དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རང་ལྗོངས་ཀྱིས་ཁྱིམ་ཚང་གི་སྤྱོད་གཙང་སློབ་གསོར་ཤུགས་སྣོན་བརྒྱབ་པ།

    སྤྱོད་གཙང་ཁྱིམ་སྲོལ་སྤེལ་ནས་རུལ་རྒོལ་འཛིང་རགས་བརྟན་དུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-05-31

    ཉེ་ཆར་མངའ་རིས་ས་ཁུལ་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་རྫོང་དང་ཁྲུའུ་རིམ་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པའི་ནང་མིས་སྤྱོད་པ་གཙང་བའི་ནང་མི་ཡག་པོ་བྱེད་པའི་བཞུགས་མོལ་ཚོགས་འདུ་འཚོགས་ནས་འགོ་ཁྲིད་ལས་བྱེད་པའི་ནང་མིར་སྒྲིག་ཁྲིམས་ཀྱི་སློབ་གསོ་དང་ཁྱིམ་ཚང་གི་སྤྱོད་གཙང་སློབ་གསོ་དང་ལེན་བྱེད་དུ་བཅུག་སྟེ་སྤྱོད་གཙང་སློབ་གསོ་ཁྱིམ་ཚང་གི་རྒྱུན་གཏན་འཚོ་བར་ཁྱབ་པར་སྐུལ་འདེད་བཏང་བ་རེད།

    ལྗོངས་ཡོངས་ཀྱི་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་དུས་རབས་གསར་པའི་སྤྱོད་གཙང་རིག་གནས་འཛུགས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་ཁྱིམ་ཚང་གི་སྤྱོད་གཙང་སློབ་གསོ་སྤེལ་ཤུགས་ཆེ་རུ་བཏང་བ་དང་། ཉེ་འགྲམ་གྱི་དཔེ་མཚོན་དང་། གྲགས་ཅན་མི་སྣའི་མཛད་རྗེས། གླེང་མང་བའི་བརྗོད་གཞི། དཔེ་མཚོན་གྱི་དོན་རྐྱེན་སོགས་ཀྱི་ཐད་ནས་ཏང་ཡོན་ལས་བྱེད་པའི་ནང་མིས་རང་འགུལ་ངང་ཁྱིམ་ཚང་གི་སྤྱོད་གཙང་རིག་གནས་འཛུགས་སྐྱོང་ལ་ཞུགས་པར་ཁྲིད་སྟོན་བྱས་པ། ཏང་ཡོན་ལས་བྱེད་པའི་ནང་མིས་རུལ་སུངས་ཀྱི་གནོད་འཚེའི་རང་བཞིན་ལ་ངོས་འཛིན་ཐུབ་པར་བྱས་ཏེ་རུལ་འགོག་འགྱུར་ཟོན་གྱི་བསམ་བློའི་ཉེན་ཟོན་གྱི་འདུ་ཤེས་ཟབ་ཏུ་བཏང་བ། ཕུལ་བྱུང་གི་ཁྱིམ་སྲོལ་དང་། ཁྱིམ་ཚང་གི་སློབ་གསོ། ཁྱིམ་ཚང་གི་སྒྲིག་ལམ། ཁྱིམ་ཚང་གི་བསླབ་བྱ་བཅས་དར་སྤེལ་བཏང་སྟེ་ཁྱིམ་སྲོལ་བཟང་པོར་བརྟེན་ནས་སྤྱོད་གཙང་གི་ཏང་སྲོལ་བཟང་པོ་སྐྱེད་སྲིང་བྱེད་དགོས་པའི་སློབ་གསོ་བརྒྱབ་པ་རེད།

