དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཁྲེང་ཏུའུ་སློབ་ཆེན་སློབ་མའི་ལུས་རྩལ་འགྲན་ཚོགས་ཀྱིས་དང་བླངས་པའི་དམ་འཇོག་ཚོགས་ཆེན་འཚོགས་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-06-01

    ཤིན་ཧྭ་གསར་འགྱུར་ཁང་ཁྲེང་ཏུའུ་ནས་ཟླ་5ཚེས་30ཉིན་གློག་འཕྲིན་འབྱོར་གསལ། ཚེས་30ཉིན་འཛམ་གླིང་གི་སློབ་ཆེན་སློབ་མའི་དབྱར་དུས་ལུས་རྩལ་འགྲན་ཚོགས་སྐབས་31པའི་དང་བླངས་པའི་དམ་འཇོག་ཚོགས་ཆེན་སློབ་ཆེན་སློབ་མའི་ལུས་རྩལ་འགྲན་ཚོགས་གྲོང་གནས་སའི་ཁྲེང་ཏུའུ་སློབ་ཆེན་དུ་འཚོགས་པ་དང་། དང་བླངས་པའི་འཐུས་མི་500ཡིས་འཛམ་གླིང་ལ“ང་ཚོ་གྲ་སྒྲིག་ཚར་སོང”ཞེས་པའི་དམ་བཅའ་སྐད་ཤུགས་ཆེན་པོས་བཞག་པ་དང་ཁྲེང་ཏུའུ་སློབ་ཆེན་སློབ་མའི་ལུས་རྩལ་འགྲན་ཚོགས་ལག་བསྟར་ཨུ་ཡོན་ལྷན་ཁང་གིས་དང་བླངས་པའི་འཐུས་མིར་དར་ཆ་སྤྲད་པ་རེད།

    “ཚང་མས་རྒྱལ་སྤྱིའི་འགྲན་བསྡུར་དང་ལང་ཚོའི་སྟོན་མོ་གཟབ་རྒྱས་དེ་བདེ་བླག་ངང་གཉེར་ཐུབ་ཕྱིར་འབད་བརྩོན་ལྷོད་མེད་བྱེད་ཀྱི་ཡོད”ཅེས་དང་བླངས་པ་དབྱང་ཨའོ་ཁྲེན་གྱིས་བརྗོད་པ་དང་། ཡང་ཁོང་གིས“གོམ་སྟབས་རྗེས་མར་ང་ཚོས་འགྲན་བསྡུར་བྱེད་རིང་གི་དང་བླངས་ཞབས་ཞུ་གནད་སྨིན་ཅན་དང་ཞིབ་ཕྲ་ཅན་གྱི་ཆུ་ཚད་སྔར་བས་མཐོ་རུ་བཏང་ནས་འཛམ་གླིང་ས་གནས་ཁག་ནས་ཡོང་བའི་ལུས་རྩལ་པ་ཚང་མས་ཁྲེང་ཏུའུ་མི་དམངས་ཀྱི་སྤྲོ་སེམས་ཚོར་ཐུབ་པ་བྱ་རྒྱུ་ཡིན”ཞེས་བརྗོད།

    གསར་འགོད་པར་ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔའི་ཁྲེང་ཏུའུ་སློབ་ཆེན་སློབ་མའི་ལུས་རྩལ་འགྲན་ཚོགས་ཀྱི་གྲ་སྒྲིག་ལས་དོན་ཁག་མཐའ་མའི་འགག་རྩའི་དུས་མཚམས་སུ་སླེབས་ཡོད། མིག་སྔར་འགྲན་བསྡུར་གྱི་དང་བླངས་པ་ཁྲི་2བསྡུས་ཟིན་ཞིང་། ཁོང་ཚོས་འགྲན་བསྡུར་རིང་འགྲན་བསྡུར་ཁང་དང་། སློབ་ཆེན་སློབ་མའི་ལུས་རྩལ་འགྲན་ཚོགས་གྲོང་། སྨྱན་སྦྱོར་གཙོ་བོའི་ལྟེ་གནས། འགོ་ཚུགས་མཛད་སྒོ་དང་མཇུག་འགྲིལ་མཛད་སྒོ། གནམ་ཐང་རླངས་འཁོར་བབས་ཚུགས་སོགས་སུ་ཞབས་འདེགས་ཞུ་རྒྱུ་དང་བརྒྱུད་རིམ་ལྡན་པའི་གསོ་སྦྱོང་དང་། གསོ་སྦྱོང་ལ་ཤུགས་སྣོན། ཆེད་ལས་གསོ་སྦྱོང་། ལས་གནས་སུ་མ་སྐྱོད་གོང་གི་ནང་སྦྱོང་བཅས་བྱས་པ་བརྒྱུད་དང་བླངས་པ་ཚོས་དུས་དང་རྣམ་པ་ཀུན་ཏུ་ཞབས་འདེགས་ཡག་པོ་ཞུ་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།