དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་རྒྱུད་འདྲེས་ཆུ་འབྲས་ཀྱི་རིགས་གཅིག་མཁས་ཅན་གྱིས་མ་ཏ་ཀ་སི་ཁར་དུ་ལས་དོན་ཏན་ཏིག་བསྒྲུབས་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ལིང་ཤིན། ཧོ་ཆི་མིང།   |     སྤེལ་དུས།  2023-06-01

    འདི་ནི་ཟླ་5ཚེས་12ཉིན་མ་ཏ་ཀ་སི་ཁར་གྱི་རྒྱལ་ས་ཐ་ན་ན་ལི་ཧྥོ་ཡི་ཉེ་འགྲམ་གྱི་མཱ་དབྱི་ཆི་གྲོང་རྡལ་དུ་ཀྲུང་གོའི་རྒྱུད་འདྲེས་ཆུ་འབྲས་ལག་རྩལ་གྱི་རིགས་གཅིག་མཁས་ཅན་ཧུའུ་གཡོད་ཧྥང(གཡས་ཀྱི་གསུམ་པ)གིས་ཀྲུང་གོའི་རྒྱལ་ཁབ་རྒྱུད་འདྲེས་ཆུ་འབྲས་ལས་གྲྭའི་ལག་རྩལ་ཞིབ་འཇུག་ལྟེ་གནས་ཀྱི་ཨ་ཧྥེ་རི་ཁ་ཡན་ལག་ལྟེ་གནས་ཀྱི་ཚོད་ལྟའི་ཞིང་ནང་དུ་ས་གནས་དེ་གའི་ཞིང་པ་དང་མཉམ་དུ་ཆུ་འབྲས་བསྡུ་བཞིན་པ།

    འདི་ནི་ཟླ་5ཚེས་12ཉིན་མ་ཏ་ཀ་སི་ཁར་གྱི་རྒྱལ་ས་ཐ་ན་ན་ལི་ཧྥོ་ཡི་ཉེ་འགྲམ་གྱི་མཱ་དབྱི་ཆི་གྲོང་རྡལ་དུ་ཀྲུང་གོའི་རྒྱུད་འདྲེས་ཆུ་འབྲས་ལག་རྩལ་རིགས་གཅིག་མཁས་ཅན་ཧུའུ་གཡོད་ཧྥང(གཡོན་གྱི་གཉིས་པ)གིས་ཀྲུང་གོའི་རྒྱལ་ཁབ་རྒྱུད་འདྲེས་ཆུ་འབྲས་ལས་གྲྭའི་ལག་རྩལ་ཞིབ་འཇུག་ལྟེ་གནས་ཀྱི་ཨ་ཧྥེ་རི་ཁ་ཡན་ལག་ལྟེ་གནས་ཀྱི་ཚོད་ལྟའི་ཞིང་ཁར་ས་གནས་དེ་གའི་ཞིང་པ་དང་སྤེལ་རེས་བྱེད་བཞིན་པ།

    འདི་ནི་ཟླ་5ཚེས་12ཉིན་མ་ཏ་ཀ་སི་ཁར་གྱི་རྒྱལ་ས་ཐ་ན་ན་ལི་ཧྥོ་ཡི་ཉེ་འགྲམ་གྱི་མཱ་དབྱི་ཆི་གྲོང་རྡལ་དུ་ཞིང་པས་ཀྲུང་གོའི་རྒྱལ་ཁབ་རྒྱུད་འདྲེས་ཆུ་འབྲས་ལས་གྲྭའི་ལག་རྩལ་ཞིབ་འཇུག་ལྟེ་གནས་ཀྱི་ཨ་ཧྥེ་རི་ཁ་ཡན་ལག་ལྟེ་གནས་ཀྱི་ཚོད་ལྟའི་ཞིང་ཁར་ཆུ་འབྲས་བསྡུ་བཞིན་པ།

    ཟླ་5པའི་མ་ཏ་ཀ་སི་ཁར་ནི་འབྲས་ལྡན་དུས་ཡིན་ཞིང་། རྒྱལ་ས་ཐ་ན་ན་ལི་ཧྥོ་དང་བར་ཐག་སྤྱི་ལེ་35ཡོད་པའི་མཱ་དབྱི་ཆི་གྲོང་རྡལ་དུ་ཀྲུང་གོའི་རྒྱལ་ཁབ་རྒྱུད་འདྲེས་ཆུ་འབྲས་ལས་གྲྭའི་ལག་རྩལ་ཞིབ་འཇུག་ལྟེ་གནས་ཀྱི་ཨ་ཧྥེ་རི་ཁ་ཡན་ལག་ལྟེ་གནས་ཀྱི་ཚོད་ལྟའི་ཞིང་ཁར་ལོ་65ལ་སླེབས་པའི་ཀྲུང་གོའི་རྒྱུད་འདྲེས་ཆུ་འབྲས་ལག་རྩལ་གྱི་རིགས་གཅིག་མཁས་ཅན་ཧུའུ་གཡོད་ཧྥང་གིས་ས་གནས་དེ་གའི་ཞིང་པ་ཚོ་དང་མཉམ་དུ་དུས་ཚིགས་འདིའི་ཆུ་འབྲས་ཁག་མཇུག་ཤོས་དེ་བསྡུ་བཞིན་ཡོད་པ་རེད།