    ཉིང་ཁྲི་གྲོང་ཁྱེར་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་ཏང་ཡོན་འགོ་ཁྲིད་ལས་བྱེད་པའི་ཁྱིམ་སྲོལ་དང་ཁྱིམ་ཚང་སློབ་གསོ་ནན་པོ་མེད་པའི་གནད་དོན་ལ་དམིགས་ནས། “སྤྱོད་གཙང་གི་ཁྱིམ་སྲོལ་འཛུགས་པའི”བརྗོད་དོན་གཙོ་བོའི་ཏང་གི་སློབ་ཚན་བྱེད་སྒོ་སྤེལ་ཞིང་། སྤྱོད་གཙང་ཁྱིམ་སྲོལ་གྱི་ཏང་གི་སློབ་ཚན་འཁྲིད་པ་དང་། སྤྱོད་གཙང་ཁྱིམ་སྲོལ་གྱི་གྲོས་འགོ་འདོན་པ། སྲིད་གཙང་སློབ་གསོའི་དཔེ་དེབ་སྤྲོད་པ་བཅས་བྱས་ནས་རྒྱ་ཆེའི་ཏང་ཡོན་འགོ་ཁྲིད་ལས་བྱེད་པར་ཁྱིམ་ཚང་ཡག་པོ་སྐྱོང་བ་དང་། ཁྱིམ་སྲོལ་བཟང་པོ་སྐྱེད་སྲིང་། ཁྱིམ་ཚང་སློབ་གསོ་ཡག་པོ་རྒྱག་པ་བཅས་བྱེད་དགོས་པའི་སློབ་གསོ་ཁྲིད་སྟོན་བྱས་པ་རེད།

    ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་སྤྱོད་གཙང་ཁྱིམ་སྲོལ་གྱི་སྒྲོག་འགྲེལ་བྱེད་སྒོ་སྤེལ་ནས་ཁྱིམ་སྲོལ་ལ་ངོས་འཛིན་བྱེད་ལུགས་དང་། ཕུལ་བྱུང་གི་ཁྱིམ་སྲོལ་དང་ཁྱིམ་ཚང་སློབ་གསོ་གང་དག་ཡོད་པ། སྤྱོད་གཙང་གི་ཁྱིམ་སྲོལ་ཇི་ལྟར་འཛུགས་པ་སོགས་ཀྱི་ཐད་ནས་གནའ་དེང་གི་སྤྱོད་གཙང་ཁྱིམ་ཚང་སྐྱོང་ལུགས་དང་སྤྱོད་གཙང་བཀའ་བརྩིའི་སྲོལ་རྒྱུན་གྱི་དཔེ་མཚོན་གཏམ་རྒྱུད་བརྗོད་པ་དང་། ལྷོ་ཁ་གྲོང་ཁྱེར་མཚོ་སྨད་རྫོང་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་རྫོང་ཡོངས་ཀྱི་ཏང་ཡོན་ལས་བྱེད་པ་1000ལྷག་ཙམ་གྱི་ནང་མིར་གྲོས་འགོའི་ཡི་གེ་བསྐུར་ནས་རྫོང་ཡོངས་ཀྱི་ལས་བྱེད་པའི་ནང་མིར་སྤྱོད་གཙང་ཁྱིམ་ཚང་གི“སྒོ་སྲུང་བ”དང་། སྲིད་བརྩོན་སྲིད་གཙང་གི“ལྟ་སྐུལ་བ”ཡག་པོ་བྱས་ཏེ་སྤྱོད་གཙང་གི་ནང་མིའི་ནུས་པ་ཡག་པོ་འདོན་དགོས་པའི་སློབ་གསོ་ཁྲིད་སྟོན་བྱས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་དུ་བཅའ་སྡོད་རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་བཤེར་ལྟ་ཞིབ་ཚོགས་ཆུང་གིས་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་སོགས་ལྟ་སྐུལ་བྱ་ཡུལ་ཚན་པ་4ཡི་ལས་བྱེད་ཉེན་རྟོག་པ་2000ལྷག་ཙམ་ལ་སྤྱོད་གཙང་གི་ཁྱིམ་ཚང་གཏོད་དགོས་པའི་གྲོས་འགོ་བཏོན་པ་དང་། ལྗོངས་ཡོངས་ཀྱི་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་གོ་རིམ་ལྡན་པའི་བསམ་བློ་གཏོང་ཕྱོགས་མཐའ་འཁྱོངས་བྱས་ཏེ་ཁྱིམ་སྲོལ་འཛུགས་སྐྱོང“མི་རུལ་བ་གསུམ”ལ་སྡེབ་གཅིག་ཏུ་སྐུལ་འདེད་གཏོང་བ་དང་མཉམ་འདྲེས་བྱས་ཏེ“ཉེ་འགྲམ་གྱི་བྱ་བར་བརྟེན་ནས་ཉེ་འགྲམ་གྱི་མིར་སློབ་གསོ་གཏོང་བའི”ཉེན་བརྡའི་སློབ་གསོའི་འགྲེམས་སྟོན་དང་། སྲིད་གཙང་ཉེན་བརྡའི་སློབ་གསོའི་གློག་བརྙན། ཁྱིམ་སྲོལ་དང་སྲིད་གཙང་གཏམ་རྒྱུད་སོགས་གང་ལེགས་སྤྱད་དེ་ཏང་ཡོན་འགོ་ཁྲིད་ལས་བྱེད་པའི་ནང་མི་ལྟ་སྐོར་ལ་གདན་དྲངས་ནས་བསམ་བློའི་འཛིང་རགས་མུ་མཐུད་བརྟན་དུ་བཏང་བ་དང་། ཏང་ཡོན་འགོ་ཁྲིད་ལས་བྱེད་པའི་ནང་མིས་གྱོད་གཞི་དཔྱད་གཞིར་བཟུང་བ་དང་སྒྲིག་བཀུར་ཁྲིམས་སྲུང་གིས་སྤྱོད་གཙང་ལ་བརྩི་མཐོང་བྱེད་པའི་ཁྱིམ་ཚང་གི་རྣམ་པ་བཟང་པོ་ཞིག་གཏོད་པར་སློབ་གསོ་ཁྲིད་སྟོན་བྱས་པ་རེད།

