དབུ་ཤོག>གསར་འགྱུར།>དམངས་འཚོ།
  • “བདེ་ཐང་གི་སྒོ་སྲུང་བ”ཡག་པོ་ཞིག་བྱས་པ།

    —— ལྷ་ས་གྲོང་ཁྱེར་གྱིས་སློབ་གྲྭའི་བཟའ་བཅའི་བདེ་འཇགས་ལ་ཞིབ་བཤེར་བྱས་ནས་དགེ་སློབ་ཚོའི་བཟའ་བཅར་བདེ་འཇགས་ཡོང་བར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-05-31
      • འདི་ནི་ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱི་ཁྲིམས་སྒྱུར་བས་བཟའ་བཅའི་བདེ་འཇགས་ཤེས་བྱ་སློབ་གྲྭར་སྒྲོག་འགྲེལ་བྱེད་པའི་བྱེད་སྒོ་སྤེལ་ཡུལ་དུ་སློབ་མ་དང་སྤེལ་རེས་བྱེད་བཞིན་པ།

        འདི་ནི་ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱི་ཁྲིམས་སྒྱུར་བས་སློབ་གྲྭའི་ཟ་ཁང་གི་ལྟོ་སྣོད་ལ་ཞིབ་བཤེར་བྱེད་བཞིན་པ།

        འདི་ནི་རང་སྐྱོང་ལྗོངས་ཚོད་ལྟའི་བུ་བཅོལ་ཁང་གི་ཟ་ཁང་གི་ལས་མིས་ཐབ་ཚང་ལ་གཙང་སྦྲ་བྱེད་བཞིན་པ།

        འདི་ནི་ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱི་ཁྲིམས་སྒྱུར་བས་སློབ་གྲྭའི་ཉེ་འཁོར་གྱི་སྒོ་རྩིས་ཚོང་ཁང་ལ་ཞིབ་བཤེར་བྱེད་བཞིན་པ།

        འདི་ནི་ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱི་ཁྲིམས་སྒྱུར་བས་རང་སྐྱོང་ལྗོངས་ཚོད་ལྟའི་བུ་བཅོལ་ཁང་གི་བཟའ་བཅའི་བདེ་འཇགས་ཀྱི་ཐོ་དེབ་ལ་ཞིབ་བཤེར་བྱེད་བཞིན་པ།

        འདི་ནི་རང་སྐྱོང་ལྗོངས་ཚོད་ལྟའི་བུ་བཅོལ་ཁང་གི་ཕྲུ་གུས་ཀེག་ཟ་བཞིན་པ།

        འདི་ནི་རང་སྐྱོང་ལྗོངས་ཚོད་ལྟའི་བུ་བཅོལ་ཁང་གི་ཕྲུ་གུས་དགུང་ཟས་ཟ་བཞིན་པ།

        བཟའ་བཅའ་ནི་དམངས་ཀྱི་འཚོ་རྟེན་ཡིན་པས། བཟའ་བཅའི་བདེ་འཇགས་སྔོན་ལ་འཇོག་དགོས་ལ། སློབ་གྲྭའི་བཟའ་བཅའི་བདེ་འཇགས་དང་བཟའ་བཅའི་གཙང་སྦྲ་ནི་སློབ་མ་མི་རེ་ངོ་རེའི་གཟུགས་གཞི་བདེ་ཐང་དང་ཡང་འབྲེལ་བ་དམ་ཟབ་ཡོད་པས། སློབ་གྲྭའི་བཟའ་བཅའི་བདེ་འཇགས་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བཟའ་བཅའི་བདེ་འཇགས་ཀྱི་ལས་འཛོལ་མི་ཐོན་པར་བྱེད་པ། སློབ་གྲྭའི་བཟའ་བཅའི་བདེ་འཇགས་དོ་དམ་གྱི་འགན་འཁྲི་དོན་འཁྱོལ་བྱེད་པ། དགེ་སློབ་ཚོའི་བཟའ་བཅའི་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ལ་འགན་ལེན་བྱ་ཆེད། ཉེ་ཆར། ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་བྱ་ཐབས་སྣ་ཚོགས་སྤྱད་དེ་ལྷ་ས་གྲོང་ཁྱེར་ཡོངས་སུ་སློབ་གྲྭའི་བཟའ་བཅའི་བདེ་འཇགས་ལ་ཆེད་དོན་ཞིབ་བཤེར་དང་བཟའ་བཅའི་བདེ་འཇགས་དྲིལ་བསྒྲགས་ཀྱི་བྱེད་སྒོ་སྣ་ཚོགས་སྤེལ་ཏེ་བྱ་སྤྱོད་ངོ་མའི་ཐོག་ནས་དགེ་སློབ་ཚོའི“ལྕེ་ཐོག་གི་བདེ་འཇགས”ལ་འགན་ལེན་བྱས།

