དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་དྲ་རྒྱའི་རྩོམ་རིག་གི་བརྩམས་ཆོས་16000ལྷག་ཙམ་ཕྱི་རྒྱལ་དུ་འགྲེམས་སྤེལ་བྱས་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-06-01

    ཤིན་ཧྭ་གསར་འགྱུར་ཁང་ཧང་ཀྲོའུ་ནས་གློག་འཕྲིན་འབྱོར་པ་གཞིར་བཟུང་། ཚེས་27ཉིན་ཀྲུང་གོ་རྩོམ་པ་པོའི་མཐུན་ཚོགས་ཀྱིས་ཁྱབ་བསྒྲགས་བྱས་པའི་སྙན་ཞུ་ལས་མངོན་པར། 2022ལོའི་ལོ་མཇུག་བར་རིམ་རྩིས་བྱས་ན་ཀྲུང་གོའི་དྲ་རྒྱའི་རྩོམ་རིག་གི་བརྩམས་ཆོས་ཁྲི་16000ལྷག་ཙམ་ཕྱི་རྒྱལ་དུ་འགྲེམས་སྤེལ་བྱས་པར་ཕྱི་རྒྱལ་དུ་ལྟ་ཀློག་བྱེད་མཁན་དུང་ཕྱུར་1.5ལས་བརྒལ་ཡོད་པ་རེད།

    ཚེས་27ཉིན་ཀྲུང་གོ་རྩོམ་པ་པོའི་མཐུན་ཚོགས་དང་། ཀྲེ་ཅང་ཞིང་ཆེན་མི་དམངས་སྲིད་གཞུང་། ཧང་ཀྲོའུ་གྲོང་ཁྱེར་མི་དམངས་སྲིད་གཞུང་བཅས་ཀྱིས་གཙོ་གཉེར་བྱས་པའི“2023ལོའི་ཀྲུང་གོའི་རྒྱལ་སྤྱིའི་དྲ་རྒྱའི་རྩོམ་རིག་གཟའ་འཁོར”ཀྲེ་ཅང་ཧང་ཀྲོའུ་རུ་འགོ་ཚུགས་པ་རེད།

    ཀྲུང་གོའི་དྲ་རྒྱའི་རྩོམ་རིག་དེ་ཨེ་ཤེ་ཡ་ས་ཁུལ་དུ་གཙོ་བོ་དཔེ་དེབ་དཔེ་སྐྲུན་དང་། དྲ་ཐོག་ཡིག་སྒྱུར་ཁྱབ་སྤེལ། IPགཞན་སྒྱུར་ཁྱབ་སྤེལ། རང་ཡུལ་གྱི་སྐྱེ་ཁམས་འཛུགས་སྐྱོང་། ཕྱི་རྒྱལ་གྱི་ཁྲོམ་རར་མ་རྩ་འཇོག་པ་བཅས་བྱ་ཐབས་ལྔ་ལ་བརྟེན་ནས་བརྒྱུད་སྤེལ་བྱེད་ཀྱི་ཡོད། མིག་སྔའི་བར་ཨེ་ཤེ་ཡའི་ཕྱི་རྒྱལ་ཁྲོམ་རར་ཀྲུང་གོའི་དྲ་རྒྱའི་རྩོམ་ཡིག་དེབ་6000ལྷག་ཙམ་དཔེ་སྐྲུན་བྱས་པ་དང་སྒྱུར་རྩོམ་གྲངས་འབོར་9000ལས་བརྒལ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།