    “རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་ཏང་ཡོན་འགོ་ཁྲིད་ལས་བྱེད་པའི་ཁྱིམ་སྲོལ་འཛུགས་སྐྱོང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་སྤྱི་ཡོངས་ཀྱི་བཀོད་ཇུས་ལ་བཅུག་པ་དང་། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་ནང་དུ་བཅུག་པ། ཆབ་སྲིད་ཁོར་ཡུག་ལ་དཔྱད་དཔོག་བྱེད་པའི་ཚད་གཞི་གལ་ཆེན་ཞིག་ཏུ་བརྩི་བ་བཅས་བྱས་ཏེ་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་རྒོལ་འཐབ་རྩོད་མཉམ་དུ་ཇུས་འགོད་དང་། མཉམ་དུ་བཀོད་སྒྲིག མཉམ་དུ་དོན་འཁྱོལ་བཅས་བྱས་ནས་ཁྱིམ་སྲོལ་འཛུགས་སྐྱོང་དོན་འཁྱོལ་བྱེད་པའི་གནས་ཚུལ་ལ་རྒྱུན་རྣམ་ཅན་གྱི་ཆབ་སྲིད་ཀྱི་ལྟ་སྐུལ་དང་བཅོས་སྐྱོང་གི་ཕན་འབྲས་ལྟ་སྐུལ་ལ་བརྟེན་ནས་ཁྱིམ་སྲོལ་འཛུགས་སྐྱོང་གི་སློབ་གསོའི་རྩ་བཅོས་ནུས་པ་འཕེལ་བར་བྱས་ཡོད”ཅེས་རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས།

    “གོམ་སྟབས་རྗེས་མར་རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་འགག་རྩའི་མི་དང་། གཙོ་གནད་ལས་གནས། དུས་ཚོད་མཚམས་ཚིག་བཅས་ལ་དམིགས་ནས་སྤྱོད་གཙང་སློབ་གསོའི་བྱེད་སྒོ་སྒྲིག་འཛུགས་བྱས་ཏེ། རིམ་ཁག་ཏང་ཡོན་དང་འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་ཁྱིམ་ཚང་སློབ་གསོ་དང་ཁྱིམ་སྲོལ་ལ་སྣང་ཆེན་དང་། གཉེན་ཉེ་དང་བུ་ཕྲུག ཉེ་འགྲམ་གྱི་ལས་དོན་པ་དོ་དམ་ནན་པོ། སྤྱོད་གཙང་ཁྱིམ་སྲོལ་ལ་བརྟེན་ནས་སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་གཏོད་པ་བཅས་ལ་ལྟ་སྐུལ་བྱེད་ཀྱི་ཡིན”ཞེས་རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།