        སློབ་གྲྭའི་ཟ་ཁང་གི་བཟའ་བཅའ་སྔར་བས་བདེ་འཇགས་ཡོང་བར་བྱས་པ།

        སློབ་གྲྭའི་ཟ་ཁང་གི་བདེ་འཇགས་ལ་དོ་དམ་བྱེད་ཤུགས་ཆེ་རུ་དང་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་བཏང་ནས་ཞི་མཐུན་གྱི་སློབ་གྲྭའི་ཁོར་ཡུག་བཟང་པོ་ཞིག་གཏོད་ཆེད། ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་དང་ལྷ་ས་གྲོང་ཁྱེར་སློབ་གསོ་ཅུས་སོགས་འབྲེལ་ཡོད་ཚན་པས་ལྷ་ས་གྲོང་ཁྱེར་གྱི་སློབ་གྲྭ་ཁག་གི་བཟའ་བཅའི་བདེ་འཇགས་ལ་ས་གནས་ས་ཐོག་ཏུ་ལྟ་སྐུལ་ཞིབ་བཤེར་དང་མཛུབ་ཁྲིད་བྱས་པ་རེད།

        སློབ་གྲྭ་ཁག་གི་སློབ་མའི་ཟ་ཁང་དུ་སྐྱོད་སྐབས། ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱི་ཁྲིམས་སྒྱུར་བས་ཟ་ཁང་གི་བཟའ་འཐུང་བྱ་ཡུལ་དང་ཐབ་ཚང་ལ་ཞིབ་བཤེར་ནན་པོ་བྱས་ཁར། བཟའ་བཅའི་རྒྱུ་ཆའི་ཡོང་ཁུངས་དང་། བཟའ་བཅའ་ལས་སྣོན། གཙང་བཤལ་དུག་སེལ། བཟའ་བཅའི་མ་དཔེ་ཞིབ་བཤེར་བྱ་རྒྱུར་ཉར་བ་སོགས་ལྷུ་ཚིགས་ཀྱི་བདེ་འཇགས་དོ་དམ་ལས་དོན་གྱི་གནས་ཚུལ་ཞིབ་ཕྲ་དྲིས་པ་མ་ཟད། བཟའ་བཅའི་བདེ་འཇགས་ཉིན་མོའི་བཀོད་གཏོང་ལས་དོན་ཟིན་ཐོ་དང་། གཟའ་འཁོར་རེའི་གྲལ་བཤེར་ལས་དོན་གྱི་གསལ་ཐོ། ཟླ་རེའི་བཟའ་བཅའི་བདེ་འཇགས་བཀོད་གཏོང་ཚོགས་འདུའི་ཟིན་བྲིས་གནད་བསྡུས་བཅས་ལའང་རེ་རེ་བཞིན་བལྟས་ཤིང་། ད་དུང་སློབ་གྲྭའི་ཟ་ཁང་དང་སློབ་ཕྱིའི་ཟ་མ་མཁོ་འདོན་ཚན་པར་ཁྲིམས་ལྟར་བཟའ་བཅའི་བདེ་འཇགས་ཀྱི་སྤྱི་ཁྱབ་ལྟ་ཞིབ་པ་