དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་རང་སྐྱོང་ལྗོངས་ཀྱི་ངལ་རྩོལ་དཔེ་བཟང་བ་དང་ལག་ཤེས་པའི་སློབ་གླིང་གི་སྒོ་བྱང་བཀལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-06-01

    ཚེས་30ཉིན་གྱི་སྔ་དྲོར། བོད་རང་སྐྱོང་ལྗོངས་ཀྱི་ངལ་རྩོལ་དཔེ་བཟང་བ་དང་ལག་ཤེས་པའི་སློབ་གླིང་གི་སྒོ་བྱང་འགེལ་བའི་མཛད་སྒོ་ལྷ་སར་འཚོགས་ཤིང་། རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་ནོར་བུ་དོན་གྲུབ་ཀྱིས་སྒོ་བྱང་བཀལ་བ་དང་འབྲེལ་བརྟག་ཞིབ་གནང་བ་རེད།

    བརྟག་ཞིབ་ཚོགས་ཆུང་གིས་ས་གནས་ས་ཐོག་ཏུ་བོད་ལྗོངས་ངལ་རྩོལ་དཔེ་བཟང་བ་དང་ལག་ཤེས་པའི་སློབ་གླིང་ལ་བརྟག་ཞིབ་བྱས་པ་དང་འབྲེལ་ངལ་རྩོལ་དཔེ་བཟང་བ་དང་ལག་ཤེས་པ་དང་སྤེལ་རེས་ཀྱང་བྱས་པ་རེད། བརྟག་ཞིབ་ཚོགས་ཆུང་གིས། བོད་ལྗོངས་ངལ་རྩོལ་དཔེ་བཟང་བ་དང་ལག་ཤེས་པའི་སློབ་གླིང་ཐོག་མའི་སྒོ་བྱང་བཀལ་བ་དེ་ནི་ཐོན་ལས་བཟོ་པའི་དཔུང་ཁག་འཛུགས་སྐྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པའི་གསོན་ཉམས་དོད་པའི་ལག་ལེན་ཞིག་ཡིན་པ་དང་། ངལ་རྩོལ་དཔེ་བཟང་བའི་སྙིང་སྟོབས་དང་། ངལ་རྩོལ་གྱི་སྙིང་སྟོབས། བཟོ་བོའི་སྙིང་སྟོབས་བཅས་དར་སྤེལ་ཤུགས་ཆེན་བཏང་ནས་རང་ལྗོངས་ཀྱི་ཐོན་ལས་བཟོ་པའི་དཔུང་ཁག་འཛུགས་སྐྱོང་ལ་ལས་སྟེགས་གསར་པ་ཞིག་བཏོད་ཡོད་ལ། འཐབ་ས་གསར་པ་ཞིག་ཀྱང་མཁོ་འདོན་བྱས་ཡོད། ལས་སྟེགས་དང་ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ནས“སྲིད་སློབ་མཉམ་འདྲེས་གཏིང་ཟབ་དང་ཐོན་ཁུངས་མཉམ་སྤྱོད་གཉིས་ཕན”གྱི་མཉམ་ལས་བྱ་ཐབས་ནུས་ལྡན་འཚོལ་ཞིབ་ཧུར་ཐག་བྱས་ཏེ། “འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིར”སྐུལ་འདེད་གཏོང་ཆེད་མཐོ་མཁས་རྩེར་སོན་གྱི་ཤེས་ལྡན་མི་སྣའི་འདེགས་སྐྱོར་དང་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་ཞེས་བསྟན་པ་རེད།

    དེ་ཉིན་ལྗོངས་ཡོངས་ཀྱི་དུས་ཐེངས་དང་པོའི་ངལ་རྩོལ་དཔེ་བཟང་བ་དང་ལག་ཤེས་པའི་ཞིབ་འཇུག་ཟབ་སྦྱོང་འཛིན་གྲྭའི་སློབ་འགོ་ཚུགས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།