དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཁྲའོ་ཞན་གྱིས་ཟླ་6པར་དམག་དོན་མྱུལ་ཞིབ་སྲུང་སྐར་འཕེན་གཏོང་བྱ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-06-01

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཧྲོའར་ནས་ཟླ་5ཚེས་30ཉིན་གློག་འཕྲིན་འབྱོར་གསལ། ཚེས་30ཉིན་ཁྲའོ་ཞན་ཀྲུང་དབྱང་གསར་འགྱུར་ཁང་ནས་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་དུས་ཨ་རི་དང་ཧན་གོས་ཁྲའོ་ཞན་ལ་ངོ་རྒོལ་བྱེད་པའི་དམག་དོན་བྱ་སྤྱོད་སྤེལ་བ་དང་དེ་བཞིན་ཁྲའོ་ཞན་ཕྱེད་གླིང་དང་ས་ཁུལ་གྱི་དམག་དོན་ཛ་དྲག་ཏུ་སོང་བའི་དུས་བབ་ལ་དམིགས་ཏེ། ཁྲའོ་ཞན་ངལ་རྩོལ་ཏང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ལི་པིན་ཀྲེ་ཡིས་ཚེས་29ཉིན་ཁྲའོ་ཞན་ཀྲུང་དབྱང་གསར་འགྱུར་ཁང་གི་གསལ་བསྒྲགས་བརྒྱུད་ཁྲའོ་ཞན་ཕྱོགས་ཀྱིས་རང་སྲུང་ལ་ཤུགས་སྣོན་རྒྱག་པའི་ལངས་ཕྱོགས་ཁ་གསལ་སྟོན་པ་དང་འབྲེལ། ཁྲའོ་ཞན་ཕྱོགས་ཀྱིས་ཟླ་6པར་དམག་དོན་མྱུལ་ཞིབ་སྲུང་སྐར་འཕེན་གཏོང་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད།

    གསལ་བསྒྲགས་ནང་། ཨ་རི་སོགས་དགྲ་ཡའི་ཕྱོགས་གཏོགས་ཀྱི་དམག་དོན་བྱ་སྤྱོད་ལ་སེམས་ཁྲལ་བྱེད་དགོས་པ་ཞིག་ཡོད་པས། ཁྲའོ་ཞན་ཕྱོགས་ལ་བློས་འགེལ་ཆོག་པའི་མྱུལ་ཞིབ་གསང་འཕྲིན་བྱེད་ཐབས་ངེས་པར་དུ་གང་མགྱོགས་དགོས་ཀྱི་ཡོད། ཁྲའོ་ཞན་ཕྱོགས་ཀྱིས་ཟླ་6པར་འཕེན་གཏོང་བྱ་རྒྱུ་ཡིན་པའི་དམག་དོན་མྱུལ་ཞིབ་སྲུང་སྐར་ཨང་དང་པོ་དང་ཚོད་ལྟ་བྱ་རྩིས་ཡོད་པའི་མྱུལ་ཞིབ་བྱེད་ཐབས་གསར་པ་དེ་ཚོའི་དམིགས་ཡུལ་ནི་དུས་ཐོག་ཏུ་དགྲ་བོའི་དམག་དོན་བྱ་སྤྱོད་རྗེས་འདེད་སོ་ལྟ་དང་དབྱེ་འབྱེད་བྱས་ནས་ཁྲའོ་ཞན་གྱི་དྲག་ཆས་སྟོབས་ཤུགས་ཀྱི་དམག་དོན་གྲ་སྒྲིག་ལ་ཤུགས་སྣོན་རྒྱག་རྒྱུ་ཡིན་ཞེས་བཏོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།