དང་བཟའ་བཅའི་བདེ་འཇགས་པ་བཀོད་སྒྲིག་བྱས་ནས་བཟའ་བཅའི་བདེ་འཇགས་ཀྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་བ་དང་། སློབ་གྲྭ་དང་བུ་བཅོལ་ཁང་ལ་བཟའ་བཅའི་བདེ་འཇགས་ཀྱི་སློབ་སྤྱིའི་འགན་འཁྲིའི་ལམ་ལུགས་དང་འབྲེལ་ཡོད་འགན་འཁུར་བ་སློབ་མ་དང་མཉམ་དུ་ཁ་ལག་བཟའ་བའི་ལམ་ལུགས་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་ནས་ཟ་ཁང་འགན་གཙང་ལེན་མཁན་ནམ་ཡང་ན་མངགས་བཅོལ་གཉེར་སྐྱོང་བྱེད་པོའི་རྒྱུན་གཏན་གྱི་དོ་དམ་ལ་ཤུགས་སྣོན་རྒྱག་པ། སློབ་ཕྱིའི་ཁ་ལག་མཁོ་འདོན་ཚན་པ་དང་སློབ་གྲྭའི་ཟ་ཁང་གིས་སློབ་འགོ་མ་ཚུགས་གོང་གི་བཟའ་བཅའི་བདེ་འཇགས་ཀྱི་རང་བཤེར་ལ་མཛུབ་ཁྲིད་བྱས་ནས་མངོན་མེད་རྐྱེན་ངན་དུས་ཐོག་ཏུ་སེལ་བ། སློབ་གྲྭ(བུ་བཅོལ་ཁང)361ཚང་མར་བཟའ་བཅའི་བདེ་འཇགས་པ་བཀོད་སྒྲིག་བྱས་ནས“ཉིན་རེར་དོ་དམ་ཚོད་འཛིན་དང་། གཟའ་འཁོར་རེར་གྲལ་བཤེར། ཟླ་བ་རེར་བཀོད་གཏོང་བཅས་བྱེད་པའི”ལམ་ལུགས་ལག་བསྟར་ཡག་པོ་བྱས།

        བཟའ་བཅའི་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་སྔར་བས་བརྟན་དུ་བཏང་བ།

        སློབ་གྲྭའི་ཉེ་འགྲམ་གྱི་ཟས་རིགས་ཙག་ཙིག་ཚོང་ཁང་དང་བཟའ་བཏུང་ཚོང་ཁང་ཆུང་ངུ་ནི་སློབ་མ་ཚོ་འགྲོ་འོང་མང་ཤོས་བྱེད་ས་ཞིག་ཡིན་པས། སློབ་གྲྭའི་ཉེ་འགྲམ་གྱི་བཟའ་བཅའི་བདེ་འཇགས་གནད་དོན་ནི་ཁྱིམ་བདག་དང་སྤྱི་ཚོགས་ཀྱིས་དོ་ཁུར་རྒྱ་ཁྱབ་ཏུ་བྱེད་པའི་གླེང་མང་བའི་གནད་དོན་ཞིག་རེད།