    ཆུ་འབྲས་ནི་མ་ཏ་ཀ་སི་ཁར་གྱི་ཞིང་ལས་སྐྱེ་དངོས་གཙོ་བོ་ཡིན་པ་དེས་རྒྱལ་ཁབ་དེའི་ཞིང་ལས་འདེབས་ཁྱོན་གྱི་ཕྱེད་ཀ་ཡན་བཟུང་ཡོད། འོན་ཀྱང་ས་བོན་གྱི་སྤུས་ཚད་དང་། འདེབས་འཛུགས་ལག་རྩལ། རྨང་གཞིའི་སྒྲིག་བཀོད་སོགས་རྒྱུ་རྐྱེན་མང་པོ་ཞིག་གི་ཚོད་འཛིན་ཕོག་པས་མ་ཏ་ཀ་སི་ཁར་གྱི་འབྲས་ཀྱི་ཐོན་འབབ་ཀྱིས་རྒྱལ་ཁབ་འདི་གའི་དམངས་ཚོགས་ཀྱི་བཟའ་འབྲུའི་དགོས་མཁོ་རྦད་དེ་སྐོང་ཐུབ་ཀྱི་མེད་པས་སྔར་བཞིན་ནང་འདྲེན་ལ་བརྟེན་དགོས་ཀྱི་ཡོད་པ་རེད། འབྲུ་རིགས་རང་ཁ་རང་གསོ་ཡོང་ཆེད། 2007ལོ་ནས་མ་ཏ་ཀ་སི་ཁར་གྱིས་ཀྲུང་གོ་དང་རྒྱུད་འདྲེས་ཆུ་འབྲས་ལག་རྩལ་མཉམ་ལས་བྱེད་འགོ་བཙུགས་པ་རེད།

    2008ལོའི་ལོ་མཇུག་ཏུ་ཧུའུ་གཡོད་ཧྥང་ཧུའུ་ནན་དབྱི་དབྱང་གི་ཕ་ཡུལ་ནས་བྲལ་ཏེ་རྒྱུད་འདྲེས་ཆུ་འབྲས་ལག་རྩལ་གྱི་རིགས་གཅིག་མཁས་ཅན་གྱི་མིང་ཐོག་ནས་ཨ་ཧྥེ་རི་ཁའི་གླིང་ཕྲན་རྒྱལ་ཁབ་དེར་འབྱོར། ཡུན་རིང་མ་སོང་བར་དེ་གའི་རང་བྱུང་ཁོར་ཡུག་དང་ཀྲུང་གོའི་རྒྱལ་ནང་དབར་ཧེ་བག་ཆེན་པོ་ཡོད་པས། ཧུའུ་གཡོད་ཧྥང་གིས་རྒྱལ་ནང་གི་ཞིབ་འཇུག་ཉམས་མྱོང་འདྲ་བཤུས་བྱེད་པ་དེ་དོན་དངོས་དང་མི་མཐུན་པའི་ངོས་འཛིན་བྱས། མ་ཏ་ཀ་སི་ཁར་གྱི་གནམ་གཤིས་རྙོག་འཛིང་ཆེ་བ་སྟེ། ཆར་ཆུ་མང་བའི་ཚ་ཁུལ་ནགས་ཚལ་དང་། ཚ་ཁུལ་གྱི་རྩྭ་ཐང་། ཕྱེད་སྐམ་ཐན་སོགས་གནམ་གཤིས་འདྲ་མིན་སྣ་ཚོགས་ཡོད། དེ་དང་ཆབས་ཅིག་ས་བབ་མཐོ་བ་དང་། འབྲིང་བ། དམའ་བ་བཅས་ཀྱི་ས་ཁུལ་དུ་དྲོད་ཚད་དང་ཆར་པ་བབས་ཚད་མི་འདྲ་བ་མ་ཟད། རྒྱུད་འདྲེས་ཆུ་འབྲས་ཀྱི་འཚམ་མཐུན་རང་བཞིན་གྱི་ཞིབ་འཇུག་ལའང་འགྲན་སློང་དྲག་པོ་འཕྲད་པ་རེད།

