའི་རྩ་དོན། ནོར་འཛོལ་རུང་བའི་དོན་ཚན། ལམ་ལུགས་འགན་ལེན་སོགས་ལ་གཏན་འབེབས་ཞིབ་ཕྲ་བྱས་ཡོད། དེ་དང་དུས་མཚུངས《བྱ་ཐབས》ནང་ནོར་འཛོལ་རུང་ལ་ནོར་འཁྲུལ་ཡོ་བསྲང་གི་ལས་ཀའི་གོ་རིམ་ཚད་ལྡན་དུ་གཏོང་བ་དང་། “རེ་ཞུ་དང་། ཞིབ་དཔྱད། ཞིབ་འཇུག ཐག་གཅོད། ཚུར་ལན། ཐོ་འགོད་སྙན་སེང་། ཡོངས་བསྒྲགས”བཅས་ཀྱི་ལྷུ་ཚིགས་བདུན་ཞིབ་ཚགས་སུ་བཏང་ནས། ནོར་འཛོལ་རུང་བའི་གོ་རིམ་ཁག་གསུམ་དང་ཐག་གཅོད་བྱེད་སྟངས་གསུམ་གསལ་པོ་བཟོས་པ་དང་། ལས་བྱེད་པའི་དོ་དམ་དབང་ཚད་ལྡན་པའི་ཏང་ཨུད(ཏང་ཙུའུ)དང་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་དང་། རྩ་འཛུགས(མི་དོན)སྡེ་ཚན། དེ་བཞིན་འགན་འཁྲི་བདའ་འདེད་ཀྱི་འགན་ནུས་ལྡན་པའི་སྡེ་ཚན་གཞན་དག་བཅས་ཀྱིས་ནོར་འཛོལ་རུང་ལ་ནོར་འཁྲུལ་ཡོ་བསྲང་གི་ལས་དོན་སྒྲུབ་པའི་ལས་དོན་ཁ་གསལ་བཟོས་ཡོད་པ་རེད།

    “《བྱ་ཐབས》བཏོན་ནས་ལག་བསྟར་བྱས་ཏེ་སྲུང་སྐྱོབ་ཀྱི་འགན་འཁྲི་འཁུར་མཁན་དང་། སྒྱུར་བཅོས་ལ་རྒྱབ་སྐྱོར་བྱེད་མཁན། འཚོལ་ཞིབ་ལ་སྐུལ་ལྕག་བྱེད་མཁན། ནོར་འཛོལ་ལ་བཟོད་སྒོམ་བྱེད་མཁན། ནོར་འཛོལ་ཡོ་བསྲང་བྱེད་མཁན། བདའ་འདེད་སྣང་མེད་དུ་གཏོང་མཁན། སྙོན་འཛུགས་ཞུ་གཏུག་པར་རྡུང་རྡེག་གཏོང་མཁན་བཅས་ཀྱི་སྟོན་ཕྱོགས་མངོན་གསལ་དོད་པོ་སྔར་བས་བཙུགས་ཏེ། རྒྱ་ཆེའི་ལས་བྱེད་པའི་ལས་ཀའི་ཧུར་བརྩོན་རང་བཞིན་སྐོང་འཐེན་དང་སྲུང་སྐྱོང་གང་ལེགས་བྱས་ནས་ལས་བྱེད་པའི་གནོན་ཤུགས་ཆུང་དུ་ཏན་ཏིག་གཏོང་བ་དང་ལས་སྒྲུབ་ལས་གཏོད་པ་བློ་བདེ་པོ་ཡོང་བར་བྱེད་དགོས”ཞེས་ཆབ་མདོ་གྲོང་ཁྱེར་སྒྲིག་བཤེར་ལྟ་ཞིབ་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།