        ཕྲུ་གུ་ཚོའི་བཟའ་བཅའི་བདེ་འཇགས་ལ་འགན་ལེན་བྱ་ཆེད། ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་སློབ་གྲྭའི་ཟ་ཁང་དང་། ཟས་རིགས་སྡེབ་སྐྱེལ་ཚན་པ། སློབ་གྲྭའི་ཉེ་འཁོར་གྱི་སྒོ་རྩིས་ཚོང་ཁང་ཆུང་ངུ་། ཟས་རིགས་ཙག་ཙིག་ཚོང་ཁང་ཆུང་ངུ་། བཟའ་བཏུང་ཚོང་ཁང་ཆུང་ངུ་སོགས་གཙོ་གནད་ཚན་པ་དང་སྒོ་ཕྱུགས་དང་ཁྱིམ་བྱའི་ཤ་དང་ཤའི་ཐོན་རྫས་དང་། དཀར་ཆུའི་ཐོན་རྫས། བཟའ་སྣུམ་སོགས་བཟའ་བཅའ་ཆེ་གྲས་ཀྱི་རྒྱུ་ཆ་དང་། དེ་བཞིན“གོང་ཁེའི་བཟའ་བཅའ”སོགས་ཀྱི་ཟས་རིགས་སྣ་ཁ་གཙོ་བོར་བྱས་ཏེ། བཟའ་བཅའི་ཚོང་ཟོག་ནང་འདྲེན་ལ་ཞིབ་བཤེར་དང་། བཟའ་བཅའ་ལས་སྣོན། བཟའ་བཏུང་སྣོད་ཆས་གཙང་བཤལ་དང་དུག་སེལ། བཟའ་བཅའི་མ་དཔེ་ཉར་ཚགས་སོགས་གཙོ་གནད་བྱ་སྤྱོད་ལ་བརྩིས་ནས་དཔྱིད་དུས་ཀྱི་སློབ་གྲྭའི་བཟའ་བཅའི་བདེ་འཇགས་ལ་ཆེད་དོན་ཞིབ་བཤེར་བྱེད་རིང་། གནད་དོན་དང་མངོན་མེད་རྐྱེན་ངན་ཤེས་རྟོགས་བྱུང་རིགས་ལ་བཅའ་ཁྲིམས་དང་གཏན་འབེབས་ལྟར་ཆད་པ་བཅད་པའམ་ཡང་ན་དག་ཐེར་ཡོ་བསྲང་བྱེད་རྒྱུའི་སྐུལ་འདེད་བཏང་ཡོད། མིག་སྔའི་བར། གྲོང་ཁྱེར་དང་རྫོང(ཆུས)རིམ་པ་གཉིས་ཀྱིས་ཆེད་དོན་ཞིབ་བཤེར་པ་ཁྱོན་མི་ཐེངས་199བཏང་ནས་སློབ་གྲྭའི་ཟ་ཁང་361དང་སློབ་གྲྭའི་ཉེ་འཁོར་གྱི་གཉེར་སྐྱོང་ཚན་པ་628ལ་ཞིབ་བཤེར་བྱས་ཡོད། འཛིན་དང་སྤ་སེ་ལེན་རྒྱུ་ནན་པོ་མེད་པ་དང་། བཟའ་བཅའི་མ་དཔེ་ཉར་ཚགས་ཚད་ལྡན་མེད་པ། ཐབ་ཚང་གི་གཙང་སྦྲ་ཞན་པ་སོགས་ཀྱི་གནད་དོན་ཡོད་པའི་ཚན་པ་60ལ་ལས་དོན་པས་རང་སར་ཉེན་ཟོན་སློབ་གསོ་བཏང་བ་དང་། གནད་དོན་ཅུང་ཚབས་ཆེ་བའི་ཚན་པར་དག་ཐེར་ཡི་གེ་སྤྲད་ནས་འབྲེལ་ཡོད་བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་བཅོས་སྒྲིག་གནད་འཁེལ་ཡོང་བར་སྐུལ་འདེད་བཏང་།