    2010ལོར་ཧུའུ་གཡོད་ཧྥང་གིས་ཚོགས་པའི་སྣེ་ཁྲིད་དེ་ས་གནས་དེ་གའི་ས་བབ་མཐོ་བ་དང་། འབྲིང་བ། དམའ་བ་བཅས་ཀྱི་ས་ཁུལ་དང་འཚམ་པའི་རྒྱུད་འདྲེས་ཆུ་འབྲས་སྣ་ཁ་གསུམ་བདེ་བླག་ངང་འདེབས་གསོ་བྱས་ནས་མ་ཏ་ཀ་སི་ཁར་རྒྱལ་ཡོངས་སུ་ཁྱབ་གདལ་དང་འདེབས་འཛུགས་བྱས་པ་རེད། “རྒྱུད་འདྲེས་ཆུ་འབྲས་སྣ་ཁ་དེ་གསུམ་གྱི་སྤྱི་ཆིང་རེའི་ཐོན་ཚད་ནི་མ་ཏ་ཀ་སི་ཁར་གྱི་རྒྱུན་གཏན་འབྲས་ཀྱི་ལྡབ་གསུམ་ནས་བཞི་བར་ཡིན”ཞེས་ཧུའུ་གཡོད་ཧྥང་གིས་བཤད།

    ཀྲུང་གོའི་རྒྱུད་འདྲེས་ཆུ་འབྲས་ཀྱི་ཐོན་འབབ་མཐོ་བ་དང་། འབྲས་ཀྱི་སྤུས་ཀ་དག་པ། བྲོ་བ་ཞིམ་པ་བཅས་ནི་མ་ཏ་ཀ་སི་ཁར་སྲིད་གཞུང་ནས་དམངས་ཁྲོད་བར་གྱི་ཐུན་མོང་ངོས་འཛིན་ཞིག་ཏུ་གྱུར་ཡོད། འོན་ཀྱང་རྒྱུད་འདྲེས་ཆུ་འབྲས་འདེབས་འཛུགས་བྱེད་པ་དེའང་ལག་རྩལ་དགོས་པའི་ལས་ཀ་ཞིག་རེད། “སྔོན་ཆད་མ་ཏ་ཀ་སི་ཁར་གྱི་ཞིང་པ་ཚོར་ལེགས་རྨོས་ཞིབ་ལས་བྱེད་པའི་གོམ་གཤིས་མེད་པར། ཁོང་ཚོས་ག་དུས་འདེབས་འཛུགས་བྱེད་པ་དང་ནམ་ཞིག་ལ་བརྔ་བསྡུ་བྱེད་པ་སོགས་ཀྱི་སྟབས་བདེའི་ཞིང་ལས་ལག་རྩལ་ལས་ཤེས་ཀྱི་མེད་ལ། ཆུ་དང་ལུད་འགན་ལེན་བྱེད་པ་དང་ས་བོན་ལེགས་སུ་ཇི་ལྟར་གཏོང་དགོས་མིན་སོགས་ཐད་ཁོང་ཚོར་ཉམས་མྱོང་གང་ཡང་མེད”ཅེས་ཧུའུ་གཡོད་ཧྥང་གིས་བཤད།

    མ་ཏ་ཀ་སི་ཁར་དུ་གཞིས་ཆགས་ནས་ལོ་བཅུ་ལྷག་ཙམ་སོང་རིང་ཧུའུ་གཡོད་ཧྥང་གིས་ཚོགས་པའི་སྣེ་ཁྲིད་དེ་ས་གནས་དེ་གའི་ཞིང་ལས་ལག་རྩལ་མི་སྣ་དང་ཆུ་འབྲས་འདེབས་འཛུགས་དུད་ཚང་བརྒྱ་ལྷག་ཙམ་ལ་གསོ་སྦྱོང་བྱས་པ་དང་དུས་རྒྱུན་དུ་ཞིང་ནང་དང་མུ་ཁར་ཞིང་ལས་ལག་རྩལ་གྱི་མཛུབ་ཁྲིད་གྲངས་མེད་བྱེད་མྱོང་ཡོད། ཧུའུ་གཡོད་ཧྥང་དང་ཀྲུང་གོའི་ལག་རྩལ་རིགས་གཅིག་མཁས་ཅན་གཞན་དག་གི་ཐུན་མོང་འབད་བརྩོན་འོག་མིག་སྔར་ཀྲུང་གོའི་རྒྱུད་འདྲེས་ཆུ་འབྲས་མ་ཏ་ཀ་སི་ཁར་དུ་ཁྱོན་སྤྱི་ཆིང་ཁྲི་5ལྷག་ཙམ་ཁྱབ་གདལ་བཏང་བ་དང་ཆ་སྙོམས་སྤྱི་ཆིང་རེའི་ཐོན་འབབ་ཏུན་7.5ཙམ་ཟིན་གྱི་ཡོད་པ་རེད། མ་ཏ་ཀ་སི་ཁར་དུ་འབྲུ་རིགས་རང་ཁ་རང་གསོའི་དམིགས་ཚད་མངོན་འགྱུར་ཡོང་བར་གོམ་ཞེང་ཆེན་པོ་ཞིག་སྤོས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།