        སློབ་གྲྭའི་ཟ་ཁང་སྔར་བས་ཕྱི་གསལ་ནང་གསལ་ཡོང་བར་བྱས་པ།

        སློབ་གྲྭའི་བཟའ་བཅའི་བདེ་འཇགས་ཀྱི་བྱེད་པོའི་འགན་འཁྲི་སྔར་བས་དོན་འཁྱོལ་དང་སློབ་གྲྭའི་བཟའ་བཅའི་བདེ་འཇགས་ལྟ་འདོམས་ཀྱི་ཕན་ནུས་ཆེ་རུ་བཏང་ནས་ལྷ་ས་གྲོང་ཁྱེར་གྱི་སློབ་གྲྭའི་ཟ་ཁང་གི་བཟའ་བཅའི་བདེ་འཇགས་དོ་དམ་དང་སྤྱི་ཚོགས་མཉམ་བཅོས་ཀྱི་ཆུ་ཚད་མུ་མཐུད་མཐོ་རུ་གཏོང་ཆེད། ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་འབྲེལ་ཡོད་ཀྱི་བླང་བྱ་གཞིར་བཟུང་། སློབ་གྲྭའི་ཟ་ཁང་གི“དྲ་སྦྲེལ་དང་ཐབ་ཚང་ཕྱི་གསལ་ནང་གསལ་ཟུང་དུ་འབྲེལ་བའི”འཛུགས་སྐྱོང་ལས་དོན་ལ་སྐུལ་འདེད་ཧུར་ཐག་བཏང་ཞིང་། ལྷ་ས་གྲོང་ཁྱེར་གྱི་སློབ་གསོ་དང་ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱི“དྲ་སྦྲེལ་དང་ཐབ་ཚང་ཕྱི་གསལ་ནང་གསལ་ཟུང་དུ་འབྲེལ་བའི”འདུ་འགོད་ལ་བརྟེན་ནས་རྫོང(ཆུས)དང་སློབ་གྲྭ་ཁག་གི་གྲངས་གཞིའི་ཐོན་ཁུངས་བསྡུ་སྒྲིལ་བྱས་ཏེ། ཕན་ཚུན་སྦྲེལ་མཐུད་དང་། གྲངས་གཞི་མཉམ་སྤྱོད། ལས་སྒོ་མཉམ་སྒྲུབ། གཅིག་གྱུར་ནུས་ཆེ་བཅས་ཡོང་བའི་མཉམ་ལས་བྱེད་སྟངས་བཏོད་ཡོད། “དྲ་ཐོག་དང་དྲ་ཕྱི་ཟུང་དུ་འབྲེལ་བའི”ཞིབ་དཔྱད་བྱེད་སྟངས་གསར་གཏོད་བྱས་ནས་ལྟ་འདོམས་སྟེགས་བུའམ་ཡང་ན་Appནང་འཛུལ་ཏེ་རྫོང(ཆུས)གི་སློབ་གྲྭའི་ཟ་ཁང་གི་གནས་ཚུལ་དང་དེ་བཞིན་ལས་སྟེགས་འཁོར་སྐྱོད་གནས་ཚུལ་ལ་ལྟ་ཞིབ་བྱེད་ཆོག་པ་དང་། དྲ་ཐོག་ནས་སྐབས་བསྟུན་འཐེན་བཤེར་བྱས་ནས་ཤེས་རྟོགས་བྱུང་བའི་གནད་དོན་ཅུང་མང་བའི་ས་ཁུལ་དང་སློབ་གྲྭར་དམིགས་འཛུགས་ཞིབ་བཤེར་བྱེད་ཆོག་པ་མ་ཟད། ས་གནས་ས་ཐོག་ཏུ་དག་ཐེར་དོན་འཁྱོལ་བྱས་ཚུལ་དང་དངོས་སུ་བཀོལ་སྤྱོད་བྱས་ཚུལ་སོགས་ལ་ཞིབ་བཤེར་ཡང་བྱེད་ཆོག

        མིག་སྔར། ལྷ་ས་གྲོང་ཁྱེར་གྱི་སློབ་གྲྭའི་ཟ་ཁང་361དང་གཅིག་སྡུད་ཁ་ལག་སྡེབ་སྐྱེལ་ཚན་པ་1ཚང་མ་རིག་ནུས་ལྟ་འདོམས་ནང་བཅུག་ནས“དྲ་སྦྲེལ་དང་ཐབ་ཚང་ཕྱི་གསལ་ནང་གསལ་ཟུང་དུ་འབྲེལ་བ”ཁེབས་ཚད་100%ཟིན་པར་བྱས།

        ཚན་རིག་ཁྱབ་གདལ་གྱི་ཤེས་བྱ་སྔར་བས་ཁྱབ་གདལ་བཏང་བ།

        ཕྲུ་གུ་ཚོར་ཆུང་དུས་ནས་བཟའ་བཅའི་བདེ་འཇགས་ནི་གལ་འགངས་ཤིན་ཏུ་ཆེན་པོ་ཡིན་པ་ཤེས་སུ་འཇུག་ཆེད། བོད་རང་སྐྱོང་ལྗོངས་ཚོད་ལྟའི་བུ་བཅོལ་ཁང་གིས་བྱིས་པའི་བདེ་ཐང་སློབ་གསོ་སྤེལ་རིང་། བརྙན་ཐུང་དང་། འགུལ་རིས་པར་གཞི། པར་རིས། བཟའ་བཅའ་སོགས་ཀྱི་ཐབས་ལམ་སྣ་ཚོགས་ལ་བརྟེན་ནས་ཕྲུ་གུར་བཟའ་བཅའི་བདེ་འཇགས་ཤེས་བྱ་འགྲེལ་བཤད་བརྒྱབ་སྟེ། གད་སྙིགས་བཟའ་བཅའ་ནི་གཟུགས་པོར་གནོད་འཚེ་བཟོ་མཁན་གཙོ་བོ་ཡིན་པ་སྔ་ཙམ་ཤེས་སུ་བཅུག

        སློབ་གྲྭར་བཟའ་བཅའི་བདེ་འཇགས་དང་འཚོ་བཅུད་བདེ་ཐང་གི་མཛུབ་ཁྲིད་དང་། སློབ་མར་ཟས་རྐྱེན་ལས་བྱུང་བའི་ནད་རིགས་སྔོན་འགོག་དང་བཟའ་བཅའ་དོ་སྙོམས་ཡོང་བའི་ཤེས་བྱ་ཁྱབ་གདལ་གཏོང་བ། ཆ་རྐྱེན་འཛོམས་པའི་སློབ་གྲྭར་འཚོ་བཅུད་མཛུབ་སྟོན་མཁན་བཀོད་སྒྲིག་བྱས་ནས། ཆེད་ལས་པའི་ནུས་པ་འདོན་རྒྱུར་ལྕག་སྐུལ་དང་མཛུབ་ཁྲིད་བྱ་ཆེད། སློབ་མའི་ལོ་ཚོད་དང་འཚར་ལོངས་ཀྱི་ཁྱད་ཆོས་ལ་གཞིགས་ནས་དོ་སྙོམས་པའི་འཚོ་བཅུད་ཟས་རིགས་མཁོ་འདོན་བྱས་ཡོད། སློབ་མའི་བཟའ་བཅར་སྣུམ་དང་། ཚྭ། མངར་ཆ་བཅས་གསུམ་ཉུང་དུ་གཏོང་བའི་གྲོས་འགོ་བཏོན་ནས་ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས“བཟའ་བཅའི་བདེ་འཇགས་ཤེས་བྱའི་དྲིལ་བསྒྲགས་སློབ་གསོ་སློབ་གྲྭར་སྤེལ་བའི”བྱེད་སྒོ་ཧུར་ཐག་སྤེལ་བ་དེས་སློབ་གྲྭའི་བཟའ་བཅའི་བདེ་འཇགས་དོ་དམ་གྱི་ཆུ་ཚད་མཐོ་རུ་ཕྱིན་པ་མ་ཟད། བཟའ་བཅའི་བདེ་འཇགས་ལ་འཛིན་པའི་སློབ་མའི་ངོས་འཛིན་ཡང་ཟབ་ཏུ་ཕྱིན།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།